Video Overview
༉ ལ་ཡག་པའི་ཨའུ་ལེགས་འདི་ ཨའུ་ལེགས་ཀྱི་ཚིག་སླབ་ཞིནམ་ལས་ བརྩི་སྲུང་འབད་མི་དུས་སྟོན་ཅིག་ཨིནམ་ད་ མི་ཚུ་གིས་འབད་བ་ཅིན་ ཨའུ་ལེགས་འདི་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ ལ་ཡག་སྐྱོང་ར་གཡུས་ཚན་ནང་ ཉིན་གྲངས་གསུམ་གྱི་རིང་བཞུགས་པའི་སྐབས་ བརྩམས་གནང་ཡོདཔ་སྦེ་ཨིན་མས། ཨའུ་ལེགས་ཀྱི་ཚིག་འདི་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་བཞེངས་གནང་མི་རྫོང་གི་ལོ་རྒྱུས་བཤདཔ་ཨིནམ་ད་ ད་ལྟོའི་བར་ན་ཡང་ རང་ཟླ་ ༩ པའི་ཚེས་ ༡༥ ལུ་ དུས་སྟོན་འདི་བརྩི་སྲུང་འབད་ནི་ཡོདཔ་ཨིན་མས། དེ་ཡང་ གཙོ་བོ་ར་ གཡག་གི་འཕྲོད་བསྟེན་དང་སྲུང་སྐྱོབ་ཀྱི་དོན་ལུ་དང་ ཆརཔ་འབོལ་དྲགས་སྦེ་འབབ་སྟེ་ ལོ་ཐོག་ལེགས་ནི་དང་ བཟའ་ཚང་ནང་སྐྱིད་ཏོང་ཏོ་འོང་ཐབས་ལུ་ཨིན་མས།
- Gasa
- དམ་ཆོས། Damchoe ལགས་སོ་ལགས། ད་ང་ར་གི་ ཏེ་གཡུས་འདི་འབད་བ་ཅིན་ ཏེ་ལ་ཡག་ལས་ཨིན་ཟེར་ཞུ་ནི་ལགས། ཏེ་ང་ར་གི་མིང་འདི་འབད་བ་ཅིན་ ཏེ་དམ་ཆོས་ཟེར་སླབ་ཨིན་ལགས། ཏེ་ང་ར་གི་ལོ་ཚད་འདི་འབད་བ་ཅིན་ ཏེ་ད་ལྔ་བཅུ་ང་ལྔ་དེ་ཅིག་ཡར་སོ་ཡི་ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་ད་ང་བཅས་ལ་ཡག་གི་ ལས་རིམ་གྱི་སྐོར་ལས་ དུམ་གྲ་ཅིག་ཏེ་ན་ཞུ་བ་ཅིན། ཏེ་ད་ང་བཅས་ལ་ཡག་ལུ་ དང་པ་ར་ ལ་ཡག་གི་ཨའུ་ལེ་ཟེར་རྐྱབ་སྲོལ་ཡོད་མི་ གཅིག་ཡོདཔ་ཨིན་ལགས་དང་པ་ར། ཏེ་ད་འ་ནཱི་རྐྱབ་སྲོལ་ཡོད་མི་འདི་ ཏེ་ག་ཅི་ལས་བརྟེན་རྐྱབ་སྨོ་ཟེར་བ་ཅིན་ ཏེ་ང་བཅས་ར་གི་ཚིག་མ་བཏུབ་བཏུབ་སྦེ་བརྩམས་ ཏེ་བླམ་གོང་མ་གིས་ ཏེ་བཀའ་གནང་ འ་ནཱི་སྦེ་ཧེ་མ་ ཏེ་དུས་དང་ཕུ་ ཏེ་འ་ནཱི་སྦེ་འགོ་བཙུགས་ནུག་ ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་ཞབས་དྲུང་ བླམ་ཞབས་དྲུང་ཁོ་ར་ ཏེ་བོད་ལས་བྱོན་ཏེ་གིས་སྦེ་ ཏེ་དེ་ལས་ང་བཅས་ནཱ་ ཏེ་ཧེ་མ་ཧེ་མ་ ཏེ་བསྐལཔ་ཆགས་ཚུལ་ལས་འགོ་བཟུང་སྟེ་གིས་སྦེ་ ཏེ་བསྐལཔ་ས་ཆགས་པའི་བསྒང་ལས་ཀྱི་ ཏེ་ལོ་རྒྱུས་འདི་ཚུ་ ཏེ་འ་ནཱི་ཚུ་པུ་ར་(ག་ར་)བརྩམས་བཞག་ནུག་ ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་ད་རིས་མ་པ་ ང་བཅས་ཀྱི་ནཱ་ལ་ཡག་ལུ་ ཏེ་ལོ་ལྟར་བཞིན་དུ་ ལོ་རེ་ནང་ཚར་རེ་ ཏེ་ཟླཝ་བརྒྱད་པའི་ཚེས་བཅོ་ལྔ་ ཡང་ན་བཅོ་ལྔ་ལུ་ཕོག་འོང་ ཡང་ན་བཅུ་དྲུག་ལུ་ཕོག་འོང་ ཏེ་འ་ནཱི་ཚུ་ ཏེ་ང་བཅས་ར་ནཱ་ ཏེ་རྒེད་འོག་ནང་གི་རྒཔོ་དམངས་ཀྱི་ཨཔ་འདི་ཚུ་གིས་ ཏེ་གཟའ་སྐར་བལྟ་ཞིན་ན་སྦེ་ གཟའ་སྐར་འཕྲོད་འབྱོར་ ཏེ་ནམ་ལུ་དགའ་བས་ག ཚེས་བཅོ་ལྔ་ལུ་དགའ་བས་ག ཚེས་བཅུ་དྲུག་ལུ་དགའ་བས་ག འ་ནཱི་བལྟ་ཞིན་ན་སྦེ་ ཏེ་དེ་ལས་འགོ་བཙུགསཔ་ཨིན་ ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་འ་ནཱི་འགོ་བཙུགསཔ་ད་ དང་པ་ར་ ང་བཅས་ལ་ཡག་ལུ་ གཡུས་ཚན་འདི་མང་རབས་ཅིག་ཡོད་ ཏེ་ཡོདཔ་ད་ལུ་ ཏེ་འགོ་བཙུགས་སའི་ས་གོ་འདི་ ཏེ་གཏོང་ར་ཟེར་མི་འདི་ནང་ཨིན་ཟེར་ཞུ་ནི་ལགས། ཏེ་གཏོང་ར་ལུ་ ཏེ་འགོ་བཙུགས་དགོ་མི་འདི་ ག་ཅི་ལས་བརྟེན་ཏེ་ཨིན་ན་ཟེར་བ་ཅིན་ ཞབས་དྲུང་ཁོ་ར་ བོད་ལས་བྱོནམ་ད་ ཏེ་ནཱ་ལུ་གནསཔ་འདི་ཡང་ ཏེ་གཏོང་ར་ལུ་བཞུགས་ནུག་ ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་འ་ནཱ་ལུ་ ཏེ་དེ་ལས་གནསཔ་བཞུགས་སུ་གི་ཁྱིམ་འདི་ནང་ལུ་ ཏེ་ཁོ་ར་བྱོན་པའི་ཤུལ་བཞག་ ཁྲོ་ལུང་གསུམ་ གཡུ་ལུང་གསུམ་ ཞིང་ལུང་གསུམ་ ཏེ་འ་ནཱི་ཚུ་ཡང་ཏེ་ བླམ་ཞབས་དྲུང་ཁོ་ར་གི་འབད་ཤུལ་བཞག་བཟུམ་ཅིག་འབད་ ད་རིས་ནངས་པ་ ང་བཅས་ར་ཤུལ་བཞག་ཟེར་ སླབ་སྲོལ་ཡོདཔ་བཟུམ་ཅིག་འབད་ ཏེ་འ་ནཱི་སྦེ་གནང་ནུག་ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe འ་ནཱ་ལས་འགོ་བཙུགས་དགོ་ཟེར་ཞུ་ནི་ལགས། ཏེ་འ་ནཱ་ལས་འགོ་བཙུགས་སྦེ་ཞིན་ན་ལས་ ཏེ་ང་བཅས་ར་གི་ལ་ཡག་གི་མི་སེར་སྤྱིར་བཏང་ཡོད་རིགས་རྣམས་ ཕོ་མོ་ཏེ་ག་ཅི་ར་འབད་རུང་ ཨ་རྒས་ཨང་རྒས་ལས་འགོ་བཟུང་ ཏེ་ཨ་ལོ་བུ་ཚུ་ཅིག་ལས་ འགྱོ་ཚུགསཔ་ཅིག་ལས་འགོ་བཙུགས་ཏེ་གིས་སྦེ་ ཏེ་དེ་ཚེ་ཕྱི་རུ་འདི་ ཏེ་པུ་ར་(ག་ར་)ཨའུ་ལེགས་རྐྱབ་ས་ ཏེ་པུ་ར་ར་(ག་ར་)འགྱོ་བའི་སྲོལ་ཡོད་ཟེར་ ཏེ་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་ཨའུ་ལེགས་ཕྱི་རུ་འགོ་བཙུགས་པའི་ཉིནམ་འདི་ལུ་ ཏེ་ང་བཅས་ནཱ་ ཏེ་དེ་ལས་ ཀར་དེ་ཚུ་ ཏེ་ཁྱལ་ཟེར་ ཏེ་ཧེ་མ་ལས་ཁྱལ་ཟེར་བཀལ་བཞག་ནུག་ལགས། ཏེ་ཁྱལ་འདི་ག་ཅི་ལས་བརྟེན་ཏེ་ཨིན་ན་ཟེར་བ་ཅིན་ ཏེ་དེ་ལས་ ང་བཅས་ར་ ལ་ཡག་བོང་སྐོར་ལས་སྤྱི་དཔོན་ ཏེ་ལ་ཡག་གི་གཡུས་ཕྱོགས་ཀྱི་ ཆོས་བདག་ཚུ་འདི་གིས་ ཆོས་སྐྱོང་གསོལ་ནི་གི་ ཆང་ཕུད་བཙོ་ནི་གི་དོན་ལུ་འབད་ ཏེ་ང་བཅས་གུང་ཡོད་རིགས་རྣམས་ལས་ ཏེ་བྲེ་གསུམ་གསུམ་ གསུམ་གསུམ་རེ་ཀར་འདི་ ཡར་ཞབས་དྲུང་གི་སྐུ་པར་སྐུ་འདི་ ལྷ་ཁང་ནང་ལུ་ ཏེ་ལྷ་ཁང་གི་མིང་ཡང་ བཀྲིས་ལྷ་ཁང་ཟེར་སླབ་ཨིན།
