Skip to main content Skip to search
25 Oct 2017
3 min 4 sec
Video Overview
Creators: 
Yeshi Wangchuk

An account of invoking a local deity was narrated by Angay Pelden Zangmo from Dagphel village in Zhemgang Dzongkhag, based on her experience living there her entire life. During the invocation event, pigs and roosters were slaughtered in the past, but now people believe that slaughtering animals is a sin. Thus, today roosters have been replaced by eggs and pork is purchased from the meat shop. Invocations are done to supplicate local deities and ensure a fruitful year in the community. 

གཡུས་ལྷ་གསོལ་ཐངས་ཀྱི་སྐོར་ལས་ བཤད་པ་རྐྱབ་མི་འདི་ གཞལམ་སྒང་རྫོང་ཁག་ བདག་འཕེལ་གཡུས་ཚན་ལས་ ཨང་རྒས་དཔལ་ལྡན་བཟའ་མོ་ཨིནམ་ད་ མོ་གིས་ མོ་རའི་མི་ཚེ་ནང་ མཐོང་མཐོང་མའི་ ལམ་སྲོལ་དང་ ཉམས་མྱོང་འདི་ཚུ་ བརྗེ་སོར་འབདཝ་མས། དེ་བསྒང་འབད་བ་ཅིན་ གསོལ་མཆོད་ཀྱི་དུས་སྟོན་ཚུ་ནང་ ཕགཔ་དང་ བྱ་འདི་ཚུ་བསད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་འབད་བ་ཅིན་ མི་ཚུ་གིས་ སེམས་ཅན་གསད་ནིའི་ལམ་ལུགས་འདི་ ལེགས་ཤོམ་མེནམ་ ཧ་གོ་སྟེ་ བྱའི་ཚབ་ལུ་ སྒོང་རྡོག་དང་ ཕག་ཤ་འདི་ཁྲོམ་ཁར་ལས་ ཉོ་སྟེ་འབད་དོ་ཡོདཔ་མས། གསོལ་མཆོད་འདི་ཡང་ གཙོ་བོ་ར་ གཡུས་ལྷ་འདི་ཚུ་བསྟོད་པ་ཕུལ་བའི་སྒོ་ལས་ མི་སྡེའི་ནང་ དགའ་སྐྱིད་དང་ ཞི་བདེ་ཚུ་འབྱུང་ཐབས་དང་ རྐྱེན་ངན་བར་ཆད་ཚུ་ ག་ནི་ཡང་མེད་པར་ བཀྲིས་ཕུན་སུམ་ཚོགས་ཐབས་ལུ་ཨིན་པས། 

