Video Overview
People discuss altitude sickness and the associated symptoms. They discuss how altitude sickness can cause vomiting/nausea, headache, an inability to sleep, trouble with breathing, fatigue, and dizziness. They also discuss what can be done about it, including consuming water and using an oxygen inhaler.
- Lhasa
- ཀ།ཨེམ་ཇེ་དབང་འདུས་ལགས།
- ཀ།ལགས་ཨའོ།
- ཀ།ང་དེ་རིང་འདི་ག་རེ་རེད།ས་ཆ་མཐོ་པོར་སླེབས་ཙང་བྱས་པ་འདྲ།མགོ་བོའི་ན་ཉན་འདྲ་ཅིག་སྐྱུག་མེར་ལངས་ཉན་འདྲ་ཅིག་བང་གོག་བསྡམས་ཉན་འདྲ་ཅིག་སྐྱུག་ཀ་ཡོང་ཉན་འདྲ་ཅིག་བྱེད་གི་ཨ་ནི་ག་རེ་འདྲ་ཅིག་བྱས་ན་དགའ་གི་ཡོད་ན།ཐབས་ཤེས་འདྲ་ཅིག་
- ཀ།ད་སྤྱིར་བཏང་བྱས་པ་ཡིན་ན།ང་རང་ཚོས་འདིར་ལ་དུག་ཟེར་གྱི་རེད་པ།ས་ཆ་མཐོ་པོའི་གང་ལ་ལ་དུག་ཟེར་གྱི་རེད་དང་།ད་ལ་དུག་དེ་ག་རེ་ཟེར་ན་སྤྱིར་བཏང་བྱས་པ་ཡིན་ན་གཟུགས་པོ།ཨོང་སྐྱོ་པོ་ཡོད་པ་འདྲ་དེ་ཚོ་གང་ག་ཡའ་གནས་ཚུལ་དེ་ཡོའོ་རེད།ཨོང་།ད་འདི་ཐབས་ཤེས་གཞན་དག་ཟེར་གའི་ཡོའོ་མ་རེད་ལགས།ཨོང་དཔེར་ན་ད་ང་རང་ཚོས་མཐོ་པོ་དེ་འདྲས་གང་ལ་ཐད་དུས་གང་ནས་ཕྱུར་སྐམ་འདྲ་པོ་དེ་འདྲས་མཆོད།ཨོང་དེ་མིན་སྐྱུར་མོའི་རིགས་དེ་ག་རེ་ཡོད་ནའི་དེ་འདྲས་ཏིག་ཙམ་མཆོད།ཨ་ནི་ངལ་གསོ་མང་ཙམ་སྐྱོན།ད་ད་དུང་དེང་སང་ཨ་ནི་གསར་པ་འདོན་པའི་སྨན་ཅིག་བཏུང་བྱའི་སྨན་ཅིག་ཡོའོ་རེད།
- ཀ།ལོའོ་སོ།ག་རེ་ཡོད་ན།
- ཀ།ད་སྨན་དང་ང་རང་ཚོ་ཨ་ནི་སྐྱེམ་དང་ད་སྦྲགས་གཅིག་འདྲ་པོ་ཅིག་རེད་ད།ད་འདི་ག་རེ་ཟེར་སོང་ན།སོ་ལོ་དམར་པོ་ཟེར་འདི་རེད།སོ་ལོ་དམར་པོ་འདི་མཆོད་དང་ཨ་ནི།འདིས་ག་རེ་ཟེར་ན།ང་རང་ཚོའི་མཁའ་རླུང་གི་ཨ་ནི་གསར་རྗེས་བྱེད་ཡས་དེའི་ཡ་ཨ་ནི་གཟུགས་པོའི་གསར་རྗེས་བྱེད་ཡས་དེར་ཕན་ཐོགས་ཞེ་དྲག་ཡོའོ་རེད།འདི་མཆོད་པ་ཡིན་ན།དབུ་སྙུང་ཡས་དང་ཨོའོ་ལ་དུག་ཕོག་པ་དེ་ཚོར་ཡ་ཕན་པོ་ཞེ་དྲག་ཡོའོ་རེད།
