Skip to main content Skip to search
16 Feb 2017
2 min 10 sec
Video Overview
Creators: 
Dawa Tshering

གསར་སྤང་རྫོང་ཁག་ རི་ཏི་གཡུས་ཚན་ལས་ སེངྒེ་གིས་ རི་ཏིའི་གཡུས་ཚན་ནང་ ལོ་བསྟར་བཞིན་དུ་ གཡུས་ལྷ་ལུ་ གསོལ་མཆོད་ཕུལ་སྲོལ་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས། གསོལ་མཆོད་དང་པ་འདི་ བྱཱ་གི་ཐོན་ཁུངས་ ལེགས་ཤོམ་འོང་ནིའི་དོན་ལུ་ ལྕང་ལཱ་འགོ་བཙུགསཔ་ད་འབདཝ་ཨིནམ་ད་ ཤུལ་མམ་འདི་ བྱཱ་འཚོཔ་ད་ རེད་གསརཔ་གི་ཕུད་འདི་ དགའ་ཚོར་གྱི་དོན་ལུ་ གཡུས་ལྷ་དང་ བཙན་འདི་ཚུ་ལུ་ ཕུལ་ནིའི་དོན་ལུ་ གསོལ་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ནང་ ངང་ལ་གི་འདབ་མ་ནང་ ཕུད་ཕུལ་ནི་འདི་ ལུགས་སྲོལ་མ་འདྲཝ་ཅིག་ཨིན་པས 

Transcript search
No results found for this search
0 of 0
  • སེང་གེ།
    ད་ ང་བཅས་ཀྱི་མོན་གྱི་ལྷ་ འ་ནཱི་མཆོད་ཐངས་ཀྱི་ཁུངས་འདི་དང་འཁྲིལ་བ་ཅིན་ ག་དེ་སྦེ་མཆོད་དགོཔ་སྨོ་ཟེར་བ་ཅིན།
  • སེང་གེ།
    དང་པ་ལུ་ ལྕང་ལཱ་རྐྱབ་ད་ལུ་ ཚར་ཅིག་ལྟོ་ཕུད་དྲང་དགོ། ལྟོ་ཕུད་དྲངས་ཐང་འདི་ཡང་ ལྟོ་བཟོ་ཞིན་ན་ ཚོགས་བཟུམ་ཅིག་ལུ་དགོ།
  • སེང་གེ།
    དེ་ལས་ ཚོགས་ཕུལ་ཚར་ཞིནམ་ལས་ དེ་ལས་རྐྱང་ལཱ་རྐྱབ། དེ་ལས་ མཇུག་ར་ བྱཱར་འཚོ་ བྱཱར་འཚོ་བའི་སྐབས་ལུ་ ཏེ་ལྟོ་ཕུད་ཕུལ་དགོ།
  • སེང་གེ།
    ལྟོ་ཕུད་ ག་དེ་སྦེ་ཕུལ་དགོ་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་ འ་ནཱི་འདབ་མ་ན་ འདབ་མ་བཅད་འབག་འོང་ཞིནམ་ལས་ ལྟོ་འབད་དེ་ ཡར་ཚོགས་བཀང་ཞིན་ན་ལས་ཕུལ་དགོ།
  • སེང་གེ།
    དེ་ལས་མཇུག་རང་ མཇུག་རང་ག་དེ་སྦེ་བཟོ་དགོཔ་སྨོ་ཟེར་བ་ཅིན་ མཆོད་དགོཔ་སྨོ་ཟེར་བ་ཅིན་ དང་ཕུ་དཔའ་བོ་དང་དཔའ་མོ་ཡོདཔ་ད་ལུ་ ཏེ་ག་ཅི་སླབ་ནི་ཡོདཔ་སྨོ།
  • སེང་གེ།
    དཔའ་བོ་དཔའ་མོ་མེད་རུ་རང་ སྲིབ་བརྡུངས་ཏེ་ རེད་ཆུ་ནང་སྦང་ སྲིབ་བརྡུངས་ཏེ་ དེ་ལས་འདབ་མ་བཅད་འབག་འོང་ཞིན་ན་ འདབ་མ་ཡར་མཆོད་བཤམ་བཟོ་སྟེ།
  • སེང་གེ།
    དེ་ལས་ འ་ནཱི་སྦེ་ དང་པ་བསྡམས་ཏེ་ འདབ་མ་ནང་ ཨ་ཕི་ཕུངམ་བཅིངས་ཏེ་ དཔྱངས་ཞིན་ན་བཟོ་དགོ་ལགས། འ་ནཱི་བཟུམ་ལུ་དཔྱངས་ཏེ་ ང་བཅས་ཀྱི།
  • སེང་གེ།
    མོན་གྱི་ལྷ་ འ་ནཱི་འདི་ དཀར་ཆོས་ཨིན། དང་ཕུ་འབད་བ་ཅིན་ ནག་ཆོས་འབད་སྡོད་ནུག ད་ ད་རིས་ནངས་པར་ ནག་ཆོས་འབད་མི་མེད།
  • སེང་གེ།
    འ་ནཱི་སྲིབ་ཕུད་དང་ ལྟོ་ཕུད་ འ་ནཱི་ ད་རི་ནངས་པར་ཡང་ མ་ཉམས་པར་འབད་དགོཔ་ཨིན།། །།