Video Overview
Praises of the special sites in Golok Prefecture including Amnyé Machen and the Gray Lake (Tso Kyareng) and Blue Lake (Tso Ngoreng).
འདི་ལས་མགོ་ལོག་ཡུལ་གྱི་གནས་ཆེན་པོ་རྨ་ཆེན་སྦོམ་ར་དང་མཚོ་སྐྱ་རེངས་སྔོ་རེངས།གླིང་སྒྲུང་།ཆོས་རྒྱུད་སོ་སོའི་དཔལ་ཡོན་ལ་བསྟོད་བསྔགས་བྱས་ཡོད།
སྐོར་བྲོའི་གཞས་དབྱངས་འདི་ལས་མགོ་ལོག་ཡུལ་གྱི་གནས་ཆེན་པོ་རྨ་ཆེན་སྦོམ་ར་དང་མཚོ་སྐྱ་རེངས་སྔོ་རེངས།གླིང་སྒྲུང་།ཆོས་རྒྱུད་སོ་སོའི་དཔལ་ཡོན་ལ་བསྟོད་བསྔགས་དང་བཀྲ་ཤིས་ཁ་གཡང་གནང་ཡོད།གཞས་ཚིག་གི་ཚན་པ་སོ་སོ་ནི།སྐལ་བ་ཆགས་ཀི་ཡར་སྔོན་ལ།།སྲིད་པའི་རྨ་གཉན་སྦོམ་ར་འདི།།ལྷ་མི་གཉིས་ཀྱི་རྟེན་དུ་འཁྲུངས།།བསོད་ནམས་ཞིང་གི་མགོན་དུ་བཞུགས།།རྨ་གཡང་ཕྱུག་མོའི་སྟོད་རྒྱུད་ན།།སྐྱ་རེངས་སྔོ་རེངས་རླབས་ཕྲེང་ལས།།རྨ་ཆུ་ལི་མའི་བཞུར་རྒྱུན་རིང་།།ས་གཞི་བརླན་གྱིས་བཟུང་ནས་ཡོད།།ལྕགས་མོ་འབུམ་པ་ཁག་གསུམ་ན།།ཨ་ལ་ཐ་ལའི་དྲུག་འགྱུར་སྙན།།དཔའ་བོའི་གད་རྒྱངས་ལྡིར་སེ་ལྡིར།།གསར་རྙིང་ཆོས་རྒྱུད་ལྷང་ངེ་ལྷང་།།སྦྲ་ནག་གཡང་སྡེ་ཕྱུག་མོ་ན།།རྟ་ནོར་གཡང་གི་འཕེལ་ཁ་དར།།ཤེས་རིག་མཚོ་མོ་རང་འཁྱིལ་ཡིན།།ཕྱུག་འགྱུར་ལམ་བུ་རང་འགྲིག་ཡིན།།རྨ་ཡུལ་གཡང་གི་ར་བ་ན།།རི་ཆུ་ནགས་གསུམ་ས་ཡི་རྒྱན།།སྣོད་བཅུད་གཉིས་ཀྱི་རྟེན་འབྲེལ་འགྲིག
赞颂了果洛地区的阿尼玛卿雪山和措嘉热湖、措昂热湖,以及格萨尔史诗和各宗派在内的自然与人文遗产。
赞颂了果洛地区的阿尼玛卿雪山和措嘉热湖、措昂热湖,以及格萨尔史诗和各宗派在内的自然与人文遗产。歌词:世间形成前,玛卿崩热神,人神共所依,是为福泽主,玛域之上游,嘉热昂热湖,黄河万里流,大地尽灌溉,嘉木三部族,阿拉塔拉妙,勇士笑声响,新旧佛法盛,黑色帐篷处,牛肥马也壮,知识湖水旺,富强道路开,玛域福泽地,山水森林妙,情器善缘合。
- Machen