Video Overview
Rikkyap from Gartsé village in Tsekhok tells the story about how the Hor Teu tribe in Tsekhok was defeated by Ma Bu Fang's army.
འདིར་ཧོར་རྟེའུ་ཚང་ཚོ་བས་མ་པུའུ་ཧྥང་ལ་ཁྲལ་མ་འཇལ་བས་དམག་འཁྲུག་བརྒྱབ་ནས་ཧོར་རྟེའུ་ཚང་ཚོ་བ་ཚར་བཅད་པའི་ལོ་རྒྱུས་ཐུང་ཐུང་ཞིག་བཤད་ཡོད།
འདིར་རྩེ་ཁོག་ས་ཁུལ་གྱི་ལོ་རྒྱུས་དངོས་ཤིག་བརྗོད་ཡོད་དེ། སྐབས་དེར་མ་པུའུ་ཧྥང་གི་ཇག་དམག་རྩེ་ཁོག་ས་ཁུལ་ཐོན་ནས་དབང་སྡུད་བྱས་པ་མ་ཟད། ཚོ་བ་རེ་རེ་ཁྲལ་འཇལ་དུ་བཅུག། དེའི་ནང་གི་ཧོར་རྟེའུ་ཚང་ཚོ་བའི་ཚོ་དཔོན་གྱིས་ཅི་བྱས་ཀྱང་ཁྲལ་མ་འཇལ་བ་རེད། དེ་ནས་ཚོ་བ་དེ་རི་སྤོས་ནས་བླ་བྲང་ས་ཁུལ་ལ་འགྲོ་བའི་ལམ་བར་ཏུ་མ་ཇག་དང་དམག་འཁྲུག་ལངས། མ་པུའུ་ཧྥང་ལ་དམག་མི་ཧ་ཅང་མང་བ་དང་རྟེའུ་ཚང་ཚོ་བའི་ཚོ་དཔོན་དམག་ཉུང་ཙམ་ལས་མེད་པས་རྟེའུ་ཚང་ཚོ་བ་རྣམས་ཚར་བཅད། རྗེས་ནས་བྲོས་བྱོལ་བྱས་པའི་མི་འགའ་ཕྱིར་ས་ཁུལ་དེ་ལ་ཐོན་ནས་འཚོ་བ་རོལ་བ་ནི་ད་ལྟའི་རྟེའུ་ཚོ་བ་དེ་ཡིན་པ་བརྗོད་ཡོད།
这段视频讲了由于帝仓部落逃税,马步芳开始剿灭帝仓部落的历史。
这段视频讲述了泽库地区的一段真实的历史,当年马步芳匪军来到了泽库地区并开始统治,也开始收税。但是帝仓部落的首领怎么也没给任何税务。然后他们开始迁居到拉布愣,在路上他们于马步芳的匪军发生战争,由于他们人多,很快把帝仓部落剿灭 了。在其中很少部分才逃走了,在很多年以后他们重新来到了当初居住的地方,也就形成了现在的帝仓部落。
- Tsekhok
- Labrang
- གནའ་གནའ་ཞིག་ལ་སྤྱི་ལོའི་འདིའི་ཡར་སྔོན་ལ།
- ད་བར་བཤད་ན་ལོ་རྒྱུས་དེ་འདི་ནས་ཐག་ཉེ་བ་རེད།
- དེའི་སྐབས་དེར་རྩེ་ཁོག་གི་ཧོར་རྟེའུ་ཚང་།
- ཧོར་སྡེ་བ་ཡི་རྟེའུ་ཚང་འདི་ལ།
- ཧོར་འདི་ལ་སྡེ་བ་ཚོ་བཞི་གླིང་དྲུག་ཟེར་བ།
- དེའི་ནང་གི་ཚོ་བ་བཞི་ཚོ་ཆེན་བཞི་དང་།
- གླིང་དྲུག་ཅེས་ཚོ་ཆུང་དྲུག་ཡོད།
- རྟེའུ་ཚང་ཟེར་བ་ཚོ་ཆུང་དྲུག་གི་ཡ་གྱལ་ཡིན།
- ཚོ་ཆུང་དྲུག་གི་ནང་གསེས་རེད།