- དམ་ཆོས། Damchoe ཏེ་འ་ནཱི་གི་རྩ་བ་ལུ་ ཏེ་དེ་ཚེ་ཉིནམ་འདི་ པུ་ར་ར་(ག་ར་)སྤུངས་ཏེ་གིས་སྦེ་ མི་སེར་དམངས་པུ་ར་(ག་ར་)ལུ་བརྡ་བསྐུལ་རྐྱབ་སྟེ་གིས་སྦེ་ ཏེ་ཁྱལ་འདི་ཡང་ ཀར་བྲེ་གསུམ་གསུམ་འདི་ འ་ནཱ་བླུགས་དགོ་ཟེར་ཞུ་ནི་ལགས། ཏེ་འ་ནཱི་ཞབས་དྲུང་སྐུ་པར་ཞུ་སྟེ་གིས་སྦེ་ར་ ཏེ་ཞབས་དྲུང་གི་སྐུ་པར་གྱི་གདོང་ཁ་ར་ ཏེ་ཕུད་འདི་ འ་ནཱ་འཇལ་དགོ་ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་དེ་ལས་ དེ་ཚེ་ཕྱི་རུ་འདི་ ཏེ་ཨའུ་ལེགས་འདི་འ་ནཱ་ལས་འགོ་བཙུགསཔ་ཨིན་ཟེར་ཞུ་ནི་ལགས། ཏེ་འགོ་འདི་མར་ ཏེ་ད་ཅི་ཞུ་དོ་བཟུམ་སྦེ་རང་ཨིན་ ཏེ་གཡུས་འདི་གཏོང་ར་ལུ་ ཏེ་ཞབས་དྲུང་ཁོ་ར་བཞུགས་སུ་གི་གནསཔ་གི་ཁྱིམ་ནང་ལས་འབད་ ཏེ་འགོ་བཙུགས་ ཏེ་འ་ནཱི་སྦེ་ ཏེ་རྐྱབ་སྲོལ་ཡོད་ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe དེ་ལས་ ཨའུ་ལེགས་འདི་ ཏེ་ད་འ་ནཱ་ལུ་ང་བཅས་སྡེ་ཚན་ ཏེ་ད་གསུམ་བཞི་ཁག་ ཏེ་འ་ནཱི་སྦེ་འཛུལ་ནི་ཡོད་ཟེར་ཞུ་ནི་ལགས། ཏེ་དེ་ལས་འ་ནཱ་ལས་འཛུལཝ་ད་ལུ་ཏེ་སྒོ་མོའི་སྒོ་བཤད་རྐྱབ་སྟེ་གིས་སྦེ་ར་ ཏེ་མཇུག་བཀྲ་ཤིས་ཀྱིས་ཕབ་ ཏེ་འགོ་འདི་སྒོ་མོའི་སྒོ་བཤད་ལས་འགོ་བཙུགས་འདི་གིས་སྦེ་ ཏེ་འ་ནཱི་རྐྱབ་སྲོལ་ཡོད་ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་དེ་ལས་ ཨའུ་ལེ་གས་འདི་རྐྱབ་ ཏེ་མཇུག་བསྡུ་ ཏེ་འ་ནཱི་འབད་ཞིན་ན་ལས་ ཏེ་དེ་ལས་ནང་གི་ཨམ་འདི་གིས་ ཏེ་ཇ་ཁ་ཆང་ཁ་ ཏེ་ཆང་འཐུང་མི་ལུ་ཆང་ ཏེ་ཇ་འཐུང་མི་ལུ་ཇ་ ཏེ་འ་ནཱི་ཚུ་མ་བཏུབ་བཏུབ་སྦེ་ དེ་ཚེ་ཕྱི་རུ་འདི་ བཅའ་སྒྲིག་མ་བཏུབ་བཏུབ་སྦེ་ ཏེ་འ་ནཱི་སྦེ་རྐྱབ་དགོ། ཏེ་དེ་ལས་ མི་ཡོད་རིགས་རྣམས་ལུ་ ཏེ་ད་ཁ་སྟོང་སྦེ་མི་བཏུབ་ཟེར་ ཏེ་ང་བཅས་ར་གི་གཡུས་ཀྱི་ལོ་གསར་ཨིན་དང་པ་ལུ། གཉིས་པ་ལུ་བླམ་ཞབས་དྲུང་གི་ བྱིན་རླབས་བཟུམ་ཅིག་ཨིན། ཏེ་གསུམ་པ་ལུ་ ང་བཅས་ར་གི་ལོ་བསྟར་བཞིན་དུ་གི་ཚེས་བཅུ་བཟུམ་ཅིག་ཨིན། ད་འ་ནཱི་ཁ་སྟོང་སྦེ་རྩ་དང་སྤུ་ལས་མི་བཏུབ་ཟེར་ཏེ་གིས་ ནང་གི་ཨམ་འདི་གི་འབད་ ཏེ་ང་བཅས་ཕོ་མོ་ག་ར་ཨིན་ཏེ་འབད་རུང་ ཁ་སྟོང་སྦེ་མི་བཏུབ་ཟེར་ ཇ་ཁ་ཆང་ཁ་སྦེ་ ཏེ་མ་བཏུབ་བཏུབ་སྦེ་ ཏེ་འ་ནཱི་སྦེ་འབད་སྲོལ་ཡོད་ ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་འ་ནཱི་ཇ་འདི་འཐུང་ ཆང་འདི་འཐུང་ ཏེ་འ་ནཱི་འབད་ཞིན་ན་ལས་ དེ་ལས་འ་ནཱ་ལུ་ ཏེ་ཁོང་ཨམ་སྲུ་དེ་ཚུ་ སྡེ་ཚན་གཅིག་སྦེ་སྡོད་འོང་ཟེར་ཞུ་ནི་ལགས། ཏེ་ང་བཅས་ ཕོ་རྒྱ་དཔའ་མཛངསཔ་དེ་ཚུ་ སྡེ་ཚན་གཅིག་སྦེ་སྡོད་ ཏེ་འ་ནཱ་ལུ་དེ་ལས་ཏེ་ ང་བཅས་ཀྱི་ ཏེ་བློ་ཟེ་གི་ཁྱད་འདི་འཕྱདཔ་ཨིན་ཟེར་ཞུ་ནི་ལགས། ཏེ་དེ་ལས་ ང་བཅས་ཕོ་རྒྱ་ཁ་ཐུག་ལས་ཚར་གཅིག་སླབ་ ཁོང་ཨམ་སྲུ་ཚུ་གིས་ཚར་གཅིག་སླབ་ ཏེ་འ་ནཱ་ལུ་བློ་ཟེ་འདི་ ཏེ་འ་ནཱ་ལུ་བསྒྱུར་དགོ་ཟེར་ཞུ་ནི་ལགས། ཏེ་རྒྱལ་ཁ་འདི་འ་ནཱ་ཕྱེ་ནི་ཡོད་ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe དེ་ལས་འ་ནཱི་བློ་ཟེ་འདི་རྫོགསཔ་ཅིག་ དེ་ལས་ཏེ་ང་བཅས་ར་གྱི་རྟེན་འབྲེལ་གྱིས་མི་བཏུབ་ཟེར་ཏེ་གིས་སྦེ་ དོ་རུང་ར་ ཞབས་ཁྲ་གཞུང་སྒྲ་ལིའུ་ཐེངས་གསུམ། བོད་སྒྲ་ལིའུ་ཐེངས་གསུམ། ཏེ་འ་ནཱི་སྦེ་ཕུལ་དགོ་ཟེར་ཞུ་ནི་ལགས། འ་ནཱི་མ་རྐྱབ་པར་ ནང་གི་ཨམ་གིས་ ཏེ་རྟེན་འབྲེལ་ཨིན་ཟེར་ཏེ་གིས་སྦེ་ ཏེ་རྩ་དང་སྤུ་ལས་གཏང་མི་བཏུབ་ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་དེ་ལས་ཁྱིམ་འ་ནཱ་ལས་མཇུག་བསྡུ་ཞིན་ན་ལས་ དེ་ལས་ཁྱིམ་ ད་ང་བཅས་ར་གུང་པ་མེདན་མ་ཤེས་ ཡོད་ཚད་ཅིགཔ་ནང་ ད་ང་བཅས་ ད་ཧེ་མ་འབད་བ་ཅིན་ ནུབམོ་གཉིས་དང་གསུམ་ལུ་ ཏེ་མཇུག་བསྡུ་ཚུགསཔ་ཨིན་ལགས། ད་ང་བཅས་ ཨ་ཙི་གུང་པ་མང་ ཏེ་ད་གཡུས་ཚན་ཨ་ཙི་རྒྱ་ཆེ་དྲག་ ཏེ་འ་ནཱི་སྦེ་འགྱོ་ཞིན་ན་ལས་ ད་ནུམ་བཞི་ཚུན་ཚོད་ ཏེ་མཇུག་བསྡུ་མི་ཚུགས་ཟེར་ཞུ་ནི་ལགས། ཏེ་ནུབམོ་བཞི་ རྐྱབ་སྲོལ་ཡོད་ ཏེ་འ་ནཱི་སྦེ་རྐྱབ་སྦེ་ཞིན་ན་ལས་ ཏེ་ད་འ་ནཱི་རྐྱབ་པའི་རྐྱབ་ཐངས་འདི་ ཏེ་དེ་ལས་ ཇ་ཁ་ཆང་ཁ་འགོར་ཐངས་འདི་ དེ་ལས་ཚིག་འདི་ཚུ་ དེ་ལས་ ང་བཅས་ར་གི་ལམ་ལུགས་སྲོལ་ འ་ནཱི་ད་ཅི་ང་གིས་ཞུ་དོ་བཟུམ་སྦེ་ར་ ཏེ་དེ་ལས་ཁྱིམ་ག་ར་ནང་འབད་རུང་ ཅོག་ར་འཐདཔ་སྦེ་ ཏེ་འ་ནཱི་སྦེ་འབད་དགོ་ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་ད་འ་ནཱ་ལས་ ཏེ་ད་ང་བཅས་ར་གི་ ད་ཨའུ་ལེགས་ཀྱི་ཚིག་ ཏེ་ཞབས་དྲུང་ཁོ་ར་གིས་བརྩམས་བརྩམས་འདི་ ཏེ་ད་དང་ཕུ་ང་བཅས་ར་གི་ཕམ་ སྔོན་གོང་ལས་ཀྱི་ཕམ་རྒན་ཤོས་ཚུ་གིས་ ཏེ་ཨ་ཙི་ཅིག་རྐྱབ་སྲོལ་ཡོད། ཏེ་དེ་ལས་ ང་བཅས་ར་གིས་སྤྲོ་བ་ལེན་ ཏེ་ང་བཅས་ཨ་ལོ་བུ་ཚུ་ཅིག་སྦེ་ གཞོན་ཆུང་ཅིག་སྦེ་སྡོད་པའི་བསྒང་ལུ་ ཏེ་སྤྲོ་བ་གཅིག་ཁར་འབད་ལེན་ ཏེ་འདྲན་འདྲ་སྦེ་རྐྱབ་ ཏེ་འ་ནཱི་སྦེ་འབད་འདི་གིས་སྦེ་ ཏེ་ད་ད་རིས་དུས་ཁར་ལྷོདཔ་དན ཏེ་ད་ང་བཅས་ཡང་རྒན་ཤོས་ཀྱི་གྲངས་བཟུམ་ཅིག་ར་ཡར་སོ་ཡི།
- དམ་ཆོས། Damchoe ཏེ་ད་འ་ནཱི་སྦེ་འབད་ཞིན་ན་ལས་ ཏེ་ད་དཔེ་ཆ་འབད་འདི་ ཏེ་ད་ཡོད་ཡང་མེད་ ཏེ་ང་བཅས་ར་གི་སེམས་ཁ་ལུ་ ཏེ་ད་ང་བཅས་ར་གོ་ཧོང་ལུ་ ཏེ་ཤེས་ཤེསཔ་མཐོང་མཐོངམ་ཅིག་ ཏེ་ད་ད་རིས་མ་པ་ ང་བཅས་ར་གི་དང་ཕུག་ ཏེ་ང་བཅས་ར་གི་ཕམ་རྒན་ཤོས་དེ་ཚུ་གིས་རྐྱབ་སྲོལ་ཡོད་མི་འདི་ ད་ང་བཅས་ར་མ་ཉམས་ཅིག་འབད་ ཏེ་ད་འ་ནཱི་ སྒོ་མོའི་སྒོ་བཤད་ལས་འགོ་བཙུགས་ཏེ་གིས་སྦེ་ ཏེ་འགོ་འདི་སྒོ་མོའི་སྒོ་བཤད་ལས་འགོ་བཙུགས་ མཇུག་འདི་བཀྲ་ཤིས་ལས་ཕབ་སྦེ་ ཏེ་ད་རིས་མ་པ་འ་ནཱི་སྦེ་ར་རྐྱབ་སྟེ་ར་ཡོད་ཟེར་ཞུ་ནི་ལགས། ཏེ་ད་འ་ནཱ་ལས་ འགོ་བཙུགས་པ་ཅིན་ ཏེ་དུམ་གྲ་ཅིག་ ང་ར་གིས་ཤེས་ཤེསཔ་མཐོང་མཐོངམ་ཅིག་ ཏེ་ད་འགོ་བཙུགས་པ་ཅིན།
- དམ་ཆོས། Damchoe ཧེ་མ་ར་ ཏེ་ཨའུ་ལེགས་རྐྱབ་མི་འདི་འོང་དོ་ཟེར་བའི་བརྡ་བསྐུལ་བཟུམ་ཅིག་ ཏེ་འབད་ནི་ཡོད་ཟེར་ཞུ་ནི་ལགས། ཏེ་འ་ནཱི་ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ ཧེ་མ་ར་ ལ་ཡག་པའི་ཨའུ་ལེགས་ཟེརཝ་ད་ ཏེ་དེ་ལས་ཕ་གི་སྡེ་ཚན་འདི་ ཏེ་ཕ་ཁྱིམ་འདི་གི་སྒོ་ཁ་ལས་འཛུལ་བའི་བསྒང་ལས་ ཁྱིམ་འདི་སྒོ་ཕྱེ་ཟེར་སླབ་ནི་གི་བརྡ་བསྐུལ་བཟུམ་ཅིག་ ད་དཔའ་མཛངསཔ་དེ་ཚུ་ ནཱ་སྒོ་ཁར་ལྷོད་ད་ཡི་ཟེར་སླབ་བཟུམ་ཅིག་གི་ཚིག་འདི་ག་དེ་སྦེ་ཨིནམ་ཟེར་བ་ཅིན། བཅའ་བཅའ་བཅའ་ཡི། །བཅའ་བཅའ་བཅའ་ཡི་ཟེར་ ཨ་ནཱི་སྦེ་ཚར་གསུམ་ སྒོ་ཁ་ལས་སླབ་དགོ་ཟེར་ཞུ་ནི་ལགས།
- དམ་ཆོས། Damchoe ཏེ་འ་ནཱི་སླབ་ཞིན་ན་ལས་ནང་གི་ཨམ་འདི་གིས་ སྒོ་ཡང་ཕྱེ་ ཨའོ་ད་འབདན་དཔའ་མཛངསཔ་དེ་ཚུ་ག་ར་ལྷོད་ཅིག་སྨ་རེད་ ཨའུ་ལེགས་རྐྱབ་མི་མཐོང་ཡི་སྨ་རེད་ ཟེར་བའི་བསྒང་ལས་ ཏེ་གནམ་མེད་ས་མེད་མི་འབད་ ཕོ་མོ་ག་ར་འབད་རུང་ ཨ་ལོ་འབད་རུང་ ཏེ་འ་ནཱི་སྦེ་ ཏེ་སྡེ་ཚན་འབད་ ཨ་ནཱི་སྦེ་ཁྱིམ་ནང་འཛུལཝ་ཨིན་ཟེར་ཞུ་ནི་ལགས། ཏེ་ད་འ་ནཱ་ལས་ ཏེ་དུམ་གྲ་ཅིག་ང་ར་གིས་ཤེས་ཤེསཔ་མཐོང་མཐོངམ་འདི་ ད་ཞབས་དྲུང་ཁོ་རའི་བརྩམས་བརྩམས་པའི་གི་ཚིག་འདི་ཚུ་ ད་ང་ར་གིས་དུམ་གྲ་ཅིག་ ཏེ་ད་ཞུ་བ་ཅིན།
- དམ་ཆོས། Damchoe སྒོ་གཅིག་འཛུལ་ཡི་འདི་ལས། །སྒོ་འདི་འཛུལ་འཛུལ་འདྲཝ་ཅིག །
- དམ་ཆོས། Damchoe འཛུལ་འཛུལ་འདྲ་རུང་འཛུལ་བར་ཤོག །ཨའུ་ལེགས་ཨའུ་ལེགས་ཨའུ་ལེགས་་་་་་་། །
- དམ་ཆོས། Damchoe ཡར་ལུ་འཛེགས་ཀྱི་སྐས་ས་གསུམ་ས་འདི། །རོགས་ལྷ་དང་དཔལ་ཀྱི་སྐས་ཨིན་མས། །
- དམ་ཆོས། Damchoe མར་ལུ་ཕོག་པའི་སྐས་ས་གསུམ་ས་འདི། །རོགས་འདྲེ་དང་འགོང་པོའི་སྐས་ཨིན་མས། །
- དམ་ཆོས། Damchoeབར་ལུ་འཛེག་པའི་སྐས་ས་གསུམ་ས་འདི། །གཞོནམ་རང་ར་འཛེག་པའི་སྐས་ཨིན་མས། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damchoe[གོང་མའི་བཀའ་ཡིན་མས་ལོ་ཕར་ཆད་ད། །?]ཡར་གསེར་གྱི་བྱིའུ་ཅུང་ཚང་ལུ་བཙུགས། །
- དམ་ཆོས། Damchoe[ང་རྟ་མེད་རྟ་མགོ་ཧྲལ་ཏེ། །?]ང་རྟ་ཕྲུག་ཚང་ལུ་འཛུལ་བར་ཤིག །
- དམ་ཆོས། Damchoe[སྐས་སའི་སྐས་ཡིན་པ་?]འཛེག་པར་ཤིག །སྒོ་ཨིན་གོ་རུ་ཡིན་པ་འཛུལ་བར་ཤིག །
- དམ་ཆོས། Damchoe འཆམ་མི་ཤེས་ཟེར་ཏེ་བཞག་ནི་མེད། །འཆམ་ཤེས་ཅི་ལན་ཅིག་འཆམ་རང་ཨིན། །ཨའུ་ལེགས་ཨའུ་ལེགས་་་་་་། །
- དམ་ཆོས། Damcho[ཨན་ཊ་གསེར་གྱི་སྒྲོལམ། །?]ཡབ་ཆེན་བཀའ་དྲིན་ཆེ་སྟེ། །
- དམ་ཆོས། Damcho[ཆགས་གེ་ཟེར་ཡང་?]མིན་འདུག །ང་བྱང་ལས་འོང་མི་སྟག་ཤར། །
- དམ་ཆོས། Damcho འཆམ་མི་ཤེས་ཟེར་ཏེ་བཞག་ནི་མེད། །འཆམ་ཤེས་ཅི་ལན་ཅིག་འཆམ་པ་ཨིན། །
- དམ་ཆོས། Damcho ཆ་བཟང་པའི་སྨོན་ལམ་བཏབ་པ་ཨིན། །འདི་ཡང་མ་ལེགས་ཟེར་ནི་མེད། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho མར་ལས་པདྨའི་འདབ་བརྒྱད་ནང་། །ཤེལ་དཀར་དྭངས་མའི་མེ་ཅིག་འཕུ། །
- དམ་ཆོས། Damcho རིང་ཐུང་མཉམ་པའི་ཤིང་ཅིག་བཙུགས། །[འདི་ལས་ཧང་སྤེལ་ཧང་ངར་བཀོད། །?]
