Video Overview
This special song describes the former prison controlled by the local emperor Meu of Ngaba.
- ས་དར་དཀར་གདན་གྱི་སྟེང་ལ།།
- གནམ་དར་སྔོན་གདུག་གི་ཞོལ་ལ།།
- རྨེའུ་དཔལ་མགོན་འཕྲིན་ལས་རབ་བརྟན།།
- ཁྱོའི་གཟིམ་ས་དཀར་པོ་དུང་རེད།།
- གཟིམས་མ་འདུག་ཡར་ལ་ལོངས་དང་།།
- ཤར་རྒྱ་མཐོང་རབ་གསལ་ཁ་ནས།།
- ཞལ་མ་གནང་མར་ལ་གཟིགས་དང་།།
- ཁྱོའི་རྔ་དཀྱིལ་ཤེར་དཀར་ཕྲེང་བ།།
- ཁྱོའི་རྔ་ཉིན་བཀྲ་ཤིས་རྟགས་བརྒྱད།།
- ཁྱོའི་རྔ་སྨད་ཉི་མ་རང་ཤར།།
- ད་རྔ་སྟོད་ཟླ་བ་ཡར་ཚེས།།
- ཁྱོའི་རྔ་སྲིབ་རྒྱལ་སྲིད་སྣ་བདུན།།
- དཀྱིལ་ཀ་རྡོ་གསེར་ཉྭ་ཁ་སྤྲོད།།
- སྐོར་མི་དགོས་དཀར་མོ་རྒྱང་གྲགས།།
- སྦྲ་ནག་ཚང་རྨེའུ་རུ་སོས་བཞི།།
- ཁྱོད་སྦྲ་གཞུང་འཛིན་པའི་དཔོན་རེད།།
- ཁྱེད་དཔོན་ཆེན་རྩིབ་ཀྱི་བློན་ཆེན།།
- བློན་ཆེན་པོ་གྲོང་མང་མཁས་ཁོ།།
- ཁོ་ཞུ་རྒྱུའི་ཚིག་ཀ་གསུམ་ཡོད།།
- ཚིག་ཞུ་དོན་ཅན་པོ་མ་གཅོག།
- རྨེའུ་ཚང་གི་ཁྲིམས་ར་ནང་གི།།
- ཁོ་ཉི་མའི་གུང་ལ་ཇ་ཞིག།
- ཁོ་ཇ་ཁ་འཕེན་རྒྱུའི་ཞག་ཅིག།
- ཁོའི་དཔྱི་འགོའི་ཞབ་ལ་སྟན་ཞིག།
- ཁོའི་རྒྱབ་ཀྱི་སློག་རུལ་ནང་ལ།།
- ཤིག་སྲོ་མ་ཁྲི་མ་འབུམ་རེད།།
- དེ་བསལ་བའི་ཤིག་སྒྱེ་གཅིག་རེ།།
- ཁོའི་ཕ་ལོའི་ལོ་ཚད་བརྒྱད་ཅུ།།
- ལོ་བརྒྱད་ཅུ་རླུང་གིས་ཟིན་གི།།
- ཁོའི་མ་ལོའི་ལོ་ཚོད་དྲུག་ཅུ།།
- ལོ་དྲུག་ཅུའི་རླུང་གིས་རྫོག་གི།།
- ཞག་བདུན་གྱི་གནང་བ་འེ་སྦྱིན།།
- ཞག་བདུན་གྱི་གནང་བ་སྦྱིན་ན།།
- ཚེ་གཅིག་གི་གོ་གཡོག་ཁོས་བྱེད།།
- ཕྱུག་ཡར་དར་མཐེའུ་ཆུང་ཚོ་བའི།།
- མེད་མུ་གེས་གྲིབ་མ་གནག་གི།།
- ཞག་བདུན་གྱི་ཐོན་ནི་གྱིས་ཟེར།།
- གཡག་དཀར་པོའི་རྐུན་འགོ་བུད་བཞག།