- ཧོར་རྟེའུ་ཚང་དེ་དེང་མ་མཱ་པུའུ་ཧྥང་ས་འདིར་ཡོང་ནས།
- མཱ་པུའུ་ཧྥང་གིས་དམག་འདི་ནས་དམག་སྒར་བརྒྱབ་ནས།
- ས་ཆ་འདི་དབང་དུ་བསྡུས་ནས།
- ཁྲལ་ལ་སོགས་པ་མཱ་པུའུ་ཧྥང་ལ་འཇལ་དགོས་པ།
- དེ་ཡིན་པའི་སྐབས་དེར་རྟེའུ་ཚང་དེའི་སྡེ་བ་ཡི་ཚོ་ཆུང་ཞིག་རེད།
- དེའི་ཁྲལ་མ་འཇལ་བར་ཚོ་ཆུང་དེའི་ཚོ་དཔོན།
- རྟེའུ་ཚང་འ་རྒོལ་ཁོ་ཡི་མིང་ལ་འ་རྒོལ་ཟེར་བ་དེ་རེད།
- འ་རྒོལ་གྱིས་ཁྲལ་མ་འཇལ་བར།
- དེ་ནས་ཧོར་གྱི་དཔོན་པོ་བ་རྒྱལ།
- ཧོར་གྱི་དཔོན་པོ་བ་རྒྱལ་འདི་ཟེར་བ།
- དེ་བར་བ་བྱས་ནས་བ་རྒྱལ་ཚང་གི་མག་པ་རེད།
- རྟེའུ་ཚང་འ་རྒོལ་ཟེར་བ་དེ་ཧོར་དཔོན་པོ་བ་རྒྱལ་གྱི་སྲང་མོ།
- སྲང་མོ་དང་བུ་མོ་གཉིས་ལས་གཅིག་གི་མག་པ་རེད།
- དེ་བར་བ་བྱས་ནས་གྱོད་བཤད་ནས།
- མཱ་པུའུ་ཧྥང་མི་གདུག་རྩུབ་ཅན་ཞིག་རེད།
- འདིའི་སྒྲུབ་པའི་བྱ་བ་བྱ་སྤྱོད་མི་ཡག་གི
- ངའི་དེ་ལ་གཏན་ནས་ཁྲལ་མི་འཇལ་ཟེར།
- མགོ་མ་སྒུར་བར་ཁྲལ་མ་འཇལ་པ་རེད།
- མཱ་པུའུ་ཧྥང་གིས་ཧོར་དཔོན་པོ་བ་རྒྱལ་ཡོད་སར་སོང་ནས།
- ཁྱོད་ཚང་གི་མག་པའི་ཁྲལ་མི་འཇལ་ཟེར་ནས།
- ཁོ་ལ་ངོ་རྒོལ་བྱེད་པ་རེད་ཟེར་ནས་བཤད་པས།
- ཧོར་དཔོན་པོ་བ་རྒྱལ་སོང་ནས།
- རྟུལ་ཚང་འ་རྒོལ་ལ་ཁ་ལ་སློབ་གསོ་བཏང་ནས།
- མ་ཉན་པར་གཏན་ནས་མགོ་མི་སྒུར་འདི་ལ་ཁྲལ་མི་འཇལ་ཞེས་བཤད་ནས།
- དཔོན་པོ་བ་རྒྱལ་ཕྱིར་སོང་ནས་བཀོད་པ་མེད་གི
- ཁོང་ཚང་གི་མག་པའི་ཁྱོད་ལ་ཁྲལ་མི་འཇལ་ཟེར།
- མཱ་པུའུ་ཧྥང་གིས་དེ་ན་ངས་ཁྱོད་ཀྱི་ངོ་ལ་བལྟས་པ་ཡིན།
- ཁྱོད་ཀྱིས་ཟོག་གི་ཟོག་ཁྲལ་གྱི་ཚབ་དུ་སྡེ་བ་དེའི་ཡ་རུ་གཅིག་བྱིན།
- ཀོ་ཁྲལ་གྱི་ཚབ་དུ་ཡ་ལྤགས་གཅིག་བྱིན།
- ལུག་ཁྲལ་གྱི་ཚབ་དུ་ལུག་གཅིག་བྱིན།
- སྡེ་བ་ཞིག་གི་ཚབ་རེད།
- ཚ་རུ་ཡི་ཁྲལ་གྱི་ཚབ་དུ་རྒྱ་ཚར་གཅིག་བྱིན།