- དམ་ཆོས། Damcho[དམ་ཚིག་ཅན་གྱི་གཟིམ་པ་བཏབ། །ནུ་གཅུང་ཅན་གྱི་གཡོ་ངོ་བཙུགས། །?]
- དམ་ཆོས། Damcho ཉིན་ཁལ་གཅིག་ཚུན་ཚོད་དྲག་དྲག་སྦེ། །ཞག་བཅོ་ལྔ་མ་འགྱོ་[དངོས་བཞག་?]འདུག །
- དམ་ཆོས། Damcho[མ་ཚེས་ཚེས་རུང་ཁལ་བརྒྱད། །ཚེས་རུང་?]ཨ་མའི་ཞལ་ཅིག་འདུག །ཨའུ་ལེགས་ཨའུ་ལེགས་་་་་་། །
- དམ་ཆོས། Damcho མེ་ཨང་གུར་ཁྱོད་ཀྱིས་ངོ་མ་ཤེས། །མེ་ཨང་གུར་ཁྱོད་ཀྱིས་ངོ་ཤེས་ན། །
- དམ་ཆོས། Damcho བོད་ལྷ་སའི་ཁྲོམ་སའི་བསྒང་ལས། །ང་ད་ཙ་འོང་མི་ཤེས་ཞིག །
- དམ་ཆོས། Damcho རྫོང་བོད་པ་བཞུགས་ཁྲི་རྐྱབ་སྟེ། །ད་ཡུམ་ཆེན་མཇལ་བ་མཐོང་ཅིག །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho མེ་ཨང་གུར་ཁྱོད་ཀྱིས་ངོ་མ་ཤེས། །མེ་ཨང་གུར་ཁྱོད་ཀྱིས་ངོ་ཤེས་ན། །
- དམ་ཆོས། Damcho བོད་ལྷ་སའི་ཁྲོམ་སའི་བསྒང་ལས། །ང་ད་ཙ་འོང་མི་ཤེས་ཞིག །
- དམ་ཆོས། Damcho[རྫོང་གྱི་རི་?]བཞུགས་ཁྲི་རྐྱབ་སྟེ། །ད་ཡབ་ཆེན་མཇལ་བ་མཐོང་ཅིག །ཨའུ་ལེགས་ཨའུ་ལེགས་་་་། །
- དམ་ཆོས། Damcho མེ་ཨང་གུར་ཁྱོད་ཀྱིས་ངོ་མ་ཤེས། །མེ་ཨང་གུར་ཁྱོད་ཀྱིས་ངོ་ཤེས་ན། །
- དམ་ཆོས། Damcho བོད་ལྷ་སའི་ཁྲོམ་སའི་བསྒང་ལས། །ང་ད་ཙ་འོང་མི་ཤེས་ཞིག །
- དམ་ཆོས། Damcho རྫོང་གླུ་གཞསཔ་བཞུགས་ཁྲི་རྐྱབ་སྟེ། །ད་སྟག་ཤར་མཇལ་བ་མཐོང་ཅིག །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho མེ་ཨང་གུར་ཁྱོད་ཀྱིས་ངོ་མ་ཤེས། །མེ་ཨང་གུར་ཁྱོད་ཀྱིས་ངོ་ཤེས་ན།
- དམ་ཆོས། Damcho བོད་ལྷ་སའི་ཁྲོམ་སའི་བསྒང་ལས། །ང་ད་ཙ་འོང་མི་ཤེས་ཞིག །
- དམ་ཆོས། Damcho གཡུ་བྱུས་རུ་བཞུགས་ཁྲི་རྐྱབ་སྟེ། །ད་སྨོན་ཆུང་མཇལ་བ་མཐོང་ཅིག །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho ཨམ་མཚོ་སྨན་ནོར་རྫི་རྒྱལ་མོ་འདི། །[བྱར་ཚད་?]རིང་གུ་འཛེག་ཚེ། །
- དམ་ཆོས། Damcho[ཆུ་དཀར་རྟ་པོ་འདྲ་ཚད། །དུས་གཏན་རྐྱང་དངས་ར་སྡོད་ཚད། །?]
- དམ་ཆོས། Damcho[རྐངམ་ལྟོ་ར་རྐ་ཆུ་འདྲ་ཚད། །དགྲ་ཁྱོད་དང་ཆུང་གཅིག་?]འདུག །ཨའུ་ལེགས་ཨའུ་ལེགས་་་་་་། །
- དམ་ཆོས། Damcho ཨམ་མཚོ་སྨན་ནོར་རྫི་རྒྱལ་མོ་འདི། །རྒྱབ་ལས་[བམ་ཆག་ཅནམ། །?]
- དམ་ཆོས། Damcho[བམ་ཆག་ཕང་མས་མ་གོ །?]གདོང་ལས་གཟི་ཁྲ་ཅནམ། །གཟི་ཁྲ་[ཕང་མས་མ་གོ །?]
- དམ་ཆོས། Damcho གཞོནམ་རོགས་ཀྱིས་བལྟ་རུང་དགའ་དགའ་འདྲ། །སྐྱིད་ཉམས་རང་གི་སེམས་ལུ་ཡོད། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho ཨམ་མཚོ་སྨན་ནོར་རྫི་རྒྱལ་མོ་འདི། །[བཟོ་སྦོམ་མའི་གཞུ་ཆུང་?]རྒྱབ་ལས་བཀལ། །
- དམ་ཆོས། Damcho[མ་སྦོམ་མིའི་གསུམ་གུང་ལས་གཟེངས། །?]གཞོནམ་རོགས་ཀྱིས་བལྟ་རུང་དགའ་དགའ་འདྲ། །སྐྱིད་ཉམས་རང་གི་སེམས་ལུ་ཡོད། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho ཨམ་མཚོ་སྨན་ནོར་རྫི་རྒྱལ་མོ་འདི། །[མ་མགུ་?]མགྱོགས་པ་བཙུགས་པའི་ཚེ། །
- དམ་ཆོས། Damcho[ཨོ་མ་ལྟོ་ཤུགས་བརྐོ་ཨིན་ཚེས། །མདའ་ཡ་ལག་པ་ཆུ་ཨིན་ཚེས། །?]
