Skip to main content Skip to search
26 Jun 2018
4 min 2 sec
Video Overview
Creators: 
Duptho, Sonam Chophel

Rinchen Dema from Joenkhar village sings “Trashi Lungpi,” a traditional song that is very popular in Sakteng and Merak. This song is mostly sung at the conclusion of celebrations, festivals and cultural events as a farewell song. Usually everyone at the gathering sings together and dances to this song. This traditional song expresses good wishes for everyone. In particular, the lyrics express wishes for peace, harmony, prosperity, longevity and the hope to meet again in a near future.

༉  བཀྲ་ཤིས་སྒང་རྫོང་ཁག་ སག་སྟེང་རྒེད་འོག་ གཡུས་ཇོན་ཁར་ལས་ཨིན་མི་ རིན་ཆེན་སྒྲོལ་མ་གིས་ གླུ་གཞས་བཀྲ་ཤིས་ལུང་པའི་ཕུ་ལ་དགའ་བ་ལ་ཟེར་མི་འདི་ འཐེནམ་ཨིནམ་ད་ མ་གཞི་འབྲུག་པའི་བཀྲ་ཤིས་ལྷམ་པ་གསུམ་དེ་རེ་འདུག་ ཨིན་རུང་ མེ་རག་སག་སྟེང་འབྲོག་པ་ལུང་པའི་བཀྲ་ཤིས་ཀྱི་གླུ་གཞས་ བཀྲ་ཤིས་ལུང་པའི་ཕུ་ལ་དགའ་བ་ལ་ཟེར་ འཐེན་མི་དེ་ གླུ་གཞས་འདི་ མེ་རག་སག་སྟེང་རྒེད་འོག་གཉིས་ཆ་ར་ནང་ ཡོངས་གྲགས་སྦེ་ཡོདཔ་ཨིན་མས། ད་ལྟོ་ཚུན་ཚོད་ཀྱི་རིང་ སྒྲ་པར་དང་ཡིག་ཐོག་ལ་སོགས་པ་བཟུང་བཟུངམ་དང་ཕབ་ཕབ་མེདཔ་ད་ གླུ་གཞས་འདི་ ཧེ་མ་ལས་ར་ དགའ་སྟོན་དང་དུས་སྟོན་ལ་སོགས་པ་ཚུ་ནང་ འཐེན་དོ་ཡོདཔ་ཨིན་མས། བཀྲ་ཤིས་ཀྱི་གླུ་གཞས་འདི་ རིན་ཆེན་སྒྲོལ་མ་གིས་བཤད་དོ་བཟུམ་སྦེ་ར་ ཚིག་མ་འདྲཝ་ གདངས་དབྱངས་མ་འདྲཝ་ ལེ་ཤ་འཐེན་སྲོལ་འདུག

