05 Jan 2016
1 min 58 sec
Video Overview
Creators:
Tibetan & Himalayan Library
This is a video of Zungbum Thar from Badzong, Amdo singing a song called "Atop Tshagyal Mountain." This song is part of a collection of folk songs from the Rebgong cultural area.
འདི་ནི་འཛམ་གླིང་གེ་སར་རྒྱལ་པོ་དང་ཞོན་པ་རྟ་རྐྱང་ངེ། བཙུན་མོ་འབྲུག་མོ་བཅས་འཁྲུངས་པར་རྟེན་འབྲེལ་འགྲིག་པ་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་སྟོད་ཚ་རྒྱལ་རི་ཡི་རི་མགོ་ནས་བྱ་ཁྲུང་ཁྲུང་དཀར་མོ་ཐེངས་གསུམ་གྲགས་པ་དེ་གླིང་གེ་སར་རྒྱལ་པོ་དང་ཞོན་པ་རྟ་རྐྱང་ངེ། བཙུན་མོ་འབྲུག་མོ་འཁྲུངས་པའི་རྟེན་འབྲེལ་ཡིན་པ་བརྗོད་ཡོད།
- ༼ ཡེ་་་་་་ཡ་རེ་ཡ་རེ་་་་་ཡ་རེ་ལེན་དགོ ༽
- སྟོད་ཚ་རྒྱལ་་རི་ཡི་རི་མགོ་ནས།།
- བྱ་ཁྲུང་ཁྲུང་དཀར་མོ་ཐེངས་གསུམ་གྲགས།།
- གླིང་འཛམ་གླིང་འཁྲུངས་པའི་རྟེན་འབྲེལ་རེད།།
- མདའ་ཐེངས་གསུམ་འཕང་ན་ཉམས་རེ་དགའ།།
- སྟོད་ཚ་རྒྱལ་་རི་ཡི་རི་མགོ་ནས།།
- བྱ་ཁྲུང་ཁྲུང་དཀར་མོ་ཐེངས་གསུམ་གྲགས།།
- རྟ་རྐྱང་ངེ་འཁྲུང་པའི་རྟེན་འབྲེལ་རེད།།
- རྟ་ཐེངས་གསུམ་རྒྱུག་ན་ཉམས་རེ་དགའ།།
- སྟོད་ཚ་རྒྱལ་རི་ཡི་རི་མགོ་ནས།།
- བྱ་ཁྲུང་ཁྲུང་དཀར་མོ་ཐེངས་གསུམ་གྲགས།།
- མ་འབྲུག་མོ་འཁྲུངས་པའི་རྟེན་འབྲེལ་རེད།།
- ཆང་ཐེངས་གསུམ་དྲངས་ན་ཉམས་རེ་དགའ།།
- གླུ་ཤེས་ནི་མིན་ར་རྩེད་དགའ་ཡིན།།