- དམ་ཆོས། Damcho གཞོནམ་རོགས་ཀྱིས་བལྟ་རུང་དགའ་དགའ་འདྲ། །སྐྱིད་ཉམས་རང་གི་སེམས་ལུ་ཡོད། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho ཨམ་མཚོ་སྨན་ནོར་རྫི་རྒྱལ་མོ་འདི། །སྐེདཔ་[ཁྱད་སྟོངམ་?]གཉིས་ཀྱི་མཚམས་ལུ། །སྐེད་རགས་མེ་ཏོག་ཅནམ་ཅིག་བཅིངས། །ལགཔ་[ཁྱད་སྟོངམ་?]གཉིས་ཀྱི་མཚམས་ལུ། །མཛུ་དཀྱི་པད་སྐོར་ཅནམ་ཅིག་བཙུགས། །གཞོནམ་རོགས་ཀྱིས་བལྟ་རུང་དགའ་དགའ་འདྲ། །སྐྱིད་ཉམས་རང་གི་སེམས་ལུ་ཡོད། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho ཨམ་མཚོ་སྨན་ནོར་རྫི་རྒྱལ་མོ་འདི། །[རྒྱ་སྤང་ལུ་ཕྱུག་པོའི་སྦོམ་ཤེས། །ཕྱིན་བཏགས་གནས་གཞི་བཀྲམ་ས། །ནོར་ནག་ནོར་འཚོ་ཡི་མ་ཤེས། །?]གཞོནམ་རོགས་ཀྱིས་བལྟ་རུང་དགའ་དགའ་འདྲ། །སྐྱིད་ཉམས་རང་གི་སེམས་ལུ་ཡོད། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho དང་ཕུ་བསྐལ་པའི་ཡར་ཚེ་ནང་། །མར་ས་ཡང་མིན་འདུག་ཧ་ར་ཧ་ར། །ཡར་གནམ་ཡང་མིན་འདུག་ཧུ་རུ་ཧུ་རུ། །སྐུ་དངོས་འཕགས་པ་འཇམ་དཔལ་དང་། །གསུང་གི་འཇམ་མོ་(རྗེ་བཙུན་)སྒྲོལ་མ་དང་། །གསེར་སྐུ་ཕྱག་ན་རྡོ་རྗེ་དང་། །སྐུ་གསུང་ནི་ཚུ་འཛོམས་པའི་[རྒྱོ་?]ཅིག་རྐྱབ། །
- དམ་ཆོས། Damchoe[རྒྱོ་ཡང་མ་རྒྱས་ཐོག་ཏུ་རྒྱས། །ཐོག་ཏུ་རྒྱས་པ་?]སྤྱན་ཆབ་ཤོར། །སྤྱན་ཆབ་གནམ་ཁ་རྒྱ་མཚོ་འཁྱིལ། །
- དམ་ཆོས། Damcho ཁྱོད་རྒྱ་མཚོ་མཁའ་ལ་རྦ་ཅིག་ཆགས། །ཉིནམ་བྱང་ལས་རླུང་ཅིག་འཕུ་སྟེ་གིས། །རྦ་ཡི་མཁའ་ལ་ས་ཅིག་བཏབ། །དེ་ལས་སྐྱེས་པའི་སོར་ཅིག་ཆགས། །
- དམ་ཆོས། Damcho དེ་ལས་སྐྱེས་པའི་སོར་གཉིས་ཆགས། །དེ་ལས་སྐྱེས་པའི་སོར་གསུམ་ཆགས། །དེ་ལས་སྐྱེས་པའི་སོར་བཞི་ཆགས། །དེ་ལས་སྐྱེས་པའི་མཐའ་མཚམས་ཆགས། །
- དམ་ཆོས། Damcho དེ་ལས་སྐྱེས་པའི་ལག་ལེ་ཆགས། །དེ་ལས་སྐྱེས་པའི་མཐོ་གང་ཆགས། །དེ་ལས་སྐྱེས་པའི་ཁྱུ་ཙམ་ཆགས། །དེ་ལས་སྐྱེས་པའི་མདའ་ཙམ་ཆགས། །དེ་ལས་[ཟམ་མེད་མཐའ་རིང་?]ཆགས། །སྐུ་ནི་ཚུ་འཛོམས་པའི་[རྒྱོ་?]ཅིག་གསུང་། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho རི་ཤར་ལས་བལྟ་ཚེ་ནུབ་ལུ་གཡོ། །ནུབ་ལས་བལྟ་ཚེ་བྱང་ལུ་གཡོ། །བྱང་ལས་བལྟ་ཚེ་ལྷོ་ལུ་གཡོ། །རི་དོན་འབྲས་རི་གི་ཡ་མཚན་ནང་། །རི་ཡ་མཚན་ཅན་གྱི་གཏིང་ཤེད་ནང། །ཤིང་རྣམ་རིགས་མ་གཅིག་སྤུན་བདུན་འཁོར། །
- དམ་ཆོས། Damcho ཤིང་རྣམ་རིགས་མ་གཅིག་སྤུན་བདུན་འདི། །[ཕོ་ཤིང་སྐེད་པ་ལྟག་པ་སྐྱེས། །མོ་ཤིང་སྐེད་པ་ན་མ་སྐྱེས། །གཡོན་བྱ་སྒྲོལ་མ་གང་རི་སྐྱེས། །རོབ་མཚོ་གཡོན་མ་སྟག་ཙི་སྐྱེས། །བ་ལུ་ཧིང་གསེས་ནང་གསེས་སྐྱེས། །མ་གཡུ་དེ་མིའི་ལས་འཕྲོ། །?]ག་དེ་འབད་རང་འཁྲུངསམ་ཨིན་ན། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho ཤིང་ཡ་མཚན་ཅན་གྱི་གཏིང་ཤེད་ནང་། །བྱ་རྣམ་རིགས་མ་གཅིག་སྤུན་བདུན་འཁོར། །བྱ་རྣམ་རིགས་མ་གཅིག་སྤུན་བདུན་འདི། །རྒྱ་ལས་རྨ་བྱ་མདོངས་སྒྲོ་འཁོར། །
- དམ་ཆོས། Damcho ལྷོ་ལས་ཁུ་བྱུག་སྔོན་མོ་འཁོར། །གདངས་ལས་ཏོང་ཏོ་བྱ་མོ་འཁོར། །བོད་ལས་ཨོ་རོག་ནག་ཅུང་འཁོར། །བོད་ལས་ཤང་ཤང་དབང་འདུས་འཁོར། །བྱ་མང་གཡུ་འདེ་མའི་ལས་འཕྲོ། །ག་དེ་སྦེ་རང་འཁོརཝ་ཨིན་ན། །ཨའུ་ལེགས་ཨའུ་ལེགས་་་་། །
- དམ་ཆོས། Damcho བྱ་ནི་ཚུ་འཛོམས་པའི་སྦུག་ལས། །བྱ་ཡི་རྒྱལ་པོ་བཏོན་དགོ་ཟེར། །རྒྱ་ལས་རྨ་བྱ་མདོངས་སྒྲོ་གིས། །བྱ་ཡི་རྒྱལ་པོ་ང་ཨིན་ཟེར། །
- དམ་ཆོས། Damcho[རྫོང་དར་སྣ་ཁྱལ་གྱི་?]བཏོནམ་ཨིན་ཟེར། །བྱ་ཡི་རྒྱལ་པོ་ང་ཨིན་ཟེར། །[བྱ་ཁྲིམས་ཁྱལ་གྱི་བྱ་ཨིན་ཟེར། །བྱ་མ་ཚང་པ་གི་བྱ་མེན་པར། །བྱ་ཚང་ཞིང་པ་གི་བྱ་ཨིན་མས། །?]ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho གདངས་ལས་ཏོང་ཏོ་བྱ་མོ་གིས། །བྱ་ཡི་རྒྱལ་པོ་ང་ཨིན་ཟེར། །བྱ་སྣ་མང་པོ་ཁ་མ་རྒོལ། །མགུ་གནམ་པ་ཁྱོད་ཀྱིས་བཟུང་པའི་ཚེ། །[བྱ་མ་ཚང་པ་གི་བྱ་མེན་པར། །བྱ་ཚང་ཞིང་པ་གི་བྱ་ཨིན་མས། །?]ཨའུ་ལེགས་ཨའུ་ལེགས་་་་། །
- དམ་ཆོས། Damcho བྱ་བོད་ཀྱི་ཨོ་རོགས་ནག་ཅུང་གིས། །བྱ་ཡི་རྒྱལ་པོ་ང་ཨིན་ཟེར། །བྱ་སྣ་ནང་པོ་ཁ་མ་རྒོལ། །བྱ་ཁྲིམས་ཁྱལ་གྱི་བྱ་ཨིན་ཟེར། །
- དམ་ཆོས། Damcho[བྱ་ཚེ་རིང་ལྷགཔ་དགོ་ཨིན་ཟེར། །བྲག་ལ་འོག་ལུ་ཆགསཔ་ཨིན་ཟེར། །ཆགས་ལྟར་ཧུ་གི་མགྱོནམ་ཨིན་ཟེར། །བྱ་མ་ཚང་པ་གི་བྱ་མེན་པར། །བྱ་ཚང་ཞིང་པ་གི་བྱ་ཨིན་མས། །?]ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho[བྱང་འགུར་བཅུ་གསུམའི་བྱ་མོ་ང་། །?]བྱ་ང་ཡང་མ་ཉལ་ལྷོ་ལུ་ལྡིང་། །ལྷོ་མུ་ཏིག་ཤིང་གི་རྩེ་མོར་ཆགས། །ཤིང་གི་རྒྱལ་པོ་མངའ་ཤིང་འཁྲུངས། །
- དམ་ཆོས། Damcho[ལྔ་པ་ཅིག་གིས་གུར་སྤུབས་པས། །དངོས་ཏོག་ཅིག་བཏགས་མཐུན་པར་ཤོག །?]མཚན་ལྡན་བླ་མའི་ཕྱག་ལུ་སྤྲོད། །ཕྱི་དགྲ་བོ་བཏུལ་བ་མི་བཏུབ་མེད། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho[བྱང་འགུར་བཅུ་གསུམའི་?]བྱ་མོ་ང་། །བྱ་ང་ཡང་མ་ཉལ་ལྷོ་ལུ་ལྡིང་། །ལྷོ་མུ་ཏིག་ཤིང་གི་རྩ་བར་ཆགས། །ཤིང་གི་རྒྱལ་པོ་གཞུ་ཤིང་སྐྱེས། །
- དམ་ཆོས། Damcho གཞུ་ཤིང་གཅིག་གི་གཙོ་བྱས་པས། །གཞུ་ཐག་གཅིག་གི་གུང་སྤུབས་པའི། །མདའ་ལྕགས་གཅིག་དང་མཐུན་པར་ཤོག །སྟག་ཤར་གཞོན་པའི་ཕྱག་ལ་སྤྲོད། །ཕྱི་དགྲ་བོ་བཏུལ་བ་མི་བཏུབ་མེད། །ཨའུ་ལེགས་ཨའུ་ལེགས་་་་་་། །
- དམ་ཆོས། Damcho[བྱང་འགུར་བཅུ་གསུམའི་?]བྱ་མོ་ང་། །བྱ་ང་ཡང་མ་ཉལ་ལྷོ་ལུ་ལྡིང་། །ལྷོ་མུ་ཏིག་ཤིང་གི་སྐེད་པར་ཆགས། །ཤིང་གི་རྒྱལ་པོ་ཕང་ཤིང་སྐྱེས། །
- དམ་ཆོས། Damcho ཕང་ཤིང་གཅིག་གིས་གཙོ་བྱས་པས། །[བོད་པ་?]གཅིག་དང་མཐུན་པར་ཤོག །སྨན་ཆུང་བུ་མོའི་ཕྱག་ལ་སྤྲོད། །[གད་ཟས་བདག་ལུ་འགྱུར་བ་?]མི་བཏུབ་མེད། །ཨའུ་ལེགས་ཨའུ་ལེགས་་་་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། །སྐུ་འཁྲུངས་པ་བོད་གར་གཡུས་ལས་འཁྲུངས། །བོད་བསམ་སྦྱོར་[ལས་ཚད་?]ལྷོ་ལུ་བཏང་། །ལྷོ་དད་དཀར་ཅན་གྱིས་ཕྱག་ཕྱིད་ཞུ། །
- དམ་ཆོས། Damcho ཁོ་ག་དང་ལྷོ་ལུ་བྱོནམ་ལས། །སྐྱེས་ཕོ་ཐོག་གནམ་ལ་ཤིང་གཅིག་སྐྱེས། །བཟའ་མོ་འོག་ཐོག་གནམ་ལ་འདྲེ་གཅིག་སྐྱེས། །ནུ་མ་འཕུར་ཤེས་བརྡར་ཤེས་རུང་། །
- དམ་ཆོས། Damcho[ཤིང་འདེ་ཤིང་དེ་དང་མ་འཕྱད་པས། །ཨམ་ཧན་དྷར་དྲག་རྩི་རྒྱལ་མོ་གིས། །ཤིང་འདེ་ཤིང་ཤིང་དང་འཕྱད་ནུག །བརྡུང་མ་སྟོད་དང་ལེའུ་བ་བརྡུང་། །?]
