Skip to main content Skip to search
28 Aug 2018
2 min 34 sec
Video Overview
Creators: 
Penchela

A story of Ap Wang Drugyal, a man from Wang under Thimphu Dzongkhag, celebrates his cleverness. One day he came to Thimphu from Wang for some work, and stayed until late in the evening. Dominated by spirits in those times, he was somewhat scared to travel at night, so he made a plan as he saw some boys of Chang playing around. Wang Drugay pretended to be drunk and hung his expensive scarf loosely off his body. He wanted the boys to follow him in hopes of getting his scarf after it fell off his shoulder. The boys followed him until he reached home, when he laughed at the boys and thanked them for accompanying him home. 

Transcript search
No results found for this search
0 of 0
  • ཚེ་དབང་ ཏེ་ཨཔ་ཝང་འབྲུག་རྒྱལ་འདི་ འ་ནཱེ་སྦེ་ཨིན་ལོ་ཏེ་ཡར་ང་བཅས་ ཐིམ་ཕུག་ཁྲོམ་ཁར་ལས་ཡར་ བཤལ་འགྱོ་འགྱོཝ་མས་ཁོ་བཤལ་འགྱོ་སྦེ་ཡར་སྡོད་སྡོད་པ་ར་ ཏེ་ནམ་བསྲོ་ཕྱི་རུ་ནམ་བསྲོ་བསྲོཝ་ཅིག་ཡར་སོང་།
    Tshewang:
  • ཚེ་དབང་ ཏེ་ཡར་ལས་མར་ ལོག་མར་ཝང་ལུ་ལོག་འགྱོཝ་ད་ལུ་ཏེ་ལམ་བདའ་ཏེ་དང་ཕུག་བཟུམ་སྦེ་ད་ལྟོ་བཟུམ་སྦེ་ཨཱ་སྣུམ་འཁོར་གྱི་ལམ་མེད་འ་ནཱི་བཟུམ་སྦེ་ཚལ་མ་སྦེ་ཡོདཔ་འདྲས་སྦོ་ཏེ་དེ་ལས་འདྲེ་སྲིན་འདི་ཚུ་ཁ་གདངས་སུ་ཅིག་སྦེ་ཡོད།
    Tshewang:
  • ཚེ་དབང་
    Tshewang:ཏེ་འ་ནཱེ་འབད་སྦེ་ཏེ་ཁོ་འགྱོཝ་ད་དབའེ་ད་འབདན་ ང་ནཱ་ལས་མར་འགྱོཝ་ད་ལུ་ད་ནམ་འདིན་བསྲོ་སོང་ཡི་ ལྟག་མ་འདྲེ་འདི་ཚུ་དང་ཕྱད་འོང་སྨ་རེ་ཟེར་མནོ་འདྲོག་སུ་ཅིག་སྦེ་སྡོད་སྡོདཔ་མས།
  • ཚེ་དབང་ ཏེ་སྡོདཔ་ད་དེ་ལས་ཨ་ནཱི་བསྒང་ ང་བཅས་ལྕང་ལས་གི་ཡར་ ང་བཅས་ར་ལྕང་ཡོད་སྦོ་ལགས་འ་ནཱ་ལྕང་ལས་གི་ཨ་ལོ་ ཁོང་བུཚ་གཞོན་ཅུང་འདི་ཚུ་ཁོང་བཞི་ལྔ་ཅིག་བཤལ་སྡོད་སྡོདཔ་མས་པ་བཤལ་སྡོདཔ་ད་ ཨཔ་ཝང་འབྲུག་རྒྱལ་་ཆང་འདྲང་སོང་འདུག་གསེས་ཏེ་ཨཔ་ཝང་འབྲུག་རྒྱལ་ཁོ་ཨཱ་ཁ་ཀྲི་བཀབ་ནེ་གཅིག་བཀབ་ནི་ཡོདཔ་མས།
