Video Overview
This song was sung by women during an auspicious day, when there was a celebratory gathering. This song is about new year, with prayers and wishes for peace, happiness, and prosperity. When the sun rises, followers bloom and wish not to have any sadness; the king is wished a long life.
གླུ་གཞས་འདི་ བེམ་སྦྱིས་ཀྱི་ཨམ་ཚུ་གིས་ འཐེན་དོ་ཡོདཔ་ཨིན་མས། གླུ་གཞས་འདི་ རྩ་ཆེ་བའིཉིམ་འདི་ཚུ་དང་ དེ་ལས་མི་ཚུ་ག་ར་གཅིག་ཁར་ འཛོོམས་པའི་སྐབས་ དེ་ལས་དགའ་སྟོན་བརྟེན་འབྲལ་སྐབས་ བརྩི་སྲུང་འབད་དོ་ ཡོདཔ་ཨིན་མས། དེ་ཡང་ ང་བཅས་རའི་མི་ཚེ་ནང་ དགའ་བ་དང་ སྐྱིད་པ་འབྱུང་ནའི་དོན་ལུ་ཨིན་མས། ཉིམ་ཤརཝ་ད་ལུ་ མེ་ཏོག་ཚུ་ཁ་རྒྱསཔ་ཨིན། དེ་འབདཝ་ལས་ ཁོང་གིས་སྨོན་ལམ་དང་ ནཝ་ཚཝ་དང་དེ་ལས་ སྡུག་བསྔལ་ཚུ་འབྱུང་ མ་བཅུག་ཟེར་བའི་ སྨོན་ལམ་དང་ དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་ སྐུ་ཚེ་རིང་བར་ཤོག་ཟེར་བའི་ སྨོན་ལམ་ཨིན་མས།
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་གནམ་ལོ་་ལ་གསར་དུ་ཚེས་པའི། །བཀྲིས་དཔལ་གྱི་ཉི་མ། །
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་ད་རེས་ཤར་བ་ལེགས་སོ། །དགའ་སྐྱིད་རྟེན་འབྲེལ་བཟང་། །
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་ད་རེས་ཤར་བ་ལེགས་སོ། །དགའ་སྐྱིད་རྟེན་འབྲེལ་བཟང་། །
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་གནམ་ལུ་ལ་ཉི་ཟླ་ཤར་ན། །ས་ལུ་མེ་ཏོག་རྒྱས་སོང་། །
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་སྐལ་བཟང་གཞོན་པ་ངེད་ཚོ། །ཞལ་རས་གོང་ལས་འཕེལ། །
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་ས་ལུ་ལོ་ཐོག་རྒྱས་པའི། །སྐལ་བཟང་ཉི་མ་ཤར། །
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་ལུས་ལ་ན་ཚ་མེད་པ། །སེམས་ལ་སྡུག་བསྔལ་མེད་པ། །
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་སྐལ་བཟང་གཞོན་པ་ངེད་ཚོ། །ཞལ་རས་གོང་ལས་འཕེལ། །
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་སྐལ་བཟང་གཞོན་པ་ངེད་ཚོ། །ཞལ་རས་གོང་ལས་འཕེལ། །
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་ཐུགས་སེམས་ལ་གནམ་ལས་མཐོ་བའི། །མི་དབང་མངའ་བདག་རྒྱལ་པོ། །
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་སྐུ་ཚེ་ཞབས་པད་བརྟན་ནས། །སྔར་ལས་དར་ཤིང་རྒྱས། །
- བོན་སྦྱིས་ཀྱི་ཨམ་སྲུ་ཚུ་སྐུ་ཚེ་ཞབས་པད་བརྟན་ནས། །སྔར་ལས་དར་ཤིང་རྒྱས། །