- དམ་ཆོས། Damcho[མ་ཚད་ཚད་ལུ་ཁྱལ་གེ། །ཚད་དཀར་གདངས་མའི་ཀྱག་བཙུགས་གེ། །
- དམ་ཆོས། Damcho སྔོན་གུར་རྒྱ་གར་སྐད་དུ་སྤྲུལ། །འདི་མཇུག་རྫོགས་པའི་སངས་རྒྱས་སྤྲུལ། །
- དམ་ཆོས། Damcho རྫོང་མང་གཡུ་དེ་མིའི་ལས་འཕྲོ། །ག་དེ་སྦེ་རང་གྲུབ་ཨིན་ན། །ཨའུ་ལེགས་ཨའུ་ལེགས་་་་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། །དེ་དཀར་ཉི་མའི་ཤར་ལུ་བྱོན། །
- དམ་ཆོས། Damcho ཤར་གྱི་འདྲེ་ཚུ་དམ་ལ་བཏགས། །ཤར་ཕྱོགས་རྒྱལ་པོ་ཟིལ་གྱིས་གནོན། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། །དེ་དཀར་ཉི་མའི་ནུབ་ལུ་བྱོན། །
- དམ་ཆོས། Damcho ནུབ་ཀྱི་འདྲེ་ཚུ་དམ་ལ་བཏགས། །ནུབ་ཕྱོགས་རྒྱལ་པོ་ཟིལ་གྱིས་གནོན། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། །དེ་དཀར་ཉི་མའི་བྱང་ལུ་བྱོན། །
- དམ་ཆོས། Damcho བྱང་ཕྱོགས་རྒྱལ་པོ་ཟིལ་གྱིས་གནོན། །བྱང་ཀྱི་འདྲེ་ཚུ་དམ་ལ་བཏགས། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། །དེ་དཀར་ཉི་མའི་ལྷོ་ལུ་བྱོན། །
- དམ་ཆོས། Damcho ལྷོ་ཀྱི་འདྲེ་ཚུ་དམ་ལ་བཏགས། །ལྷོ་ཕྱོགས་རྒྱལ་པོ་ཟིལ་གྱིས་གནོན། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། །དེ་ལས་དགུང་སངས་མཐོན་པོ་བྱོན། །
- དམ་ཆོས། Damcho དགུང་གི་ཁྲི་གདུགས་ཉི་མ་གིས། །མུ་མཐུ་ཙམ་ལ་མུ་གེ་སྐྱེད། །
- དམ་ཆོས། Damcho བདག་གར་ཙམ་ལ་ཆགས་པར་ཤོག །བཞུགས་གར་ཙམ་ལ་བཞུགས་ཙམ་གསོལ། །
- དམ་ཆོས། Damcho ཁྲི་གདུགས་ཁྲིན་བྱ་ལེགས་པ་མཆོད་པ་ཕུལ། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། དེ་ལས་གང་སྟོད་མཐོན་མོ་བྱོན། །
- དམ་ཆོས། Damcho གང་གི་གང་སེང་དཀར་མོ་གིས། །མུ་མཐུར་ཙམ་ལ་མུ་གུར་སྐྱེད། །
- དམ་ཆོས། Damcho བདག་གར་ཙམ་ལ་ཆགས་པར་ཤོག །བཞུགས་གར་ཙམ་ལ་བཞུགས་ཙམ་གསོལ། །
- དམ་ཆོས། Damcho གང་སེང་གཡུ་རལ་ལེགས་པའི་མཆོད་པ་ཕུལ། །ཨའུ་ལེགས་ཨའུ་ལེགས་་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། དེ་ལས་བྲག་སྟོད་མཐོན་མོ་བྱོན། །
- དམ་ཆོས། Damcho བྲག་དང་ཤཝ་གི་རྭ་བཅ་གིས། །མུ་མཐུཙམ་ལ་མུ་གེ་སྐྱེད། །
- དམ་ཆོས། Damcho བདག་གར་ཙམ་ལ་ཆགས་པར་ཤོག །བཞུགས་གར་ཙམ་ལ་བཞུགས་ཙམ་གསོལ། །
- དམ་ཆོས། Damcho ཤཝ་གི་རྭ་བཅུ་ལེགས་པའི་མཆོད་པ་ཕུལ། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། དེ་ལས་སྤང་ཤོས་མཐོན་མོ་བྱོན། །
- དམ་ཆོས། Damcho སྤང་གི་ལྷ་ཡང་སྲས་མོ་གིས། །མུ་མཐུ་ཙམ་ལ་མུ་གུར་སྐྱེད། །
- དམ་ཆོས། Damcho བདག་གར་ཙམ་ལ་ཆགས་པར་ཤོག །བཞུགས་གར་ཙམ་ལ་བཞུགས་ཙམ་གསོལ། །
- དམ་ཆོས། Damcho ལྷ་ཡང་སྤུ་ཁ་ལེགས་པའི་མཆོད་པ་ཕུལ། །ཨའུ་ལེགས་ཨའུ་ལེགས་་་་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། དེ་ལས་ནགས་སྟོད་མཐོན་མོ་བྱོན། །
- དམ་ཆོས། Damcho ནགས་ཀྱི་སྟག་མ་རིག་འཛིན་གྱིས། །མུ་མཐུ་ཙམ་ལ་མུ་གུར་སྐྱེད། །
- དམ་ཆོས། Damcho བདག་གར་ཙམ་ལ་ཆགས་པར་ཤོག །བཞུགས་གར་ཙམ་ལ་བཞུགས་ཙམ་གསོལ། །
- དམ་ཆོས། Damcho སྟག་མ་རིས་མོ་ལེགས་པའི་མཆོད་པ་ཕུལ། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། དེ་ལས་མཚོ་སྟོད་མཐོན་མོ་བྱོན། །
- དམ་ཆོས། Damcho མཚོ་དང་གསེར་མི་ཉ་མོ་གིས། །མུ་མཐུ་ཙམ་ལ་མུ་གུར་སྐྱེད། །
- དམ་ཆོས། Damcho བདག་གར་ཙམ་ལ་ཆགས་པར་ཤོག །བཞུགས་གར་ཙམ་ལ་བཞུགས་ཙམ་གསོལ། །
- དམ་ཆོས། Damcho གསེར་མི་ཧོ་ཁྲ་ལེགས་པའི་མཆོད་པ་ཕུལ། །ཨའུ་ལེགས་ཨའུ་ལེགས་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། དེ་ལས་དགོན་སངས་མཐོན་མོ་བྱོན། །
- དམ་ཆོས། Damcho དགོན་དང་མཚན་ལྡན་ལྷ་མོ་གིས། །མུ་མཐུ་ཙམ་ལ་མུ་གུར་སྐྱེད། །
- དམ་ཆོས། Damcho བདག་གར་ཙམ་ལ་ཆགས་པར་ཤོག །བཞུགས་གར་ཙམ་ལ་བཞུགས་ཙམ་གསོལ། །
- དམ་ཆོས། Damcho མཚན་ལྡན་བྱིན་རླབས་ཆེ་བའི་མཆོད་པ་ཕུལ། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། དེ་ལས་རྫོང་ཆེན་ལྡེམ་མོ་བྱོན། །
- དམ་ཆོས། Damcho རྫོང་དང་དབང་ཆེན་དཔོན་པོ་གིས། །མུ་མཐུ་ཙམ་ལ་མུ་གུར་སྐྱེད། །
- དམ་ཆོས། Damcho བདག་གར་ཙམ་ལ་ཆགས་པར་ཤོག །བཞུགས་གར་ཙམ་ལ་བཞུགས་ཙམ་གསོལ། །
- དམ་ཆོས། Damcho དབང་ཆེན་ཀུ་བསད་ཆེ་བའི་མཆོད་པ་ཕུལ། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། དེ་ལས་བཙན་དཀར་ལྡེམ་མོ་བྱོན། །
- དམ་ཆོས། Damcho བཙན་དང་ཡབ་ཡུམ་གཉིས་མོ་གིས། །མུ་མཐུ་ཙམ་ལ་མུ་གུར་སྐྱེད། །
- དམ་ཆོས། Damcho བདག་གར་ཙམ་ལ་ཆགས་པར་ཤོག །བཞུགས་གར་ཙམ་ལ་བཞུགས་ཙམ་གསོལ། །
- དམ་ཆོས། Damcho ཡབ་ཡུམ་སྐུ་ཚེ་རིང་བའི་མཆོད་པ་ཕུལ། །ཨའུ་ལེགས་ཨའུ་ལེགས་་་་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། །དེ་ལས་གཞས་ར་སྡེ་མོ་བྱོན། །