    Tshewang:
  • ཚེ་དབང་ མཁའ་དམར་གཅིག་ཏེ་འ་ནཱི་ཏེ་ ཁོ་གིས་ བཀབ་ནེ་འདི་ཏེ་བུད་སག་སག་སྦེ་སྡོདཔ་ད་ འུང་ད་རེས་ཨཔ་འདི་ ཆང་གི་འགྲངས་སོང་འདུག་ལྟག་མ་ཁོ་བཀབ་ནེ་འདི་ ལམ་ཁར་བུད་འགྱོ་འོང་ང་བཅས་ར་བཀབ་ནེ་འཐུ་འབག་འོང་གེ་ཟེར་ཏེ་ཁོང་བསྟུན་འགྲོས་འ་ནཱེ་རྐྱབ་རྐྱབ་མས།
    Tshewang:
  • ཚེ་དབང་ Tshewang
    དེ་ལས་ཏེ་ ཨཔ་ཝང་འབྲུག་རྒྱལ་གྱིས་ཏེ་ཧ་གོ་ཆེ་འདུག་པ་ཏེ་འུང་་ད་རེས་ཁོང་གིས་ ངེའི་བཀབ་ནེ་འདི་བུད་བ་ཅིན་ ཁོང་འཐུ་འབག་ནི་སྦེ་ཨིན་པས་ཁོང་ང་མར་ ངེའི་ཁྱིམ་ནང་ཚུན་ཚོད་འཁྱིད་གེ་ནུག་ཟེར་མནོ་སྦེ་ཏེ་དེ་ལས་ཨཔ་ཝང་འབྲུག་རྒྱལ་གྱིས་ བཀབ་ནེ་འདི་ནང་སྐོར་ནང་ལས་ཁབ་བཏབ་བཞག
  • ཚེ་དབང་ མར་འབུད་འགྱོ་རུང་ ཁོ་ཁབ་ཀྱིས་སྦེ་མི་བཏང་ནི་སྦེ་བཟོ་དེ་ལས་ཁོ་ར་ཆང་འགྲངས་རྫུ་བཏབ་འབད་སྦེ་ཏེ་ཁྱིམ་ནང་ལས་ཁྲོམ་ཁར་ལས་ཐོན་སྦེ་ ཡར་སོང་ནུག་མར་ཁྱིམ་ནང་བལྟག་སྟེ་ ཏེ་འགྱོཝ་ད་ཁོ་ཧེ་མ་ཧེ་མ་ཁོང་ཨ་ལོ་བཞི་ལྔ་གཅིགཔ་འདི་ཏེ་ཏེ་ཤུལ་ཤུལ་བདའ་བདའ་ཏེ་ཨཔ་ཝང་འབྲུག་རྒྱལ་གྱི་ བཀབ་ནེ་བུད་བ་ཅིན་ འཐུ་ནི་སྦེ་འགྱོ་འགྱོཝ་མས་ནཱ་ལས་མར།
    Tshewang:
  • ཚེ་དབང་ ཏེ་སོང་སྦེ་ར་ ཁོ་མར་ཁྱིམ་མའི་སྒོ་ཁར་ར་བཀལ་ད་འདུག་ཁོང་འདི་ཁོང་ཡར་ལས་མར་ཁོང་ཤུལ་ཤུལ་ཤུལ་ཤུལ་ ཁོ་ཧེ་མ་ཧེ་མ་སྦེ་མར་ཁྱིམ་མའི་སྒོ་ཁར་ལྷོདཔ་ཅིག་རྒྱབ་ལོག་བལྟ་སྦེ་ཨ་ལོ་ཚུ་གིམ་ སླབ་མས་ལོ་ཨེང་་་་བཀའ་དྲིན་ཆེ་ཨ་ལོ་ཟེར།
    Tshewang:
  • ཚེ་དབང་ ཁྱོད་ལྕང་ལྕང་གི་བུཚ་འདྲེ་འབད་རུང་ང་ཨཔ་ཝང་འབྲུག་རྒྱལ་ གླེང་གོ་མེན་སྨ་རེ་ཟེར་སླབ་སྦེ་བཀབ་ནེ་འདི་འཐུ་སྦེ་ཨོལ་ལྐོག་ཁར་སྒྲིལ་ ཧེ་ཧེ་ཧེ་སྒྲིལ་འབག་སྦེ་ ཁོ་རའི་ཁྱིམ་ནང་བལྟ་འཛུལ་སོང་ནུག
    Tshewang:
  • ཚེ་དབང་ ལྕང་གི་ཨ་ལོ་ཚུ་བུང་འགམས་ རྒྱབ་ལོག་ཡར་སོང་ནུག་ཏེ་དེ་ནཱ་ར་ཏེ་འ་ནཱི་ཅིག་ ཨཔ་ཝང་འབྲུག་རྒྱལ་གྱིས་ འ་ནཱེ་སྦེ་འབད་ཡི་ལོ་ལགས།
    Tshewang: