Skip to main content Skip to search
01 Sep 2018
4 min 6 sec
Video Overview
Creators: 
Duptho, Sonam Chophel

Sangay Chozom sings an Ausa song, similar to the Alo song she performed but with different lyrics. This song is sung when people feel alone and sad. It wishes for the spiritual master Ugyen Guru to appear from Ngayabling and to help the singer. The song is common in the Yangtse valley.

༉  བཀྲིས་གཡང་རྩེ་སྦས་གླིང་ལས་ སངས་རྒྱས་ཆོས་འཛོམས་ཀྱིས་ སྐྱོ་བའི་གླུ་གཞས་ཨ་ལོ་མི་གཏང་ཟེར་ན་འདི་འཐེན་ཏེ་ཡོདཔ་ད་ ཨིན་རུང་ ཡོངས་གྲགས་ཅན་གྱི་ཨ་ལོ་མི་གཏང་ཟེར་ན་འདི་མེན་པར་ འོག་ལས་མར་གྱི་ཚིག་ཚུ་སོ་སོ་སྦེ་ར་འཐོན་ཏེ་འདུག དེ་ཡང་ བླ་མ་ཨོ་རྒྱན་གུ་རུ། །རྔ་ཡབ་གླིང་ལས་ཐལ་དེས། །དམ་ཆོས་གསེར་གྱི་པུ་སྟི། །ང་ལ་སྲུང་འཁོར་བཞག་ཤིག །ཚོང་དཔོན་ནོར་བུ་བཟང་པོ། །མི་ཡི་ལུངམ་པ་ཐལ་དེས། །གཡུ་དང་བྱུ་རུ་མུ་ཏིག །ང་ལ་སྲུང་འཁོར་བཞག་ཤིག་ཟེར་ ཕམ་སྤུན་ཆ་དང་གཉེན་ཉེཝ་ རང་གི་དགའ་མཐུན་ལ་སོགས་པ་ཁ་འབྱལ་འགྱོ་བའི་སྐབས་ལུ་ ཕར་འགྱོ་མི་མི་དེ་ ཨོ་རྒྱན་གུ་རུ་དང་ཚོང་དཔོན་ནོར་བུ་བཟང་པོ་ལུ་དཔེ་སྦྱར་ཏེ་ ཁྱོད་ཐག་རིང་སར་འགྱོ་མི་ཨིན་ས་ཅིག་རུང་ སེམས་ཀྱི་དམ་ཚིག་མ་ཡལ་བར་བཞག་གནང་ ཟེར་བའི་དོན་ཨིན་མས།

Transcript search
No results found for this search
0 of 0
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨ་ལོ་ལ་མི་གཏང་ཟེར་ན། །ཨའེ་ད་ནི་ལས་དང་ལ་སྐྱོ་མོས་ལ་མ་ཉན། །ཨ་ལོ་མི་གཏང་ཟེརན། །ཨའེ་ད་ལས་དང་སྐྱོ་མོས་མ་བཏུབ། །
    Thought of not singing Alo Song, but fate and sorrowness compelled me to sing now.
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨའེ་བླ་མ་ཨོ་རྒྱན་གུ་རུ། །ཨའེ་ད་ནི་རྔ་ཡབ་ལ་གླིང་ལས་ཐལ་དེས། །ཨའེ་བླ་མ་ཨོ་རྒྱན་གུ་རུ། །ཨའེ་ད་རྔ་ཡབ་གླིང་ལས་ཐལ་དེས། །
    Alas! Spiritual Master Ugyen, now appear from your abot Ngyab Ling
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨའེ་དམ་ཆོས་ལ་གསེར་གྱི་པུ་སྟི། །ཨའེ་ད་ནི་ང་ལ་སྲུང་འཁོར་ལ་བཞག་ཤིག །ཨའེ་དམ་ཆོས་གསེར་གྱི་པུ་སྟི། །ཨའེ་ད་ང་ལུ་སྲུང་འཁོར་སྦེ་བཞག་གནང་། །
    And keep your golden spiritual volume to guide me.
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨའེ་ཚོང་དཔོན་ལ་ནོར་བུ་བཟང་པོ། །ཨའེ་ད་ནི་མི་ཡི་ལུངམ་པ་ལ་ཐལ་དེས། །ཨའེ་ཚོང་དཔོན་ནོར་བུ་བཟང་པོ། །ཨའེ་ད་མི་ཡི་ལུངམ་པ་ཐལ་དེས། །
    Alas! The trader Norbu Zangpo, now arise from the human village
  • སངས་རྒྱས་ཆོས་འཛོམས་ Sangay Chozom
    ཨའེ་གཡུ་དང་ལ་བྱུ་རུ་མུ་ཏིག །ཨའེ་ད་ནི་ང་ལ་ལ་སྲུང་འཁོར་ལ་བཞག་ཤིག། །།ཨའེ་གཡུ་དང་བྱུ་རུ་མི་ཏིག །ཨའེ་ད་ང་ལུ་སྲུང་འཁོར་བཞག་སྦེ་གནང་།། །།
    And now keep your turquise, coral and pearl to guide me