Video Overview
Lhamo from Radhi Gewog, Tashigang, sings an old boedra song entitled Tashi Laso Lungpai Phu (The Auspicious Highland of a Valley). It is an auspicious song about the construction of a stupa on a highland by the renowned master, Guru Rinpoche. The lyrics say that the stupa was designed by the carpenter Zow Bishwa Karma, and was blessed by Manjushree; its relics were inserted by Dakini Yeshi Tsogyal. Through the construction of the stupa, the composer dedicates it to all of the great and renowned saints and masters. The song is performed at auspicious celebrations, occasions and gatherings. The composer and origin of the song are unknown.
བཀྲིས་སྒང་རྫོང་ཁག རདྷི་རྒེད་འོག་ལས་འབད་མི་ ལྷ་མོ་གི་བོད་སྒྲ་རྙིང་ཤོས་ བཀྲ་ཤིས་ལགས་སོ་ལུང་པའི་ཕུ་ ཟེར་མི་འདི་འཐེནམ ཨིན་མས། ཞབས་ཁྲ་འདི་བཀྲ་ཤིས་པའི་གླུ་གཅིག་ཨིནམ་ལས་ གུ་རུ་རིན་པོ་ཆེ་མཆོག་གི་ བཞེངས་བའི་མཆོད་རྟེན་སྐོར་ལས་བཤདཔ་ ཨིན་མས། གླུ་གཞསའི་ཚིག་འདི་ནང་ མཆོད་རྟེན་གི་བཟོ་བཀོད་འདི་ མིང་གཏམ་ཅན་གི་བཟོཝ་ ཝ་ལིང་པ་གི་བཟོ་གནངམ་ ཨིནམ་དང་འཇམ་དཔལ་དབྱངས་ཀྱི་ཡང་ བྱིན་གྱིས་བརླབ་གནང་ནུག། དེ་ལས་ནང་རྟེན་འདི་ཚུ་འདི་ མཁའ་འགྲོ་ཡེ་ཤེས་ཚོས་རྒྱལ་གི་ བཙུགས་གནང་ནུག། མཆོད་རྟེན་འདི་བཞེངས་བའི་སྐབས་ རྩམ་པ་པོ་གི་གླུ་འདི་ བླམ་དང་སློབ་དཔོན་ཆེད་དུ་ ཕུལ་ནུག། ཞབས་ཁྲ་འདི་ བཀྲ་ཤིས་པའི་ཞབས་ཁྲ་ ཨིནམ་ལས དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས
- Kadam
- Radhi
- Trashigang
- ལྷ་མོ་ Lhamoབཀྲིས་ལ་སོགས་ལུང་པའི་ལ་ཕུ་ལ། །བཀྲིས་ལ་སོགས་ལུང་པའི་ཕུ་ལ། །སོ་ཡ་ལ། མཆོད་རྟེན་ལ་སོགས་བི་ཤྭ་ཀརྨོ། །
- ལྷ་མོ་ Lhamoམཆོད་རྟེན་ལ་སོགས་ས་སྟེང་ལ་གདན་མཁན། །ས་སྟེང་ལ་སོགས་ས་སྟེང་ལ་་་་་(མཆོད་རྟེན་ལ་སོགས་ས་སྟེང་གདན་མཁན)། །སོ་ཡ་ལ། །རྩིས་པ་ལ་སོགས་འཕགས་པ་ལ་འཇམ་(དཔལ)། །
- ལྷ་མོ་ Lhamoམཆོད་རྟེན་ལ་སོགས་ཟུར་རྡོ་ལ་བཀལ་མཁན། །མཆོད་རྟེན་ལ་སོགས་ཟུར་རྡོ་ལ་བཀལ་མཁན། །སོ་ཡ་ལ། །བཟོ་བོ་ལ་སོགས་བི་ཤྭ་ལེ་ཀརྨ། །སོ་ཡ་ལ། །བཟོ་བོ་ལ་སོགས་བི་ཤྭ་ལེ་ཀརྨ། །
- ལྷ་མོ་ Lhamoམཆོད་རྟེན་ལ་སོགས་ནང་གཟུངས་ལ་བཙུགས་མཁན། །མཆོད་རྟེན་ལ་སོགས་ནང་གཟུངས་ལ་བཙུགས་མཁན། །སོ་ཡ་ལ། །སྦྱིན་བདག་ལ་སོགས་[གསེར་གྱི་ལེ་བཟང་?]། །སོ་ཡ་ལ། སྦྱིན་བདག་ལ་སོགས་[གསེར་གྱི་ལེ་བཟང་?]། །
- ལྷ་མོ་ Lhamoམཆོད་རྟེན་ལ་སོགས་བུམ་པ་ལ་བཞེངས་མཁན། །མཆོད་རྟེན་ལ་སོགས་བུམ་པ་ལ་བཞེངས་མཁན། །སོ་ཡ་ལ། །བླ་མ་ལ་སོགས་ཨོ་རྒྱན་ལེ་གུ་རུ། །སོ་ཡ་ལ། །བླ་མ་ལ་སོགས་ཨོ་རྒྱན་ལེ་གུ་རུ། །
- ལྷ་མོ་ Lhamoམཆོད་རྟེན་ལ་སོགས་ཉི་ཟླ་ལ་བཀལ་མཁན། །མཆོད་རྟེན་ལ་སོགས་ཉི་ཟླ་ལ་བཀལ་མཁན། །སོ་ཡ་ལ། །མཁའ་འགྲོ་ལ་སོགས་ཡེ་ཤེས་ལེ་མཚོ་རྒྱལ། །སོ་ཡ་ལ། །མཁའ་འགྲོ་ལ་སོགས་ཡེ་ཤེས་ལེ་མཚོ་རྒྱལ། །
- ལྷ་མོ་ Lhamoམཆོད་རྟེན་ལ་སོགས་སྐུ་དཀར་ལ་གསོལ་མཁན། །མཆོད་རྟེན་ལ་སོགས་སྐུ་དཀར་ལ་གསོལ་མཁན། །སོ་ཡ་ལ། །སྦྱིན་བདག་ལ་སོགས་[གསེར་གྱི་ལེ་བཟང་?]། །
- ལྷ་མོ་ Lhamoམཆོད་རྟེན་ལ་སོགས་རབ་གནས་ལ་གནང་མཁན། །མཆོད་རྟེན་ལ་སོགས་རབ་གནས་ལ་གནང་མཁན། །སོ་ཡ་ལ། བླ་མ་ལ་སོགས་ཨོ་རྒྱན་ལེ་གུ་རུ། ལགས་སོ་ལགས། བཏུབ་པས་ད་མིན་འདུག་ ཨ་ཧ་ཧ་ཧ་་་་་་་།། །།