Skip to main content Skip to search
15 Dec 2011
57 sec
Rating
0
No votes yet
Video Overview
Creators: 
Unknown

A man going to the Lhasa Jokhang first asks a woman for directions. She directs him to follow the alley straight to an intersection where he can ask other people for further directions. He then asks a man at the intersection, who tells him to go straight until he arrives at the Barkhor where others can guide him further. At the Barkhor, he asks a monk, who brings him to the Jokhang himself.

Show More

  • བསྟན་འཛིན་ལགས
    ཨ་ལྕགས་ལགས། གཙུག་ལག་ཁང་ལ་འགྲོ་ས་ག་ནས་རེད།
  • ཨ་ལྕ་ཅིག
    འདི་ནས་མར་ཤར་རྒྱག་ཕེབས།
  • ཨ་ལྕ་ཅིག
    མ་གིར་ལམ་ཁག་བཞི་མདོ་ཁ་ལ་སླེབས་སོང་ན་བྱང་ངོས་ལ་ཕེབས་དགོས་རེད།
  • ཨ་ལྕ་ཅིག
    དེ་ནས་མི་ལ་དྲིས་གནང་ན་མིས་ལམ་ཁག་བསྟན་གྱི་རེད།
  • བསྟན་འཛིན་ལགས
    ལེ་སེ༼ལགས་སོ༽། ཐུགས་རྗེ་ཆེ།
  • བསྟན་འཛིན་ལགས
    རྒན་ལགས། གཙུག་ལག་ཁང་ལ་འགྲོ་ས་འདི་ནས་རེད་པས།
  • ཁྱོ་ཁ་གཅིག
    རེད་རེད། འདི་ནས་ཡར་ཤར་རྒྱག་ཕེབས་ད།
  • ཁྱོ་ཁ་གཅིག
    བར་སྐོར་ནང་ལ་སླེབས་ཀྱི་རེད།
  • ཁྱོ་ཁ་གཅིག
    བར་སྐོར་ནང་ལ་བསླེབས་ན་གཙུག་ལག་ཁང་ག་པར་ཡོད་རེད་ཟེ་དྲིས་གནང་དང་།
  • ཁྱོ་ཁ་གཅིག
    མིས་བསྟན་གྱི་རེད།
  • བསྟན་འཛིན་ལགས
    ལེ་སེ། ཐུགས་རྗེ་ཆེ།
  • བསྟན་འཛིན་ལགས
    སྐུ་ཞོག གཙུག་ལག་ཁང་ག་པར་རེད།
  • གྲྭ་པ་གཅིག
    ཕར་ཙ་ད་གར་རེད༼ཕར་ཙམ་ད་གར་རེད༽།
  • གྲྭ་པ་གཅིག
    ང་ཡའི༼ཡང༽་འགྲོ་མཁན་ཡིན།
  • གྲྭ་པ་གཅིག
    མཉམ་པོ་ཕེབས་དོ།