17 Jul 2013
12 min 11 sec
Video Overview
Creators:
Unknown
Artisans of Mongour mani stone carving chisel texts and images into stone in Tsekhok, Qinghai Province.
- Tsekhok
- བཤད་མཁན་དང་པོ།རྩེ་ཁོག་རྫོང་ཐོག་ནས་ནུབ་བྱང་གི་མཚམས་སུ།
- གནག་སྣུམ་གྱི་གཞུང་ལམ་དེད་ནས་སྤྱི་ལེ་བདུན་ཅུ་དོན་གཅིག་བསྐྱོད་པ་ན།
- ད་ལྟའི་ཧོར་ཞང་དུ་སླེབས་པ་དང་།
- དེ་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་གཅིག་དང་ཕྱེད་ཀ་ཙམ་གྱི་ས་ཆ་ན།
- འཛམ་གླིང་ན་སྙན་གྲགས་ཆེ་བའི་བྲག་སྐྱ་ལྷུན་པོའི་རྫོང་ངམ།
- ཧོར་གཏེར་སྟོན་ཆེ་དགུ་ཡོད་ལ།
- དེ་རུ་རྒྱལ་བོའི་གསུང་རབ་རྡོ་ཡི་གླེགས་བམ་ལ་བཞེངས་བའི་
- བཀའ་བསྟན་རྡོ་བརྩིགས་ཆེན་མོ་དེ་ལྷང་ངེར་ངོམས་འདུག
- བཀའ་བསྟན་རྡོ་བརྩིགས་ཆེན་མོ་འདི་ནི་སྤྱི་ལོ་༡༩༢༣་ལོར།
- གཏེར་རྒན་སྐུ་ཕྲེང་གཉིས་པ་མི་ཕན་དགའ་བའི་བློ་གྲོས་ཀྱིས།
- རྒྱལ་བོའི་བསྟན་པ་རིན་པོ་ཆེ་སུམ་མཐའི་བར་དུ་མི་ཉམས་པར་གནས་ཤིང་།
- འབྱུང་བཞིའི་གནོད་པས་མི་འཚིག་པར།
- རྒྱལ་བོའི་གསུང་རབས་རྡོ་ཡི་གླེགས་བམ་བཞེངས་བ་ལས་ལྷག་པ་མེད་པར་མཐོང་ནས།
- ཁོང་གི་ཐུགས་སྲས་འཇིགས་མེད་ཆོས་ཀྱི་ཉི་མ་དང་།
- འཇིགས་མེད་རྡོ་རྗེ་དཔའ་བོ་རྣམ་གཉིས་ཀྱིས།
- ཁམས་ཕྱོགས་ནས་ཕེབས་པའི་ཨ་ལགས་རྡོ་བཟོ་འམ།
- ཁམས་ཀྱི་བླ་མ་ཐུབ་བསྟན་སྐལ་བཟང་དུ་འབོད་པ།
- རྡོ་བརྐོས་ལ་ཤིན་ཏུ་མཁས་པ་ཞིག་ཡོད་པ་དེའི་དྲུང་དུ།
- རྡོ་བརྐོས་ལག་རྩལ་སློབ་སྦྱོང་ལ་དགའ་བའི་མི་འགའ་མངག་དགོས་པར་སྐུལ་བ་ལྟར།
- རང་ས་གནས་གྱི་རྡོ་བརྐོ་བ་མི་ལྔ་བཅུ་ལྷག་སྐྱེད་སྲིང་བྱས་ཏེ།
- རྡོ་བརྐོ་བའི་རྨང་གཞི་ཐོག་མར་འདི་ནས་བཙུགས།
- སྤྱི་ལོ་༡༩༣༧་ལོར་རྗེ་འཇིགས་མེད་ཡི་ཤེས་སྙིང་པས།
- བཀའ་འགྱུར་དང་བསྟན་འགྱུར་རྡོ་ཡི་གླེགས་བར་བཞེངས་བའི་དམ་བཅའ་ཐུགས་ལ་བཟུང་སྟེ།
