Skip to main content Skip to search
05 Jan 2016
1 min 47 sec
Video Overview
Creators: 
Tibetan & Himalayan Library

This is a video of Drolle from Serchen, Amdo singing an archery festival song. This song is part of a collection of folk songs from the Rebgong cultural area.

འདི་ནི་འདིར་ཚོགས་ཁྲོམ་པ་ཡོངས་ཀྱི་ངོ་སོ་དགུང་ལ་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་གཞུ་ཡར་འཁྱོག་ཤྭ་བའི་རྭ་ཅོ་ཡིན་པ་དང་མར་འཁྱོག་འབྲོང་གི་རྭ་ཅོ་ཡིན་པ།  གཞུ་ཐིག་བཀྲ་ཤིས་དོན་འགྲུབ་ཡིན་པ་བརྗོད་དེ་དེ་རིང་བཀྲ་ཤིས་དོན་འགྲུབ་ཀྱི་ཉིན་མོ་ཡིན་པ་དང་།  གྲལ་གྱི་མགོ་ན་ཕ་དང་ཨ་ཁུ་བཞུགས་པ་དང་། གྲལ་གྱི་རྔ་མ་ན་མ་སྲུ་མོ་རྣམས་བཞུགས་པ།  གླུ་རྩེད་རིགས་བླངས་ཏེ་སྐྱིད་ལ་རོལ་བཞིན་ཡོད་པས་དེ་རིང་ནི་བཀྲ་ཤིས་དོན་འགྲུབ་ཀྱི་ཉིན་མོ་ཡིན་པ་བརྗོད་ཡོད།

Transcript search
No results found for this search
0 of 0