- དེ་ལྟར་ང་ལ་ཁྲལ་འཇལ་བའི་མིང་དེ་བཞག་ན་ཆོག་ཟེར།
- རྟུལ་ཚང་འ་རྒོལ་ལ་དེ་ལྟར་ཟེར།
- དཔོན་པོ་བ་རྒྱལ་གྱིས་དེ་ངས་ཐུབ་རྒྱུ་རེད་ཅེས་བཤད་དེ་སོང་བ་རེད།
- རྟེའུ་ཚང་འ་རྒོལ་ཡོད་སར་སོང་ནས།
- རྟེའུ་ཚང་འ་རྒོལ་ལ་དེ་ལྟར་བྱོས་ཟེར།
- ཁོས་གྱོད་བཤད་ནས་ཁྱོད་གཉིས་ཀྱི་བར་འདུག་ཡིན།
- ཁོའི་ངོར་བལྟས་བ་ཡིན་པས་འདི་འདྲ་བྱོས་ཟེར།
- ཁོ་ཡིས་གཏན་ནས་མགོ་སྒུར་ན་མ་འདོད་པར།
- ཁྲལ་མི་འཇལ་ཁོ་ཐག་ཡིན།
- ཚ་རུ་དང་ཟོག་ནག་རིས།
- ཚ་རུ་དཀར་པོ་གཅིག་ཀྱང་མི་སྟེར་ཟེར།
- དེ་རིང་ནས་ཅི་བྱས་ཀྱང་མི་སྟེར་ཟེར།
- བཀོད་པ་མེད་པར་ཁོ་ཕྱིར་ཡོང་།
- དེ་ནས་ཁྱིའུ་པང་པན་ལ་དེ་ལྟར་བཤད་པས།
- ཁྱིའུ་པང་པན་གྱིས་ཡ་ཞེས་བཤད་དེ།
- སང་ཉིན་ཁོས་དམག་དྲངས་ནས་སོང་སྟེ།
- རྟེའུ་ཚང་འདི་ཁྲ་ཆག་ཉིལ་ལེར་གཏོང་ངེས།
- དེ་ནས་རྟེའུ་ཚང་འདི་ཕྱི་ཉིན་མྱུར་དུ་རྟེའུ་ཚང་འ་རྒོལ་གྱིས་ཁྲིད་ནས།
- བླ་བྲང་ཡུལ་འ་ལུམས་མངའ་འོག་ལ་འགྲོ་རྒྱུ་ཟེར་ནས།
- ཡུལ་འ་ལུམས་མངའ་འོག་ལ་སོང་ན།
- ཁྱིའུ་པང་པན་གྱི་མངའ་འོག་ཡིན་པ་མ་རེད།
- འ་ལུམས་མངའ་འོག་ལ་འགྲོ་རྒྱུ་ཟེར་ནས།
- དེ་ནས་རྩེ་ཁོག་འདི་ནས་མགོན་ཤུལ་ས་ཐོག་ནས།
- ཁའི་ལྕགས་ཉག་ཀ་ཟེར་བ་མགོན་ཤུལ་ཕ་རོལ་གྱི།
- ཁའི་ལྕགས་ཉག་ཀ་དེར་སོང་ནས།
- བཀལ་ནས་སོང་སྟེ་ཁའི་ལྕགས་ཉག་ཀ་ནས།
- ཉ་ཉོག་ལོ་ལོན་ལ་སོགས་པ་ཁའི་ལྕགས་ཉག་ཀ་ནས་ཕ་རོལ་ལ་འགྲོ་རུ་བཅུག
- ཁའི་ལྕགས་ཀྱི་ཁ་དེ་ནས་ཕྱིར་འཁོར་ནས།
- ཁོས་ངེས་པར་དུ་ཁྱིའུ་པང་པན་གྱི་དམག་གཏུགས་དགོས་ཟེར།
- རྟེའུ་ཚང་འ་རྒོལ་ལ་བཀོལ་པ་མེད་པར།
- སེམས་ཅན་གྱིས་བཤད་ནས།
- དེ་ལྟར་མ་བྱེད་འགྲོ་ཞེས་བཤད་ཀྱང་བཀོལ་པ་མེད་པ་རེད།
- ཁོ་ཡི་དམག་རྗེས་ནས་ཡོང་སྟེ་རྗེས་ཆོད་པ་རེད།
- འདི་ལྟར་སོང་ན་རྗེས་ཆོད་པ་རེད།
- ཁོས་འདི་ནས་དམག་བཟུང་ནས་གཏུགས་རྒྱུ་ཡིན།
