Video Overview
རྩེད་རིག་འདི་རྒྱུན་ལྡན་དུ་བུད་མེད་རྣམས་ཀྱིས་ལེན་ལ་སྟོན་མོ་ཆེ་མ་ཆུང་གསུམ་གང་གི་སྐབས་སུའང་ལེན།
- ཨ་རྩེད། ༼འགྲོ་ཡེ་རྩེད་དུ་ཨ་འགྲོ་འགྲོ།༽
- སྟོད་ཀྱི་རི་ཆུང་སྨུག་པ་ཅན།
- རི་སྨུག་པ་ཅན་ལ་རི་དྭགས་འཁྱིལ།
- རི་དྭགས་འཁྱིལ་ན་གཞི་བདག་དགའ།
- ཨ་རྩེད། ༼འགྲོ་ཡེ་རྩེད་དུ་ཨ་འགྲོ་འགྲོ།༽
- བར་གྱི་དཔོན་པོ་བྱམས་སེམས་ཅན།
- དཔོན་བྱམས་སེམས་ཅན་ལ་བློན་པོ་འཁོར།
- བློན་པོ་འཁོར་ན་དཔོན་པོ་དགའ།
- ཨ་རྩེད། ༼འགྲོ་ཡེ་རྩེད་དུ་ཨ་འགྲོ་འགྲོ།༽
- སྨད་ཀྱི་མམཚོ་མོ་རླངས་པ་ཅན།
- ཉ་སྲམ་འཁོར་ན་མཚོ་བདག་དགའ།