- ཆོས་སྡེ་འདི་དང་འབྲེལ་བ་ཡོད་པའི་ཧོར་ཚོ་བཞི་གླིང་དྲུག་དང་།
- ཤ་གྲགས་ཚོ་དྲུག་བཅས་ནས་མཐུན་རྐྱེན་གང་ལེགས་སྦྱར་བ་ལ་བལྟས་ནས།
- དགོན་པ་ནས་སྤྱི་ལེ་འགས་ཆོད་པའི་བྱང་ཤར་གྱི་ས་ཆ་ན།
- ཧྭ་བརྡ་ལུང་བ་ཞེས་པ་རུ་རྡོ་བརྩིགས་ཆེན་མོ་འདིའི་རྒྱུ་ཆ་གཙོ་བོར་གྱུར་བའི།
- རྡོ་གཡམ་སྔོན་པོ་སྒོ་གླེགས་ཙམ་ཡོད་པ་དེ་དག་ཁལ་མར་འགེལ་བ་དང་།
- མིས་འཁུར་བ་ལ་བརྟེན་ནས་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་སྐྱེལ་བས།
- ཧྭ་བརྡ་ལུང་པ་རྡོ་རེད།
- ཇོ་མོ་ཚང་མ་གཡག་རེད།
- གྲྭ་བ་ཚང་མ་འབྲོང་རེད་ཅེས་ངག་རྒྱུན་ཞིག་ཀྱང་བྱུང་ཡོད།
- དེ་ལྟར་བཀའ་བསྟན་གཉིས་གཙོ་ཡིན་པའི་གསུང་རབས་དང་སྐུ་བརྙན་མཐོན་པོ་ཞིག
- རྡོ་ཡི་གླེགས་བམ་དུ་བཞེངས་པ་དང་།
- རྡོ་གཡམ་དེ་དག་གི་ཆ་སྙོམས་ཀྱི་མཐུག་ཚད་ལ་སྨི་གཅིག་ནས་སྨི་ལྔ་བར་ཡོད།
- ལོ་ངོ་བཅོ་ལྔ་ཙམ་གྱི་རིང་ལ་བཞེངས་སྐྲུན་བྱས་པའི།
- སྤྱི་ལོ་༡༩༥༢་ལོར་རྡོ་བརྩིག་གི་ཆོས་རྟགས་ཆེ་ཆུང་བཞི་གྲུབ་པ་ལས།
- དགོན་པའི་རྒྱབ་རིའི་སྟེང་གི་བཀའ་བསྟན་གྱི་རྡོ་བརྩིག་ཆེན་མོ་དེ་གཉིས་ནི།
- རྡོ་བརྩིག་ཡོངས་ཀྱི་གཙོ་བོར་གྱུར།
- དེར་བཀའ་འགྱུར་ཚར་གཉིས་དང་བསྟན་འགྱུར་ཚར་གཅིག་བཞུགས་པ་ལ།
- དེབ་གྲངས་སུ་ཕབ་ན་ཆིག་འབུམ་སུམ་ཁྲི་ལྔ་བརྒྱ་ལྷག་ཡོད་ལ།
- བཀའ་འགྱུར་རྡོ་བརྩིག་ནི་ཤར་ནས་ནུབ་ཀྱི་ཕྱོགས་སུ་འཕྲད་དུ་ནར་མོར་བརྩིགས་ཡོད་ལ།
- རིང་ཚད་ལ་སྨི་ཆིག་བརྒྱ་རེ་ལྔ་དང་།
- ཞིང་ཚད་ལ་སྨི་གཉིས།
- མཐོ་ཚད་ལ་སྨི་གཅིག་ལྷག་ཡོད།
- བསྟན་འགྱུར་གྱི་ཆོས་རྟགས་ནི་གྲུ་བཞི་མའི་དབྱིབས་སུ་བརྩིགས་ཡོད་ལ།
- རིང་ཚད་ལ་སྨི་དགུ་དང་མཐོ་ཚད་ལ་སྨི་བཅུ་ཡོད།
- བཀའ་བསྟན་གྱི་ཆོས་རྟགས་སྟེང་བཞུགས་པའི་རྡོ་རྐོའི་གྲས་སུ།
- རྒྱ་གར་གྱི་གྲུབ་ཐོབ་བརྒྱད་ཅུ་དང་རྗེ་འབངས་ཉེར་ལྔ།
- མགུ་རུ་མཚན་བརྒྱད་སོགས་བཞུགས།
- དེ་དག་གི་ཁྲོད་དུ་ཕལ་ཆེར་ཟུར་ལ་སྨི་གཅིག་དང་།