- དམ་ཆོས། Damcho གཞས་དང་སྟག་ཤར་གཞོན་མོ་གིས། །མུ་མཐུ་ཙམ་ལ་མུ་གུར་སྐྱེད། །
- དམ་ཆོས། Damcho བདག་གར་ཙམ་ལ་ཆགས་པར་ཤོག །བཞུགས་གར་ཙམ་ལ་བཞུགས་ཙམ་གསོལ། །
- དམ་ཆོས། Damcho སྟག་ཤར་གླུ་གཞས་མཁས་པའི་མཆོད་པ་ཕུལ། །ཨའུ་ལེགས་ཨའུ་ལེགས་་་་་་་། །
- དམ་ཆོས། Damcho ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། །དེ་ལས་གཡུས་བཟང་སྡེ་མོ་བྱོན། །
- དམ་ཆོས། Damcho གཡུས་དང་སྨིན་ཆུང་བུ་མོ་གིས། །མུ་མཐུ་ཙམ་ལ་མུ་གུར་སྐྱེད། །
- དམ་ཆོས། Damcho བདག་གར་ཙམ་ལ་ཆགས་པར་ཤོག །བཞུགས་གར་ཙམ་ལ་བཞུགས་ཙམ་གསོལ། །
- དམ་ཆོས། Damcho སྨིན་ཆུང་བུ་ནོར་འཛོམས་པའི་མཆོད་པ་ཕུལ། །ཨའུ་ལེགས་ཨའུ་ལེགས་་་་་་། །
- དམ་ཆོས། Damcho མཆོད་དོ་མཆོད་དོ་ལྷ་མཆོད་དོ། །སྦྲེན་ཏོ་སྦྲེན་ཏོ་ལྷ་སྦྲེན་ཏོ། །
- དམ་ཆོས། Damcho སྟེང་ཕྱོགས་ལྷ་ཡི་གཡུལ་ལས། །ལྷ་རང་དབང་མོ་རྒྱལ་སྲས། །ཆང་ཕུད་བཞེས་མ་འབྱོན་ཤོག །
- དམ་ཆོས། Damcho མཆོད་དོ་མཆོད་དོ་ལྷ་མཆོད་དོ། །སྦྲེན་ཏོ་སྦྲེན་ཏོ་ལྷ་སྦྲེན་ཏོ། །
- དམ་ཆོས། Damcho འགོ་ཕྱོགས་ཀླུ་ཡི་གཡུལ་ལས། །ཀླུ་ར་ཙུག་ནག་རིན་ཆེན། །ཆང་ཕུད་བཞེས་མ་འབྱོན་ཤོག །
- དམ་ཆོས། Damcho མཆོད་དོ་མཆོད་དོ་ལྷ་མཆོད་དོ། །སྦྲེན་ཏོ་སྦྲེན་ཏོ་ལྷ་སྦྲེན་ཏོ། །
- དམ་ཆོས། Damcho བར་ཕྱོགས་བཙན་གྱི་གཡུལ་ལས། །སེང་ར་ཡ་མེད་སྤུན་བདུན། །ཆང་ཕུད་བཞེས་མ་འབྱོན་ཤོག །
- དམ་ཆོས། Damcho མཆོད་དོ་མཆོད་དོ་ལྷ་མཆོད་དོ། །སྦྲེན་ཏོ་སྦྲེན་ཏོ་ལྷ་སྦྲེན་ཏོ། །
- དམ་ཆོས། Damcho ཡ་ནུ་མེད་ཕུག་ལས་སྤྱན་དྲང་ནས། །རྟེན་རྫོགས་ལྷ་མིའི་དཀོན་མཆོག་མཆོད། །
- དམ་ཆོས། Damcho མཆོད་དོ་མཆོད་དོ་ལྷ་མཆོད་དོ། །སྦྲེན་ཏོ་སྦྲེན་ཏོ་ལྷ་སྦྲེན་ཏོ། །
- དམ་ཆོས། Damcho ཕར་ནུ་མིའི་ཕུག་ལས་སྤྱན་དྲང་མི། །མ་མོ་གསེར་གྱི་ལྷ་མོ་མཆོད། །
- དམ་ཆོས། Damcho མཆོད་དོ་མཆོད་དོ་ལྷ་མཆོད་དོ། །སྦྲེན་ཏོ་སྦྲེན་ཏོ་ལྷ་སྦྲེན་ཏོ། །
- དམ་ཆོས། Damcho ཕར་ཁོང་སྐྱེས་བསྒང་ལས་སྤྱན་དྲང་མི། །དམའ་ཨིབ་དགྲ་ལས་རྒྱལ་པོ་ཁྱོད། །
- དམ་ཆོས། Damcho མཆོད་དོ་མཆོད་དོ་ལྷ་མཆོད་དོ། །སྦྲེན་ཏོ་སྦྲེན་ཏོ་ལྷ་སྦྲེན་ཏོ། །
- དམ་ཆོས། Damcho ཕར་ནུ་མེད་ཕུག་ལས་སྤྱན་དྲང་མི། །གདུང་ངོ་བླ་མའི་མཆོད་མཆོག་ཁྱོད། །
- དམ་ཆོས། Damcho མཆོད་དོ་མཆོད་དོ་ལྷ་མཆོད་དོ། །སྦྲེན་ཏོ་སྦྲེན་ཏོ་ལྷ་སྦྲེན་ཏོ། །
- དམ་ཆོས། Damcho མར་མགར་ས་ལྕགས་དཀར་ཐོག་ལས། །གོ་མོ་ལྕགས་ཀྱི་རས་བུ་ཁྱོད། །
- དམ་ཆོས། Damcho མཆོད་དོ་མཆོད་དོ་ལྷ་མཆོད་དོ། །སྦྲེན་ཏོ་སྦྲེན་ཏོ་ལྷ་སྦྲེན་ཏོ། །
- དམ་ཆོས། Damcho ཨ་པ་རྟེན་པའི་ཕོ་ལྷ་མཆོད། །ཨ་མ་རྟེན་པའི་མོ་ལྷ་མཆོད། །
- དམ་ཆོས། Damcho ཕོ་ལྷ་ཤེལ་དཀར་ནང་ལས་མཆོད། །མོ་ལྷ་དབྱུང་ཀ་ནང་ལས་མཆོད། །
- དམ་ཆོས། Damcho མཆོད་དོ་མཆོད་དོ་ལྷ་མཆོད་དོ། །སྦྲེན་ཏོ་སྦྲེན་ཏོ་ལྷ་སྦྲེན་ཏོ། །
- དམ་ཆོས། Damcho རི་ཡ་མཚན་ཅན་གྱི་གཏིང་བཞེངས་ནང་། །རྫོང་སྤ་རོ་སྤེནམ་ལྷ་ཁང་བཞེངས། །
- དམ་ཆོས། Damcho སྟེང་ཕྱོགས་ལྷ་ལས་བབས་རྡོ་བཏོན། །འོག་ཕྱོགས་ཀླུ་ལས་མཇུག་རྡོ་བཏོན། །
- དམ་ཆོས། Damcho བར་ཕྱོགས་བཙན་ལས་རྒལ་རྡོ་བཏོན། །རྒྱལ་པོ་མི་འདྲ་གཞན་དཔའ་བོ་འདྲ། །
- དམ་ཆོས། Damcho གཞན་དཔའ་བོ་མི་འདྲ་རྒྱལ་པོ་འདྲ། །ཨ་དག་ཁམས་མ་སྙིང་དངོས་གཏེར་ཁ་བཙུགས། །
- དམ་ཆོས། Damcho ཏི་རུ་བལ་ཏྲང་དངུལ་དངོས་འབུལ་བ་ཕུལ། །སྦུག་ནང་ངག་དབང་རྣམ་རྒྱལ་བཞུགས། །
- དམ་ཆོས། Damcho ངག་དབང་གདན་ས་གཞུང་ལས་དྲང་། །ཨའུ་ལེགས་ཨའུ་ལེགས་་་་་་་། །
- དམ་ཆོས། Damcho རི་ཡ་མཚན་ཅན་གྱི་གཏིང་བཞེངས་ནང་། །རྫོང་སྤ་རོ་སྤེནམ་ལྷ་ཁང་བཞེངས། །
- དམ་ཆོས། Damcho སྟེང་ཕྱོགས་ལྷ་ལས་བབས་རྡོ་བཏོན། །འོག་ཕྱོགས་ཀླུ་ལས་མཇུག་རྡོ་བཏོན། །
- དམ་ཆོས། Damcho བར་ཕྱོགས་བཙན་ལས་རྒལ་རྡོ་བཏོན། །རྒྱལ་པོ་མི་འདྲ་གཞན་དཔའ་བོ་འདྲ། །
- དམ་ཆོས། Damcho ཨ་དག་ཁམས་མ་སྙིང་དངོས་གཏེར་ཁ་བཙུགས། །རྫོང་མ་རྫོང་ཅན་གྱི་འབུལ་བ་ཕུལ། །
- དམ་ཆོས། Damcho སྦུག་ན་ངག་དབང་རྣམ་རྒྱལ་བཞུགས། །ངག་དབང་གདན་ས་གཞུང་ལས་དྲང་། །ཨའུ་ལེགས་ཨའུ་ལེགས་་་་་་་། །
- དམ་ཆོས། Damcho རི་ཡ་མཚན་ཅན་གྱི་གཏིང་བཞེངས་ནང་། །བདེ་ཆེ་བ་བདེ་ཆེན་ཕོ་བྲང་བཞེངས། །
- དམ་ཆོས། Damcho སྟེང་ཕྱོགས་ལྷ་ལས་བབས་རྡོ་བཏོན། །འོག་ཕྱོགས་ཀླུ་ལས་མཇུག་རྡོ་བཏོན། །
- དམ་ཆོས། Damcho བར་ཕྱོགས་བཙན་ལས་རྒལ་རྡོ་བཏོན། །རྒྱལ་པོ་མི་འདྲ་གཞན་དཔའ་བོ་འདྲ། །
- དམ་ཆོས། Damcho གཞན་དཔའ་བོ་མི་འདྲ་རྒྱལ་པོ་འདྲ། །ཁྲོ་ཆུ་གཙང་ཆུ་གཏེར་ཁ་བཙུགས། །
- དམ་ཆོས། Damcho ཏི་རུ་བལ་ཏྲང་དངུལ་དངོས་འབུལ་བ་ཕུལ། །སྦུག་ན་ངག་དབང་རྣམ་རྒྱལ་བཞུགས། །
- དམ་ཆོས། Damcho ངག་དབང་གདན་ས་གཞུང་ལས་དྲང་་། །ཨའུ་ལེགས་ཨའུ་ལེགས་་་་་་་། །