Transcript search
No results found for this search
0 of 0
  • རིན་ཆེན་སྒྲོལ་མ་
    Rinchen Dolma: ངེའི་གླུ་གཞས་འདི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ར་འབྲོག་པའི་བཀྲིས་ ཏེ་མ་གཞི་བཀྲིས་ འབྲུག་པའི་བཀྲིས་ལུ་ཡང་ ལྷམ་པ་མ་འདྲཝ་གསུམ་དེ་ཅིག་འདུག་ ཨིན་རུང་ང་བཅས་མེ་རག་སག་སྟེང་ འབྲོག་པ་ཟེར་སླབ་མི་གི་བཀྲིས་ བཀྲིས་ལུང་པའི་ཕུག་ལ་དགའ་བ་ལ་ སླབ་མི་ཞུ་ནི་ ཟེར་ཞུ་ནི་ཨིན།
  • རིན་ཆེན་སྒྲོལ་མ་
    Rinchen Dolma: བཀྲིས་ལུང་པའི་ཕུག་ལ་དགའ་བ་ལ་། །གསེར་གྱི་ལྷ་ཁང་བཞེངས་ཡོད་ལ་སྐྱིད་པ་ལ། །གསེར་གྱི་ལྷ་ཁང་བཞེངས་ཡོད་སྐྱིད་པ་ལ། །གསེར་གྱི་ལྷ་ཁང་ནང་དུ་དགའ་བ་ལ། །བླ་མ་བཟང་པོ་བཞུགས་ཡོད་ལ་སྐྱིད་པ་ལ། །བླ་མ་བཟང་པོ་བཞུགས་ཡོད་སྐྱིད་པ་ལ། །
  • རིན་ཆེན་སྒྲོལ་མ་
    Rinchen Dolma: བླ་མ་བཟང་པོའི་དྲུང་དུ་དགའ་བ་ལ། །ལྕོག་ཙེ་པདྨ་འདབ་བརྒྱད་སྐྱིད་པ་ལ། །ལྕོག་ཙེ་པདྨ་འདབ་བརྒྱད་སྐྱིད་པ་ལ། །ལྕོག་ཙེ་པདྨའི་རྩེ་ལུ་དགའ་བ་ལ། །[ཀར་མ་ནག་གི་གཡུ་འབྲུམ་ལ་སྐྱིད་པ་ལ། །ཀར་མ་ནག་གི་གཡུ་འབྲུམ་སྐྱིད་པ་ལ། །?]
  • རིན་ཆེན་སྒྲོལ་མ་
    Rinchen Dolma: ཀར་མ་ནག་གི་རྩེ་ལུ་དགའ་བ་ལ། །ཚེ་དབང་བུམ་པ་བཞག་ཡོད་ལ་སྐྱིད་པ་ལ། །ཚེ་དབང་བུམ་པ་བཞག་ཡོད་སྐྱིད་པ་ལ། །བུམ་པའི་ནང་གཟུངས་འདི་ན་དགའ་བ་ལ། །རྒྱ་ཡི་དྲི་བཟང་དམར་མོ་ལ་སྐྱིད་པ་ལ། །རྒྱ་ཡི་དྲི་བཟང་དམར་མོ་སྐྱིད་པ་ལ། །
  • རིན་ཆེན་སྒྲོལ་མ་
    Rinchen Dolma: བུམ་པའི་ན་བཟའ་འདི་ན་དགའ་བ་ལ། །རྒྱ་ཡི་དར་སྣ་གོས་ཆེན་ལ་སྐྱིད་པ་ལ། །རྒྱ་ཡི་དར་སྣ་གོས་ཆེན་སྐྱིད་པ་ལ། །བུམ་པའི་ཁར་རྒྱན་འདི་ལ་དགའ་བ་ལ། །རྒྱ་ཡི་རྨ་བྱ་མདོངས་སྒྲོ་སྐྱིད་པ་ལ། །རྒྱ་ཡི་རྨ་བྱ་མདོངས་སྒྲོ་སྐྱིད་པ་ལ། །
  • རིན་ཆེན་སྒྲོལ་མ་
    Rinchen Dolma: བླ་མའི་གསུང་སྐད་འདི་ནང་དགའ་བ་ལ། །སངས་རྒྱས་ས་ལམ་འཕྲོད་པ་སྐྱིད་པ་ལ། །སངས་རྒྱས་ས་ལམ་འཕྲོད་པ་སྐྱིད་པ་ལ། །རང་དང་འཆམ་རེ་འཆམ་ཚེ་དགའ་བ་ལ། །ཁྲུས་ཆུ་བཞེས་པར་འབྱོན་ཤོག་སྐྱིད་པ་ལ། །ཁྲུས་ཆུ་བཞེས་པར་འབྱོན་ཤོག་སྐྱིད་པ་ལ། །ཁྲུས་ཆུ་བཞེས་པར་འབྱོན་ཤོག་སྐྱིད་པ་ལ། །
  • རིན་ཆེན་སྒྲོལ་མ་
    Rinchen Dolma: ལགས་སོ་ལགས།། །།