Video Overview
འཇིགས་མེད་ནོར་བུ་གིས་འཐེན་མི་ བོད་སྒྲའི་གླུ་གཞས་ བཀྲིས་ལ་མོ་འདི་ཟེར་འདི་ནང་ ང་བཅས་རའི་ འཇིག་རྟེན་གྱི་འདོད་པ་ཚུ་སྤང་ཞིནམ་ལས་ དམ་པའི་ཆོས་ལུ་བརྩོན་ཏེ་ བཀྲིན་དགའ་ཚོར་ བྱམས་སྙིང་རྗེ་དང་ དགའ་བ་ཚུ་བསྒོམ་དགོ་ཟེར་མས།
- Galingkhar
- འཇིགས་མེད་ནོར་བུ་ལ་འདི་བཀྲ་ཤིས་ལ་མོ་ཡ་ལ་ལ་གཞོལ་ནང་ལ། །
- འཇིགས་མེད་ནོར་བུ་ཤིང་ལ་འཁྲུངས་པ་ཨ་རུ་ལ་བ་རུ་འཁྲུངས། །
- འཇིགས་མེད་ནོར་བུ་འདི་ལ་འཁོར་བ་གསེར་བྱ་ཡ་ལ་ཟུང་གཅིག་འཁོར་ལ། །
- འཇིགས་མེད་ནོར་བུ་གསེར་བྱ་རང་ཡང་མི་སྡོད་ལ་འཕུར་འགྲོ་གེ །
- འཇིགས་མེད་ནོར་བུ་ཡར་ཡར་ཆོས་འཁོར་ལྷ་ས་ཡ་ལ་འཕུར་འགྲོ་གེ་ལ། །
- འཇིགས་མེད་ནོར་བུ་བླ་མ་ཤཱཀྱ་མུ་ཎེ་ལ་མཇལ་འགྲོ་གེ །
- འཇིགས་མེད་ནོར་བུ་བླ་མ་ཤཱཀྱ་མུ་ཎེ་ལ་མཇལ་འགྲོ་གེ །
- འཇིགས་མེད་ནོར་བུ་ཡབ་ཆེན་ཨ་པའི་ལས་སྒྲིབ་ཡ་ལ་འདི་གིས་དག་ལ། །
- འཇིགས་མེད་ནོར་བུ་གསེར་བྱ་རང་ཡང་བསམ་པ་ལ་འདི་གིས་རྫོགས། །
- འཇིགས་མེད་ནོར་བུ་ལ་འདི་ཚེ་རིང་ལ་མོ་ཡ་ལ་ལ་གཞོལ་ནང་ལ། །
- འཇིགས་མེད་ནོར་བུ་ཤིང་ལ་འཁྲུངས་པ་བ་ལུ་ལ་སུ་ལུ་འཁྲུངས། །
- འཇིགས་མེད་ནོར་བུ་འདི་ལ་འཁོར་བ་དངུལ་བྱ་ཡ་ལ་ཟུང་གཅིག་འཁོར་ལ། །
- འཇིགས་མེད་ནོར་བུ་དངུལ་བྱ་རང་ཡང་མི་སྡོད་ལ་འཕུར་འགྲོ་གེ །
- འཇིགས་མེད་ནོར་བུ་ཡར་ཡར་ལྷོ་བྲག་མཁར་ཆུ་ཡ་ལ་འཕུར་འགྲོ་གེ་ལ། །
- འཇིགས་མེད་ནོར་བུ་དངུལ་བྱ་རང་ཡང་བསམ་པ་ལ་འདི་གིས་རྫོགས། །
- འཇིགས་མེད་ནོར་བུ་ལགས་སོ།། །།