Video Overview
Choden from Trongsa District sings “The Auspicious Valley” (Lungpa Trashi Yangchak) at the Karma Studio in Thimphu, during the symposium organized by the Royal Academy for Performing Arts in 2016. The song “The Auspicious Valley” talks about a self-manifested gold statue that emerged from dry sand at the top of mountain Lungpa Trashi Yangchak, a self-manifested turquoise statue from the slope of that mountain, and a self-manifested silver statue from the interior of that mountain. These sacred objects, the song says, are important for the universe, and are offered at an altar for the benefit of all sentient beings.
གནམ་ལོ་༢༠༡༦ལུ་ རྒྱལ་གཞུང་འཆམ་དང་ཟློས་གར་གྱི་ མཁས་པའི་ཞལ་འཛོམས་འགོ་འདྲེན་འཐབ་པའི་སྐབས་ ཐིམ་ཕུ་ ཀརྨ་གློག་བརྙན་ཁང་ནང་ལུ་ ཀྲོང་གསར་ལས་ ཆོས་སྒྲོན་གྱིས་ གླུ་གཞས་ ལུང་པ་བཀྲིས་གཡང་ཆགས་ཟེར་མི་འདི་འཐེན་དོ་ཡོདཔ་ཨིན། གླུ་གཞས་འདི་གིས་ ལུང་པ་བཀྲ་ཤིས་གངས་ཆེན་རྩེ་ལུ་ བྱེ་མའི་ནང་ལས་ གསེར་སྐུ་རང་བྱོན་དང་ གངས་ཆེན་གྱི་སྐེད་པ་ལས་ གཡུ་དང་བྱུ་རུ་གིས་སྐུ་རང་བྱོན་ དེ་ལས་ གངསཆེན་གྱི་རྩ་བ་ལས་ དུང་སྐུ་རང་བྱོན་སྦེ་ འབྱུང་བའི་སྐོར་ལས་བཤད་དོ་ཡོདཔ་ཨིན། གླུ་གཞས་ཀྱི་ཚིག་ནང་ལུ་ རྩ་ཆེ་བའི་རྒྱུ་འདི་ཚུ་ འཛམ་གླིང་ནང་ལུ་ཁག་ཆེ་བའི་ཅ་ཆས་དང་ འདི་ཚུ་ འགྲོ་བ་སེམས་ཅན་ཚུ་གིས་དོན་ལུ་ མཆོད་བཤམ་ནང་ལུ་བཞགཔ་ཨིན་ཟེར་ཨིན་མས།
- ཆོས་སྒྲོན་ Chodenལུང་གོ་(པ་)བཀྲ་ཤིས་གཡང་ཆགས་རྩེ་མོ་རུ་ལ།
- ཆོས་སྒྲོན་ Chodenགསེར་དང་བྱེ་མ་ཆ་དེ་(ཆ་སྟེ་)ཡ་ལ་འབོ་གང་།
- ཆོས་སྒྲོན་ Chodenབྱེ་མོ་(བྱེ་མ་)རྣམས་སུ་ཕར་ཤེ་ཚུར་ཤེ་ན་(ཕར་སེལ་ཚུར་སེལ་ནས་)ལ།
- ཆོས་སྒྲོན་ Chodenདེ་གི་ནང་དུ་གསེར་སྐུ་ཡ་ལ་རང་བྱུང་། །
- ཆོས་སྒྲོན་ Chodenདེ་ཡང་མཆོད་བཤམ་ཁྲ་མོའི་སྟེང་དུ་ཕུལ་ལ།
- ཆོས་སྒྲོན་ Chodenའཇིག་རྟེན་རང་སར་སྒོམ་པའི་ཡ་ལ་གཙོ་ལྷ།
- ཆོས་སྒྲོན་ Chodenལུང་གོ་(ལུང་པ་)བཀྲ་ཤིས་གཡང་ཆགས་སྐེད་པ་རུ་ལ།
- ཆོས་སྒྲོན་ Chodenགཡུ་དང་བྱུ་རུ་ཆ་དེ་(ཆ་སྟེ་)ཡ་ལ་འབོ་གང་།
- ཆོས་སྒྲོན་ Chodenབྱུ་རུ་རྣམས་སུ་ཕར་ཤེ་ཚུར་ཤེ་ན་(ཕར་སེལ་ཚུར་སེལ་ནས་)ལ།
- ཆོས་སྒྲོན་ Chodenདེ་གི་ནང་དུ་གཡུ་ཅུང་ཡ་ལ་འབྲུག་དཀར།
- ཆོས་སྒྲོན་ Chodenདེ་ཡང་མཆོད་བཤམ་ཁྲ་མོའི་སྟེང་དུ་ཕུལ་ལ།
- ཆོས་སྒྲོན་ Chodenའཇིག་རྟེན་རང་སར་སྒོམ་པའི་ཡ་ལ་གཙོ་ལྷ།
- ཆོས་སྒྲོན་ Chodenལུང་གོ་(ལུང་པ་)བཀྲ་ཤིས་གཡང་ཆགས་རྩ་བ་རུ་ལ།
- ཆོས་སྒྲོན་ Chodenདངུལ་དང་བྱེ་མ་ཆ་དེ་(ཆ་སྟེ་)ཡ་ལ་འབོ་གང་།
- ཆོས་སྒྲོན་ Chodenབྱེ་མ་རྣམས་སུ་ཕར་ཤེ་ཚུར་ཤེ་ན་(ཕར་སེལ་ཚུར་སེལ་ནས་)ལ།
- ཆོས་སྒྲོན་ Chodenདེ་གི་ནང་དུ་དངུལ་སྐུ་ཡ་ལ་རང་བྱུང་།
- ཆོས་སྒྲོན་ Chodenདེ་ཡང་མཆོད་བཤམ་ཁྲ་མོའི་སྟེང་དུ་ཕུལ་ལ།
- ཆོས་སྒྲོན་ Chodenའཇིག་རྟེན་རང་སར་སྒོམ་པའི་ཡ་ལ་གཙོ་ལྷ། །།