Transcript search
No results found for this search
0 of 0
  • དཔལ་ལྡན་བཟང་མོ་ Pelden Zangmo
    དང་ཕུ་འདི་ ཆོས་སྲུང་གནངམ་ད་ལུ་ཕགཔ་གཅིག་བསདཔ་མས་ ཕགཔ་འདི་ ཨོལ་ལྐོག་བཏོག་ཞིན་ན་ ནཱ་ལས་ཁྲག་བཏོན་ཏེ་ ཨ་ནཱི་ཏིང་ནང་བསྐང་བཞག་ གཏོར་མ་བཞེངསམ་ད་ གཏོར་མ་གུ་ཨ་ནཱི་བྲན་ནི་ཨིན།
  • དཔལ་ལྡན་བཟང་མོ་ Pelden Zangmo
    དེ་ལས་བསམ་གླིང་ཟེར་ བསམ་གླིང་ལུ་ བྱ་པོད་གཅིག་གསད་འོང་ བསམ་གླིང་ལུ་ བྱ་པོད་འདི་རྒྱུ་མ་ནང་ཁྲོལ་ག་ར་བཏོན་ཏེ་ ཁོ་ར་རྐྱངམ་ཅིག་སྤུངས་ཚོགས་འབད་ སོ་སོ་འབད་བཀང་དགོ
  • དཔལ་ལྡན་བཟང་མོ་ Pelden Zangmo
    ཕགཔ་གི་ཨ་ནཱི་འདི་ ནཱ་ལས་བཏོག་ ནཱ་ལས་བཏོག་ ཨོལ་ལྐོག་བཏོན་ཏེ་ ཧྲིལ་པོ་འབད་ སོ་སོ་བཀང་དགོ་ འདི་སློབ་དཔོན་གྱི་སྐུ་སྐལཝ་ཨིན་མགུ་ཏོ་འདི་ ཉི་མ་ཟླ་བ་བཟོ་སྟེ་ དེ་སྦེ་ཉི་མ་ཟླ་བ་གཏོརམ་གུ་ དཀར་རྒྱན་ཉི་མ་ཟླ་བ་བཟོ་སྟེ་ དཀར་རྒྱན་བཞེངས་མི་འདི་ཡང་བཀལ་འོང་ལགཔ་གུ།
  • དཔལ་ལྡན་བཟང་མོ་ Pelden Zangmo
    རྐང་གཟུག་ལོགས་གཅིག་ཁ་ལུ་ འདི་བཀལ་ འདི་ཆ་ཚང་འཐུ་སྟེ་ རྐང་གཟུག་དང་ མགུ་ཏོ་དང་ག་ར་ཆ་ཚང་འཐུ་སྟེ་ བླ་མ་ལུ་ཕྱག་འགྱེདཔ་ཟེར་རུང་ ག་ཅི་འབད་རུང་ ད་རེས་ནངས་པར་བཟུམ་སྦེ་ ཕྱག་འགྱེདཔ་མེད་ འ་ནཱི་ཅིག་རང་ཨིན་ དེ་ལས་ ལྟག་ཀོ་གཅིག་ཨིན་ཁོ་ལུ།
  • དཔལ་ལྡན་བཟང་མོ་ Pelden Zangmo
    དེ་ལས་གཞན་ཚུ་དམངས་བཀུག་ཞིནམ་ལས་ ནང་གི་ཨམ་ཆ་ཁྱབ་ལུ་ ལྟོ་བྱིན་རུང་ང་བཅས་ར་གིས་བྱིན་འོང་ མགྱོནམ་ཕྱམ་ཕྱིམ་ལུ་ མགྱོནམ་བཀུག་སྟེ་བྱིན་རུང་ང་བཅས་ར་གིས་བྱིན་སྦེ་ གསོལ་ནི་ཡོད་ལགས་ལྷ། ད་ཕགཔ་བསད་ནི་ཡང་བཀོ་བཞག་ཅི།
  • དཔལ་ལྡན་བཟང་མོ་ Pelden Zangmo
    བདུད་འཇོམས་ལས་ གསད་ནི་མེད་པའི་ ཞུ་སྟེ་འབག་མི་ ཨ་ཁུ་སངས་རྒྱས་ཨིན་ལགས། གཞལམ་སྒང་ལས་ པདྨ་སྒྲོལ་མ་མཁྱེན་ཡ? མཁྱེན་དོ་འོང་པདྨ་སྒྲོལ་མ་དང་པང་ལ།
  • ཡེ་ཤེས་རྒྱ་མཚོ་ Yeshi Jamtsho
    ཤེས་པང་ལ་ པང་ལ་ཤེས།
  • དཔལ་ལྡན་བཟང་མོ་ Pelden Zangmo
    པང་ལ་དང་ པདྨ་སྒྲོལ་མ་ པདྨ་སྒྲོལ་མ་གི་ཨ་པ་ཨིན་ ཁོ་གིས་རོགས་བདུད་འཇོམས་ལས་ བཀའ་ཐམ་ཞུ་འབག་སྟེ་ བྱ་པོད་ཡང་མ་བསད།
  • ཡེ་ཤེས་རྒྱ་མཚོ་ Yeshi Jamtsho
    སྐྱབས་རྗེ་བདུད་འཇོམས་ལས་ཡ་ལགས?
  • དཔལ་ལྡན་བཟང་མོ་ Pelden Zangmo
    ཨ?
  • ཡེ་ཤེས་རྒྱ་མཚོ་ Yeshi Jamtsho
    སྐྱབས་རྗེ་བདུད་འཇོམས?
  • དཔལ་ལྡན་བཟང་མོ་ Pelden Zangmo
    ཨོང་ བདུད་འཇོམས་ཨོང་ འ་ནཱི་ལས་ཞུ་འབག་སྟེ་ དེ་ལས་ བྱ་པོད་ཡང་མ་བསད་ བྱམོ་ཡང་མ་བསད་མེན་ ཕག་ཡང་མ་བསད་ ད་སྐམ་ཆ་འབད་དེ་ ཕགཔ་ཤ་ཉོ་སྟེ་ སྐམ་ཆ་འབད་དེ་ཕུལ་དོ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་ད་འབད་ནི་མིན་འདུག་སྨོ་འདི།
  • དཔལ་ལྡན་བཟང་མོ་ Pelden Zangmo
    མེད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་འབདཝ་ད་གནོད་ནི་མིན་འདུག་ག་ལགས? མི་གནོད་པས་ག་ལགས? འ་ནཱི་མ་འབད་བ་ཅིན་ མ་འབད་རུང་ རང་ལུ།
  • དཔལ་ལྡན་བཟང་མོ་ Pelden Zangmo
    མ་གནོད་ ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བཟའ་ཚང་ཚུ་ལུ།
  • དཔལ་ལྡན་བཟང་མོ་ Pelden Zangmo
    བསམ་གླིང་ལུ་སྒོང་རྡོག་ སྒོང་རྡོག་འབད་ཕུལཝ་ཨིན་ ཧེ་མ་བྱ་པོད་སྦེ་ཕུལ་ས་ལུ། ད་སྒོང་རྡོག་འབད་ཕུལཝ་ཨིན་ ཨ་ནཱི་ཕགཔ་ཤ་འདི་ ཕྱི་ཁ་ལས་ཉོ་འབགཔ་ཨིན་ གནོད་པ་བཀལ་ནི་འདི་ག་ནི་ཡང་མེད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།། །།