Video Overview
This is a video of Drolle from Serchen, Amdo singing an archery festival song. This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་་ཡ་རེ་ཡ་རེ་་་་ཡ་རེ་ལེན་དགོ༽
- གཞུ་ཡར་འཁྱོགས་ཤྭ་ར་དཀར་པོ་རེད། །
- འདི་མར་འཁྱོགས་འབྲོང་རྭ་སྨུག་པོ་རེད། །
- འདིའི་གཞུ་ཐིག་བཀྲ་ཤིས་དོན་འགྲུབ་རེད། །
- དོན་འགྲུབ་པའི་ཉི་མ་དེ་རིང་རེད། །
- གླུ་བར་མ་བསྐྱུར་ལ་རྗེས་མ་ལེན། །
- གྲལ་མགོ་སྐོར་ནས་ཕ་ཁུ་རེད། །
- གྲལ་རྔ་བསྐོར་ནས་མ་སྲུ་རེད། །
- གླུ་རྩེད་རིགས་བཀྲ་ཤིས་དོན་འགྲུབ་རེད། །
- དོན་འགྲུབ་པའི་ཉི་མ་དེ་རིང་རེད། །
- གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན། །