Skip to main content Skip to search
16 Feb 2017
1 min 28 sec
Video Overview
Creators: 
Dawa Tshering

མོན་པ་ཚུ་གིས་ ད་ལྟོ་བར་ན་ཡང་ གཡུས་ལྷ་ལུ་གསོལཝ་བཏབ་མི་འདི་ སྔོན་གྱི་ལུགས་སྲོལ་ཅིག་ཨིནམ་ད་ འདི་ཡང་ ངོ་མ་ར་རེད་ཀྱི་ཕུད་གསར་ཕུལ་ནིའི་དོན་ལུ་ རང་ཟླ་བརྒྱད་པ་དང་ དགུ་པའི་ནང་ བྱཱ་བསྡུ་བའི་སྐབས་འབདཝ་ཨིན་པས། འདི་བཟུམ་གྱི་ཕུད་ཕུལ་ནིའི་ ལུགས་སྲོལ་འདི་ ངང་ལ་ཤིང་གི་འདབ་མ་ནང་སྦེ་ ཕུལ་དགོཔ་ལས་ མ་འདྲཝ་ཅིག་འདུག། རི་ཏི་གཡུས་ཚན་ལས་ སེངྒེ་གིས་ ཁོ་རའི་ སྦ་སྒོར་གྱི་ཟེར་ཁར་སྦེ་ མཐའ་འཁོར་ཚུ་ གཞི་རྟེན་སྦེ་བཞག་ཐོག་ལས་ ལོ་རྒྱུས་བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • སེང་གེ།
    མོན་པ་ནང་གི་ལྷ་གསོལ་ ཀླུ་གསོལ་གྱི་སྐྱབས་འཚོལ་བའི་སྐོར་ལས་ཞུ་བ་ཅིན།
  • སེང་གེ།
    དུས་དང་ཕུ་ལས་རང་ ང་བཅས་ར་གི་ཕ་བརྒྱུད་ བུ་བརྒྱུད་ ཡང་བརྒྱུད་གསུམ་ནང་གི་ དགེ་དཀར་ཆོས་ཡོད་པའི་ དཔེ་འབད་ཞུ་བ་ཅིན།
  • སེང་གེ།
    དེ་ཡང་ ནམ་སྨོ་ཟེར་བ་ཅིན་ ཟླཝ་བརྒྱད་པ་དགུ་པ་ནང་ རེད་བརྔ་བའི་སྐབས་ལུ་ རེད་བརྔཝ་ད་ལུ་ ལྟོ་འབད་ཞིནམ་ན་ལས་མཆོད་དགོ།
  • སེང་གེ།
    དེ་ལས་ ལྟོ་ནངས་རཔ་འབད་ཞིནམ་ལས་ ལྟོ་བཤམ་ནིའི་དོན་ལུ་ ངང་ལག་གི་ཤོམ་འདབ་ལེན་པར་འགྱོ་དགོ།
  • སེང་གེ།
    དེ་ལས་ ངང་ལག་ཤོམ་འདབ་འབག་འོང་ཞིན་ན་ འདབ་མ་གུར་བླུགས་ཞིནམ་ལས་ དེ་ལས་འདབ་མ་གུ་བཀང་སྦེ།
  • སེང་གེ།
    ཏེ་འ་ནཱི་འདི་ མོན་གྱི་ལྷ་མཆོད་སྲོལ་གྱི་ལམ་ལུགས་འདི་ འ་ནཱི་སྦེ་ཨིན།། །།