- ཁྱོད་ཚོ་ཕ་རོལ་ལ་སོང་ཟེར།
- ལོ་ལོན་ཁའི་ལྕགས་ཉག་ཀ་ནས་ཕ་རོལ་ལ་སོང་།
- ད་རུང་བླ་བྲང་གི་འ་ལུམས་མངའ་འོག་ལ་ཐོན་མེད་པ་རེད།
- དེ་ནས་ཁོ་ཡིས་ཉག་ཀ་དེ་ནས་བཀག་ནས།
- མཱ་པུའུ་ཧྥང་གི་དམག་ཐོན་པ་རེད།
- ཁྱིའུ་པང་པན་རེད།
- ཁྱིའུ་པང་པན་གྱི་དམག་དེ་རེད།
- དེ་ནས་ཁྱིའུ་པང་པན་གྱི་དམག་ཁའི་ལྕགས་ཉག་ཀ་དེར་ཡོང་ནས།
- ཉི་མ་དེའི་ཕྱི་ཉིན་རྗེས་བཅད་ནས་རྒྱག་རྩིས་བྱས།
- ཉག་ཀ་དེ་ནས་གཏུགས་རྩིས་བྱས།
- ཧོར་དཔོན་པོ་ལ་སོགས་པ་བར་བ་བར་འདུམ་ལ་ཡོང་ནས།
- བཀོལ་པ་མེད་པར་ཁྱིའུ་པང་པན་གྱིས་ཀྱང་ཁོས་རྒྱག་རྒྱུ་ཁོ་ཐག་ཡིན།
- རྟེའུ་ཚང་འ་རྒོལ་གྱིས་ཁོས་གཏུགས་རྒྱུ་ཡིན་ཟེར།
- བར་འདུམ་བྱེད་མ་ཐུབ་པ་རེད།
- དཔོན་པོ་བར་བརྒྱ་ཡིས་བར་འདུམ་བྱེད་མ་ཐུབ་པར།
- དེ་ནས་ཁྱིའུ་པང་པན་གྱི་དམག
- ཁའི་ལྕགས་ཉག་ཀ་དེ་རི་མཐོ་ས་ཞིག་རེད།
- དེའི་ཉག་ཀ་ནས་རྟེའུ་ཚང་གི་དམག་ཉུང་ཙམ་ཞིག་ལས་མེད་པ་རེད།
- དམག་བཞི་བཅུ་ལྔ་བཅུ་ཡོད་མེད་ཅིག་རེད།
- ཁྱིའུ་པང་པན་ལ་དམག
- དེ་དུས་བཤད་ཚུལ་ཞིག་ཡོད།
- དམག་ལྔ་བརྒྱ་སྟོང་ལ་ཐོན་ལ་ཉེ་བ་ཁྱེར་སོང་ནས་བརྒྱབ་པ་རེད།
- བརྒྱབ་དུས་ཁྱིའུ་པང་པན་གྱིས་རྒྱང་མཐོང་ནང་ནས་བལྟས་དུས།
- དཔོན་པོ་བ་རྒྱལ།
- ཧོར་དཔོན་པོ་བ་རྒྱལ་ཡོང་ནས།
- དཔོན་པོ་བ་རྒྱལ་ཁྱོད་ཀྱིས་ལྟོས་ལ།
- དེ་རིང་ངས་ཁྱོད་ཀྱི་དམག་པ་ཚར་གཅོད་རྒྱུ་ཡིན་ཟེར།
- ཁོའི་དམག་གཅིག་བསད་ན།
- ཕྱེ་ཁུག་མ་གང་གི་འགྲོ་སོང་ལས་མེད།
- ཁོར་དམག་དེ་འདྲའི་མང་པོ་ཡོད།
- དམག་གཅིག་གཉིས་ཅི་ལ་ཡང་རྩིས་རྒྱུ་མ་རེད།
- རྟེའུ་ཚང་ལ་དེ་ལྟར་བཤད།
- དེ་ནས་ཁོ་གཉིས་ཀྱིས་གཏུགས་པ་རེད།
- གཏུགས་ནས་མེ་མདའ་འཕེན་རེས་དང་རྒྱག་རེས་བྱས་པས།
- ཁྱིའུ་པང་པན་གྱི་དམག་ངོ་ཐུར་ལ་ཡོང་བ་རེད།
- དེ་ནས་ཁོས་རྒྱང་མཐོང་ནང་ནས་བལྟས་ནས་བསྡད་དེ།
- ཡ་དཔོན་པོ་ངའི་ཕྱེ་ཁུག་མ་གང་ཐོན་ཐལ་ཟེར།
- ཡང་གཅིག་ཐོན་པ་རེད་ངའི་ཕྱེ་ཁུག་མ་གང་ཟེར།
- ཕྱེ་ཁུག་མ་གང་ཅི་ལ་ཡང་རྩིས་རྒྱུ་ཡོད་པ་མ་རེད་ཟེར་ནས།
- རྒྱང་མཐོང་ནང་ནས་བལྟས་ཏེ།
- ཡང་ཕྱེ་ཁུག་མ་གང་ལྷུང་ནས་ཐོན་པ་རེད།
- བར་ཞིག་ལ་ཁོ་ཡི་དམག་ལ་བཀོལ་པ་མེད་པར་ལོག་པ་རེད།
- དེ་ནས་ས་ཆ་དེའི་མི་ཞིག་བདམས་ནས་ཁྱེར་སོང་སྟེ།
- མི་ཞིག་གིས་གདམས་ནས་ཁྱེར་ནས་སོང་སྟེ།
- ཁའི་ལྕགས་ཉག་ཀའི་སྲང་ལམ་དེའི་ཕ་རོལ་ན་འགྲོ་ས་དེ་བདམས་ནས་སོང་སྟེ།
- ས་ཆ་དེའི་མི་ཞིག་ལ་གདམས་ངག་སྤྲད་ནས།
- ཕྱི་ནང་སྤྲད་ནས་སོང་སྟེ་ས་དེ་ནས་མི་ཞིག་གིས་ལམ་ཁྲིད་ནས།
- ཕྱེད་ཀ་སོང་ནས་ཕྱེད་ཀས་ཚུལ་རོལ་ནས་གཏུགས།
- ཡར་ལ་འགོས་ནས་ཕ་རོལ་ནས་ཚུར་ལ་བསྐོར་ནས།
- ཕ་རོལ་ཚུལ་རོལ་གཉིས་ནས་བརྒྱབ་པ་རེད།
- དེ་དུས་ཁའི་ལྕགས་ཉག་ཀའི་རྟེའུ་ཚང་འ་རྒོལ་གྱིས་དམག་མང་པོ་ཞིག
- དེ་ནས་བསད་པ་རེད།
- བསད་པའི་མཚམས་དེར་རྟེའུ་ཚང་འ་རྒོལ་གྱིས།
- ཁྱིའུ་པང་པན་གྱི་དམག་དཔོན།
- མིང་ལ་རྨ་ཆེན་དཀར་ལོ་ཟེར་བ་དེ་བསད་པ་རེད།
- དམག་དཔོན་ལེགས་པོ་དེ་བསད་པ་རེད།
- དམག་སྒར་ངོ་ཐུར་ལ་གཡུག་པ་ཡིན།
- དེ་ནས་ཁྱིའུ་པང་པན་གྱིས་མ་འགྲིག་པ་རེད།
- ངའི་དམག་དཔོན་ལེགས་པོ་དེ་བསད་པ་རེད།
- དེ་བསད་ན་རྒྱལ་ཁབ་ལོན་པ་དཀའ་བ་རེད།
- ང་འགྲོ་དགོས་རྒྱུ་རེད་ཟེར་ནས།
- ཁོས་དམག་སྡར་བཟུང་ནས་ཁྲལ་གཡུགས་ནས་དམག་དེ་རི་མགོར་སོང་ནས།
- ཡར་ནས་མར་ལ་བརྒྱབ་ནས་བཀོལ་པ་མེད་པར།
- དེ་ནས་ཁོ་ཡིས་རྟ་ཁམ་ཁོན་ཞིག་ལ་ཞོན་ནས།
- མེ་མདའ་རིང་ཐུང་གཉིས་འཁུར་ཏེ།
- ཁོ་དམག་ལ་བཀོད་འདོམས་བྱེད་དུ་ཁྱིའུ་པང་པན་ཁོ་སོང་བ་རེད།
- ཁོ་སོང་ནས་དེ་ལྟར་གཏུགས་པས།
- ཕ་རོལ་ཚུལ་རོལ་གཉིས་ནས་བསྐོར་ཏེ།
- རྟེའུ་ཚང་འ་རྒོལ་བསད་པ་རེད།
- དེ་ནས་རྟེའུ་ཚང་ཁའི་འཁྱོགས་ཟེར་བ་དེ་ཆེས་རྗེས་མ་དེ་རེད།
- རྟེའུ་ཚང་ཁའི་འཁྱོགས་ཀྱིས་གཏུགས་ནས།
- ཁའི་འཁྱོགས་ཀྱི་རོགས་ན་མི་གཅིག་ལས་མེད་པ་རེད།
- མི་གཅིག་པོ་དེ་དང་ཁོ་གཉིས་ཀྱིས་གཏུགས་ནས།
- ད་ལྟ་དགའ་ཞིག་བྱེད་པ་མ་རེད།
- དམག་ཐོན་ཐལ་འབྲོ་ཟེར།
- ཁའི་འཁྱོགས་ཀྱིས་འབྲོ་ས་ཡོད་ནི་མ་རེད།
- རྒྱོབ་ཅེས་བཤད་པས་ཁའི་འཁྱོགས་ཀྱིས་བརྒྱབ་ནས།
- མདའ་ཚར་རག་བར་དུ་བརྒྱབ་ནས་མདའ་ཚར་སོང་།
- མདའ་ཚར་ནས་རོགས་པ་ལ་ཁྱོད་བྲོས་ཟེར།
- ཁྱོད་བྲོས་དང་ངས་ད་རུང་མདའ་ཆ་རེ་ཡོད་པས་རྒྱག་ཟེར།
- རོགས་པ་འགྲོ་རུ་བཅུག་ནས།
- མདའ་ཆ་རེ་ཡིས་བརྒྱབ་ནས།
- རོགས་པ་བྲོས་ནས་མར་ལ་ཐོན་དུས།
- མདའ་ཚར་ནས་དམག་གིས་སྐོར་ནས་བསྡད་ཡོད།
- མཐོང་བ་རེད་ཟེར།
- རོགས་པ་དེ་བྲོས་ནས་རྗེས་སུ་ཐར་སོང་།
- མ་ཤི་བར་ཕྱིར་ཡོང་བ་ཡིན།
- དེ་ཡི་ལོ་རྒྱུས་དེ་འདྲ་ཞིག་རེད།
- དེ་ནས་དམག་དེ་ཚར་གཅོད་བྱས་ནས་ཉོག་རྒྱུ་ཡི་ནང་དུ་བླུགས།
- ཉོག་རྒྱུ་དེ་རྗེས་བཅད་ནས།
- ཉོག་རྒྱུ་དེ་བྱིས་པ་ཚོས་བར་ལ་བཟུང་ནས་ཕོ་བ་བཤགས་པ།
- བུད་མེད་ཚོས་མགོ་བླངས།
- ཉོག་རྒྱུ་དེ་ཁ་འཐོར་ལ་བཏང་ནས།
- རི་ཀླུང་ཀུན་ཏུ་རང་རང་ས་ལ་བྲོས་ནས།
- རྫ་རི་དང་ནགས་རི་གཅིག་རེ་བཅད་ནས།
- མི་ཚང་མ་བསད་ནས་བཤགས་ཏེ།
- ལོ་རྒྱུས་དེ་འདྲ་ཞིག
- ཁྱིའུ་པང་པན་དེ་འདྲའི་དམག་དཔོན་གདུག་རྩུབ་ཅན་གྱི་མི་ཞིག་རེད།
- དེ་འདྲའི་ལོ་རྒྱུས་ཞིག
- དེ་ནས་ཕ་རོལ་འ་ལུམས་མངའ་འོག་ལ་འགྲོ་མ་ཐུབ་པ་རེད།
- ཁ་འཐོར་ནས་རང་རང་སར་སྡོམ་སོང་བ་རེད།
- སྡོམ་པས་རྗེས་ནས་ཀུང་ཁྲན་ཏང་འདི་བཙུགས་ནས།
- ཁོ་ཡིས་ཡང་ནས་ཡང་དུ་གཅིག་རེ་གཉིས་རེ་ཕྱིར་འདུས་ནས།
- ད་བར་གྱི་རྟེའུ་ཚང་འདི་མ་ཤི་བ་ཚང་མ་ཕྱིར་འདུས་ནས།
- དེ་དུས་རྒད་པོ་དེ་ཡང་ཕྱིར་ཡོང་ནས་ཡུན་རིང་ཞིག་ལ་མ་ཤི་བ་རེད།