- ཞེང་ལ་ཧྥུན་སྨི་བདུན་ཅན་གྱི་རྡོ་སྐུ་ཆེ་བ་དྲུག་ཅུ་དང་།
- ཟུར་ལ་ཧྥུན་སྨི་དྲུག་དང་།
- ཞེང་ལ་ཧྥུན་སྨི་ལྔ་ཅན་གྱི་རྡོ་སྐུ་འབྲིང་བ་ཆིག་བརྒྱ་ཉེར་གསུམ་དང་།
- ཞེང་ལ་སྨི་གཉིས་དང་།
- ཞེང་ལ་སྨི་གཅིག་ཅན་གྱི་རྡོ་སྐུ་ཆུང་བ་སུམ་སྟོང་དགུ་བརྒྱ་ལྷག་བཞུགས།
- དེ་ལས་ཚོན་རྩི་དང་གསེར་རྩི་བྱུགས་པའི་རྡོ་སྐུས།
- རྡོ་སྐུའི་སྤྱི་གྲངས་ཀྱི་བརྒྱ་ཆའི་དྲུག་ཅུ་ཟིན།
- དེང་གི་སྐབས་འདིར་རྡོ་བརྐོའི་སྒྱུ་རྩལ་འདི་ཤིན་ཏུ་དར་ཁྱབ་ཆེ་བ་མ་ཟད།
- ཡི་གེར་འབྲི་འདོད་ཙམ་གྱིས་གསུང་རབས་ཉུང་ངུ་ལས་བརྐོ་མི་ཐུབ་པའི།
- དམངས་ཚོགས་རང་བཞིན་གྱིས་རིག་གནས་ཐོན་ལས་ཅན་དུ་བརྒྱུར་བ་དང་།
- གཞན་རྒྱལ་བོའི་གསུང་རབས་ལས་བརྒལ་ཏེ།
- མེ་ཏོག་བརྒྱན་རིས་དང་རང་བྱུང་མཛེས་ལྗོངས།
- རི་རབ་ཁང་ཁྱིམ།
- འདབ་ཆགས་རི་དྭགས།
- གཅན་གཟན་སྒོ་ཕྱུགས་སོགས་སྲོལ་རྒྱུན་རི་མོ་རིགས་མང་པོ་བརྐོས་ནས།
- རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འགྲེམ་འཚོང་བྱེད་བཞིན་ཡོད་པས།
- འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་མཐུན་རྐྱེན་བླ་མེད་ཐོབ་ཡོད།
- ལྷག་པར་ཏུ་བཀའ་བསྟན་རྡོ་བརྩིག་ཆེན་མོ་འདིའི་སྟེང་ནས།
- ས་གནས་འདིའི་བོད་རིགས་དམངས་ཚོགས་དང་།
- བོད་མི་རིགས་ཀྱི་བླ་ན་མེད་པའི་ཤེས་རབ་དང་འཇོན་ནུས་མཚོན་པ་མ་ཟད།
- བོད་ཀྱི་ཚབ་བྱེད་ཐུབ་པའི་རྡོ་བརྐོས་རིག་གནས་འདི།
- ཉམས་པ་སོར་ཆུད་དང་མ་ཉམས་གོང་དུ་སྤེལ་བར།
- བོད་ཀྱི་རིག་གནས་པའི་སྡེ་ཁག་མ་ཟད་སེར་སྐྱ་དམངས་ཚོགས་རྣམས་ལའང་།
- གཞོལ་དུ་མེད་པའི་འོས་འགན་ཡོད།
- ཚར་སོང་ངམ།
- སློབ་གྲྭར་འགྲོ་བཞིན་ཡོད་དམ།
- བཤད་མཁན་གཉིས་པ།ཡོད།
- བཤད་མཁན་དང་པོ།གང་དུ་འགྲོ་བཞིན་ཡོད།
- བཤད་མཁན་གཉིས་པ།རྩེ་ཁོག
- བཤད་མཁན་དང་པོ།སློབ་རིམ་དུ་ཡིན།
- བཤད་མཁན་དང་པོ།ཚེ་རིང་རྣམ་རྒྱལ་དང་ཁྱོད་གཉིས་འཛིན་གྲྭ་གཅིག་རེད་ལ།