- དམ་ཆོས། Damcho རི་ཡ་མཚན་ཅན་གྱི་གཏིང་བཞེངས་ནང་། །བདེ་ཆེ་བ་དབང་འདུས་རྫོང་ཆེན་བཞེངས། །
- དམ་ཆོས། Damcho སྟེང་ཕྱོགས་ལྷ་ལས་བབས་རྡོ་བཏོན། །འོག་ཕྱོགས་ཀླུ་ལས་མཇུག་རྡོ་བཏོན། །
- དམ་ཆོས། Damcho བར་ཕྱོགས་བཙན་ལས་རྒལ་རྡོ་བཏོན། །རྒྱལ་པོ་མི་འདྲ་གཞན་དཔའ་བོ་འདྲ། །
- དམ་ཆོས། Damcho གཞན་དཔའ་བོ་མི་འདྲ་རྒྱལ་པོ་འདྲ། །རྫོང་མ་རྫོང་སྙིང་གི་འབུལ་བ་ཕུལ། །
- དམ་ཆོས། Damcho རྫོང་མ་རྫོང་སྙིང་གི་གཏེར་ཁ་བཙུགས། །སྦུག་ན་ངག་དབང་རྣམ་རྒྱལ་བཞུགས། །
- དམ་ཆོས། Damcho ངག་དབང་གདན་ས་གཞུང་ལས་དྲང་་། །ཨའུ་ལེགས་ཨའུ་ལེགས་་་་་་་། །
- དམ་ཆོས། Damcho རི་ཡ་མཚན་ཅན་གྱི་གཏིང་བཞེངས་ནང་། །བདེ་ཆེ་བ་སྤུན་ཐང་རྫོང་ཆེན་བཞེངས། །
- དམ་ཆོས། Damcho སྟེང་ཕྱོགས་ལྷ་ལས་བབས་རྡོ་བཏོན། །འོག་ཕྱོགས་ཀླུ་ལས་མཇུག་རྡོ་བཏོན། །
- དམ་ཆོས། Damcho བར་ཕྱོགས་བཙན་ལས་རྒལ་རྡོ་བཏོན། །རྒྱལ་པོ་མི་འདྲ་གཞན་དཔའ་བོ་འདྲ། །
- དམ་ཆོས། Damcho གཞན་དཔའ་བོ་མི་འདྲ་རྒྱལ་པོ་འདྲ། །ཆུམ་འབྲུ་དཀར་སྙིང་གི་འབུལ་བ་ཕུལ། །
- དམ་ཆོས། Damcho རྫོང་མ་རྫོང་སྙིང་གི་གཏེར་ཁ་བཙུགས། །སྦུག་ན་ངག་དབང་རྣམ་རྒྱལ་བཞུགས། །
- དམ་ཆོས། Damcho ངག་དབང་གདན་ས་གཞུང་ལས་དྲང་་། །ཨའུ་ལེགས་ཨའུ་ལེགས་་་་་་་། །
- དམ་ཆོས། Damcho རི་ཡ་མཚན་ཅན་གྱི་གཏིང་བཞེངས་ནང་། །བདེ་ཆེ་བ་མགར་ས་རྫོང་ཆེན་བཞེངས། །
- དམ་ཆོས། Damcho སྟེང་ཕྱོགས་ལྷ་ལས་བབས་རྡོ་བཏོན། །འོག་ཕྱོགས་ཀླུ་ལས་མཇུག་རྡོ་བཏོན། །
- དམ་ཆོས། Damcho བར་ཕྱོགས་བཙན་ལས་རྒལ་རྡོ་བཏོན། །རྒྱལ་པོ་མི་འདྲ་གཞན་དཔའ་བོ་འདྲ། །
- དམ་ཆོས། Damcho གཞན་དཔའ་བོ་མི་འདྲ་རྒྱལ་པོ་འདྲ། །རྫོང་ཆགས་པའི་སྙིང་གི་འབུལ་བ་ཕུལ། །
- དམ་ཆོས། Damcho ཤར་ཤར་མང་གི་སྙིང་ཁ་གཏེར་ཁ་བཙུགས། །སྦུག་ན་ངག་དབང་རྣམ་རྒྱལ་བཞུགས། །
- དམ་ཆོས། Damcho ངག་དབང་གདན་ས་གཞུང་ལས་དྲང་་། །ཨའུ་ལེགས་ཨའུ་ལེགས་་་་་་་། །
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་ཆ་གཅིག་ཟེརཝ། །
- དམ་ཆོས། Damcho དགུང་སངས་འདི་ལུ་ཡོད་པ། །དགུང་དང་ཁྲི་གདུགས་ཉི་མ། །ཁྲི་གདུགས་ཐོན་བྱ་ལེགས་པས།
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་ཆ་གཅིག་ཟེརཝ། །
- དམ་ཆོས། Damcho གང་སྟོད་འདི་ལུ་ཡོད་པ། །གང་དང་མདངས་སེང་དཀར་མོ། །མདངས་སེང་གཡུ་རལ་ལེགས་པས། །
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་ཆ་གཅིག་ཟེརཝ། །
- དམ་ཆོས། Damcho བྲག་སྟོད་འདི་ལུ་ཡོད་པ། །བྲག་དང་ཤཝ་གི་རབ་བཅུ། །ཤཝ་གི་སྤུ་ཁ་ལེགས་པས། །
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་ཆ་གཅིག་ཟེརཝ། །
- དམ་ཆོས། Damcho སྤང་ཤོས་འདི་ལུ་ཡོད་པ། །སྤང་དང་ལྷ་ཡ་སྲས་མོ། །ལྷ་ཡ་སྤུ་ཁ་ལེགས་པས། །
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་ཆ་གཅིག་ཟེརཝ། །
- དམ་ཆོས། Damcho ནགས་སྟོད་འདི་ལུ་ཡོད་པ། །ནགས་དང་སྟག་མ་རིག་འཛིན། །སྟག་མ་རིས་མོ་ལེགས་པས། །
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་ཆ་གཅིག་ཟེརཝ། །
- དམ་ཆོས། Damcho མཚོ་སྟོད་འདི་ལུ་ཡོད་པ། །མཚོ་དང་གསེར་མི་ཉ་མོ། །གསེར་མི་ཧོ་ཁྲ་ལེགས་པས། །
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་ཆ་གཅིག་ཟེརཝ། །
- དམ་ཆོས། Damcho དགོན་སངས་འདི་ལུ་ཡོད་པ། །དགོན་དང་མཚན་ལྡན་བླ་མ། །མཚན་ལྡན་བྱིན་རླབས་ཆེ་བས། །
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་ཆ་གཅིག་ཟེརཝ། །
- དམ་ཆོས། Damcho རྫོང་ཆེན་འདི་ལུ་ཡོད་པ། །རྫོང་དང་དབང་ཆེན་དཔོན་པོ། །དབང་ཆེན་སྐུ་བསད་ཆེ་བས། །
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་ཆ་གཅིག་ཟེརཝ། །
- དམ་ཆོས། Damcho བཙན་དཀར་འདི་ལུ་ཡོད་པ། །བཙན་དང་ཡབ་ཡུམ་གཉིས་ཀུ། །ཡབ་ཡུམ་སྐུ་ཚེ་རིང་བས། །
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་ཆ་གཅིག་ཟེརཝ། །
- དམ་ཆོས། Damcho གཞས་ར་འདི་ལུ་ཡོད་པ། །གཞས་དང་སྟག་ཤར་གཞོན་མ། །སྟག་ཤར་གླུ་གཞས་མཁས་པས། །
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་ཆ་གཅིག་ཟེརཝ། །
- དམ་ཆོས། Damcho གཡུས་བཟང་འདི་ལུ་ཡོད་པ། །གཡུས་དང་སྨིན་ཆུང་བུ་མོ། །སྨིན་ཆུང་བུ་ནོར་འཛོམས་མས། །
- དམ་ཆོས། Damcho བཀྲ་ཤིས་ཆ་གཅིག་ཆ་གཉིས། །བཀྲ་ཤིས་སྨོན་ལམ་ཡོད། །
- དམ་ཆོས། Damcho བཞག་ཡོད་དོ་མཚམས་ཅིག་བཞག་ཡོད་དོ། །ཡུམ་ཆེན་ཨ་མ་གའུ། །བལ་དང་སྤག་ཀོ་བཞག་ཡོད་དོ། །
- དམ་ཆོས། Damcho ཡབ་ཆེན་ཨ་པ་གའུ། །རྫོང་གསར་བའི་སྦུག་ལུ་བཞག་ཡོད་དོ། །
- དམ་ཆོས། Damcho བཞག་ཡོད་དོ་མཚམས་ཅིག་བཞག་ཡོད་དོ། །སྨིན་ཆུང་བུ་མོའི་དགའཝ། །
- དམ་ཆོས། Damcho གཡུ་བྱུས་རུ་མུ་ཏིག་བཞག་ཡོད་དོ། །ཨའུ་ལེགས་ཨའུ་ལེགས་་་་་། །
- དམ་ཆོས། Damcho འ་ནཱི་ཅིག་ཨིན་ཟེར་ཞུ་ནི་ལགས། །