Skip to main content Skip to search
20 Jun 2018
3 min 47 sec
Video Overview
Creators: 
Karma Yezor

Tshering Denkar and her friend perform the Zhundra song Trala Ngaricha (An Auspicious Mountain). The lyrics express gratification for visiting various sacred places, including Choekhor in Lhasa, the residence of Shakyamuni Buddha, Lhodra Karchu, the residence of Namkhai Nyingpo, and the sacred place of Sanga Choling in Talo, the residence of Zhabdrung Ngawang Namgyal. In addition to the gratitude for having visited those places, the lyrics express gratitude for the chance to meet spiritual masters at each site.

གླུ་གཞས་བཀྲ་ལ་ཤིས་པའི་ལ་མོ་འདི་ འབྲུག་གི་གླུ་གཞས་ཀྱི་དབྱེ་ཁག་ལས་ གཞུང་སྒྲའི་གྲངས་སུ་ཚུདཔ་ཨིནམ་ད་ གླུ་གཞས་འདི་ ཚེ་རིང་སྒྲོལ་དཀར་དང་ ཆ་རོགས་ཚུ་གིས་སྦེ་འཐེནམ་ཨིནམ་ད་ གླུ་གཞས་འདི་ སྤུན་ན་ཁ་རྫོང་ཁག་ རྟ་ལོག་ལས་ དར་ཁྱབ་བྱུང་བྱུངམ་ཅིག་ཨིནམ་ད་ ཁོང་རའི་ ལུང་ཕྱོགས་ཀྱི་ཚེས་བཅུའི་སྐབས་ རྐྱབ་སྲོལ་ཡོད་པའི་ ཡོངས་གྲགས་ཅན་ཅིག་མས། བརྩམས་པ་པོ་གིས་ སངས་རྒྱས་ཤཱཀྱ་མུ་ཎེའི་གདན་ས་  རྩ་རི་གནས་དང་ བླ་མ་ནམ་མཁའི་སྙིང་པའི་གདན་ས་ ལྷོ་བྲག་མཁར་ཆུ་ འདི་ལས་ ཞབས་དྲུང་ངག་དབང་རྣམ་གྱི་གདན་ས་ རྟ་ལོག་གསང་སྔགས་ཆོས་གླིང་གི་གནས་ཆེན་ཚུ་ མཇལ་ཚུགས་མི་ལུ་ དགའ་ཚོར་དང་ ངལ་རངས་བསྐྱེདཔ་མ་ཚད་ གནས་ཆེན་འདི་ཚུ་ནང་བཞུགས་མི་ བླམ་འདི་ཚུ་དང་ མཇལ་ཚུགས་མི་འདི་ བྱིན་རླབས་ཅན་དང་ སྐལ་བ་བཟང་ཡི་ཟེར་མས། 

Transcript search
No results found for this search
0 of 0
  • སྒྲོལ་དཀར་དང་ཆ་རོགས་
    བཀྲ་ལ་ཤིས་པའི་ལ་མོ་འདི་ལ་བརྒལ་སོང་། །གཡང་ལ་ཆགས་པའི་ལབ་རྩ་འདི་ལ་མཇལ་ཤོག(སོང་)། །གཡང་ལ་ཆགས་པའི་ལབ་རྩ་འདི་ལ་མཇལ། །
  • སྒྲོལ་དཀར་དང་ཆ་རོགས་
    ཆོས་འཁོར་ལྷ་ས་བསྐོར་ཉམས་ལས་སྤྲོ་སོང་། །ཤཱཀྱ་མ་ཎི་མཇལ་བ་ལས་ལྷགས་སོང་། །ཤཱཀྱ་མ་ཎི་མཇལ་བ་ལས་ལྷགས། །
  • སྒྲོལ་དཀར་དང་ཆ་རོགས་
    ཕྲ་ཅུང་མིག་གིས་ལྟད་མོ་ལས་མཐོང་སོང་(མཐོང་ཚེ)། །
  • སྒྲོལ་དཀར་དང་ཆ་རོགས་
    ལྷོ་བྲག་དཀར་ཅུང་བསྐོར་ཉམས་ལས་སྤྲོ་ས(སོང་)། །ནམ་མཁའི་སྙིངཔོ་དང་མཇལ་བ་ལས་ལྷགས་སོང་། །ནམ་མཁའི་སྙིངཔོ་དང་མཇལ་བ་ལས་ལྷགས། །
  • སྒྲོལ་དཀར་དང་ཆ་རོགས་
    གསང་སྔགས་ཆོས་གླིང་བསྐོར་ཉམས་ལས་སྤྲོ་ས(སོང་)། །ངག་དབང་རྣམ་རྒྱལ་མཇལ་བ་ལས་ལྷགས་སོང་། །ངག་དབང་རྣམ་རྒྱལ་མཇལ་བ་ལས་ལྷགས། །
  • སྒྲོལ་དཀར་དང་ཆ་རོགས་
    ཕྲ་ཅུང་མིག་གིས་ལྟད་མོ་ལས་མཐོང་ས(མཐོང་ཚེ)། །ཟ་མ་(ཟ་མོ་)ལུས་སེམས་སྒྲིབ་པ་ལས་དག་སོང་། །ཟ་མ་(ཟ་མོ་)ལུས་སེམས་སྒྲིབ་པ་ལས་དག། །།