Skip to main content Skip to search
07 Sep 2018
5 min 41 sec
Video Overview
Creators: 
Rinchen Dorji, Khandu, Sonam Chophel

Zhungchi Yong Yong, an old Boedra song, describes three birds and their specialities: the beautiful peacock, the Shang Shang, and the Cuckoo. The feather of the peacock is beautiful and should be kept on the altar; the tassel of the Shang Shang is also kept in the altar; lastly, the voice of the cuckoo is melodious. Thus, it seems the special capabilities of these birds are shown as examples to listeners, to advise them to utilize their own special knowledge or capabilities in public. 

ཟོང་ཅིག་ཡོང་ཡོང་ཟེར་མི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ དགོན་ས་ཁ་གཡུས་ཚན་ལས་ ཨ་རྒས་གསུམ་གྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ རྨ་བྱ་དང་ཤང་ཤང་ཟེར་མི་ཅིག་དང་ འདི་ལས་ཁུ་བྱུག་གི་སྐོར་ལས་ འགྲེལ་བཤད་རྐྱབ་མས། རྨ་བྱའི་སྒྲོ་འདི་འཇའ་ཆི་ཆི་ཡོདཔ་ལས་ མཆོད་གཤམ་ཁྲ་མོའི་རྒྱན་ཆ་དང་ བྱ་ཤང་ཤང་ཟེར་མི་འདི་ ལྷ་བྱ་ཅིག་འབདཝ་ལས་ འདིའི་ཕོད་ཁ་འདི་ཡང་ མཆོད་གཤམ་གྱི་རྒྱན་སྦེ་བཞག་དགོཔ་དང་ མཇུག་ར་བྱ་ཁུ་བྱུག་གི་གསུང་སྐད་འདི་ ཧན་ཏོང་ཏོ་ཡོད་ཟེར་མས། ཏེ་བྱ་འདི་ཚུ་དཔེ་སྦེ་བཞག་ཞིནམ་ལས་ ང་བཅས་ར་ཚུ་གིས་ཡང་ རང་རང་སོ་སོ་ལུ་ཡོད་པའི་ ལྕོགས་གྲུབ་དང་ཡོན་ཏན་ཚུ་ སྟོན་དགོ་ཟེར་བའི་དོན་མས། 

Transcript search
No results found for this search
0 of 0
 • ཇོ་ཅུ་དང་ ཆ་རོགས་ཚུ་
  ཟུར་ཆེན་ཡོང་ལ་ཡོང་། །རྨ་བྱ་རྒྱ་ལས་ཨིན་ནོ་ཡ་ལ་ངེད་རྨ་བྱ་ལས། །
 • ཇོ་ཅུ་དང་ ཆ་རོགས་ཚུ་
  རྨ་བྱ་སྐྱེས་པའི་ཡབ་ཡུམ་ཡ་ལ་ཁམས་བཟང་པོ་ལས། །རྨ་བྱ་སྐྱེས་པའི་ཡབ་ཡུམ་ཡ་ལ་ཁམས་བཟང་པོ་ལས། །
 • ཇོ་ཅུ་དང་ ཆ་རོགས་ཚུ་
  ཟུར་ཆེན་ཡོང་ལ་ཡོང་། །རྨ་བྱ་ལེགས་པའི་མདོངས་སྒྲོ་ཡ་ལ་ངེད་མདོངས་སྒྲོ་ལས། །
 • ཇོ་ཅུ་དང་ ཆ་རོགས་ཚུ་
  མདོངས་སྒྲོ་བུམ་པའི་ཁར་རྒྱན་ཡ་ལ་བཀལ་བཞག་དགོ་ལས། །མདོངས་སྒྲོ་བུམ་པའི་ཁར་རྒྱན་ཡ་ལ་བཀལ་བཞག་དགོ་ལས། །
 • ཇོ་ཅུ་དང་ ཆ་རོགས་ཚུ་
  ཟུར་ཆེན་ཡོང་ལ་ཡོང་། །ཤང་ཤང་བོད་ལས་ཨིན་ནོ་ཡ་ལ་ངེད་ཤང་ཤང་ལས། །
 • ཇོ་ཅུ་དང་ ཆ་རོགས་ཚུ་
  ཤང་ཤང་སྐྱེས་པའི་ཡབ་ཡུམ་ཡ་ལ་ཁམས་བཟང་པོ་ལས། །ཤང་ཤང་སྐྱེས་པའི་ཡབ་ཡུམ་ཡ་ལ་ཁམས་བཟང་པོ་ལས། །
 • ཇོ་ཅུ་དང་ ཆ་རོགས་ཚུ་
  ཟུར་ཆེན་ཡོང་ལ་ཡོང་། །ཤང་ཤང་ལེགས་པའི་ཕོད་ཁ་ཡ་ལ་ངེད་ཕོད་ཁ་ལས། །
 • ཇོ་ཅུ་དང་ ཆ་རོགས་ཚུ་
  ཕོད་ཁ་མཆོད་བཤམ་ཁྲ་མོ་ཡ་ལ་བཀལ་བཞག་དགོ་ལས། །ཕོད་ཁ་མཆོད་བཤམ་ཁྲ་མོ་ཡ་ལ་བཀལ་བཞག་དགོ་ལས། །
 • ཇོ་ཅུ་དང་ ཆ་རོགས་ཚུ་
  ཟུར་ཆེན་ཡོང་ལ་ཡོང་། །ཁུ་བྱུག་ལྷོ་ལས་ཨིན་ནོ་ཡ་ལ་ཉིད་ཁུ་བྱུག་ལས། །
 • ཇོ་ཅུ་དང་ ཆ་རོགས་ཚུ་
  ཁུ་བྱུག་ལེགས་པའི་ཡབ་ཡུམ་ཡ་ལ་ཁམས་བཟང་དགོ་ལས། །ཁུ་བྱུག་ལེགས་པའི་ཡབ་ཡུམ་ཡ་ལ་ཁམས་བཟང་དགོ་ལས། །
 • ཇོ་ཅུ་དང་ ཆ་རོགས་ཚུ་
  ཟུར་ཆེན་ཡོང་ལ་ཡོང་། །ཁུ་བྱུག་ལེགས་པའི་གསུང་སྐད་ཡ་ལ་ངེད་གསུང་སྐད་ལས། །
 • ཇོ་ཅུ་དང་ ཆ་རོགས་ཚུ་
  གསུང་སྐད་མི་དམངས་འཛོམས་ས་ཡ་ལ་བཏང་བཞག་དགོ་ལས། །གསུང་སྐད་མི་དམངས་འཛོམས་ས་ཡ་ལ་བཏང་བཞག་དགོ་ལས། །
 • ཇོ་ཅུ་
  ལགས་སོ་ལགས།། །།