- ཀ།ལོའོ་སོ།
- ཀ།ཨ་ནི།ཨོའོ་།སྐྱུག་མེར་ལངས་ཀྱི་ཡོའོ་རེད་པ།
- ཀ།ཨོང་།སྐྱུག་མེར་ལངས་ཀྱིས།
- ཀ།གཅིག་པ་རེད།ད་ང་རང་ཚོས་བོད་ལ་ཡིན་ན་མང་ཆེ་བ་གིས་རི་བསྐོར་འདྲ་པོ་དེ་འདྲས་ལ་ཐད་བྱེད་དུས་དེ་འདྲས།ཨོའོ།མ་ཙང་༼མ་གཞི་༽ནས་མང་ཆེ་བ་འདི་རྒན་འཁོགས་ལ་འདི།ན་ཚ་འདི་ལ་དུག་བརྒྱབ་ཡས་འདི་མང་པོ་ཡོའོ་རེད།ད་གཞོན་ནུའུར་དེ་མང་པོ་སྟེ་ཡོའོ་མ་རེད་དེའི།ད་རེ་གཉིས་ཙམ་ཡོའོ་རེད།དེ་ཚོ་གང་།གང་ག་ལོག་གོ་ཟེར་ནའི་ང་རང་ཚོ་ལ་དུག་གི་རྟགས་ཅིག་རེད།ནད་རྟགས་ཅིག་རེད།ལ་དུག་ཕོག་ཡས་ནད་རྟགས་ཅིག་རེད།ད་དེ་ཚོའི་འགྲས་ག་རེ་ཟེར་ན།ཨོང་།ཧོབ་དེ་ཡའ་རི་དང་ཅི་དག་ག་རེ་ཡིན་ནའི་ས་ཆ་མཐོ་པོར་ཡའ་འཛེགས་གནང་དུས་ཨ་ནི་ཧ་ཅང་གི་ཨ་ནི་མགྱོགས་པོ་དང་དེ་འདྲས་ཨ་ནི་མྱུར་པོ་ཞེ་དྲག་གནང་རྒྱུ་ཡོའོ་མ་རེད།ག་ལེར་ག་ལེར་ཐད་དགོས་རེད།ཨ་ནི་འདི་བྱུང་ན་ནི།ད་ཁ་ཤས་ཀྱིས་སོན་ལ་ཕུག་གི་ཁ་ལག་འདྲ་པོ་དེ་འདྲས་བརྔོས་བཞག་པ་དེ་འདྲས་བསྣམས་ཀྱི་འདུག་གང་ད་འདི་ག་རེ་ཟེར་ན།ཁོ་གཅིག་ག་རེ་ཟགས་སྐྱུར་མོ་བྱས།གཅིག་ཨོང་ཁོ་དེའི་ཕན་གྱི་ཡོའོ་རེད་ད་ག་རེ་ཟགས།སྒྱུག་མེར་ལངས་ཡས་བཟོ་འདྲ་དེ་འདྲས།ཨོང་།ཨོའོ་དེ་འདྲས་ཏིག་ཙམ་ཏིག་ཙམ་མཆོད་གནང་དང་།
- ཀ།བྱས་ན་ཕྱུར་ར་འབང་ནའི་འགྲིག་གི་རེད།རེད་པ།
- ཀ།ཨོའོ་འགྲིག་གི་རེད།ཕྱུར་ར་སྐྱུར་མོ་འབང་ན་ལའི་ཕན་པོ་ཞེ་དྲག་ཡོའོ་རེད།ཨ་ནི་གཙོ་བོ་འདི་ངལ་གསོ་མང་ཙམ་སྐྱོན་དགོས་ཀྱི་ཡོའོ་རེད་ད།ངལ་གསོ་མང་ཙམ་སྐྱོན་པ་ཡིན་ན་ཀོ་ག་ལེར་ག་ལེར་བྱས་ནས་མར་འཇག་འགྲོ་གི་རེད་ཨོང་།
- ཀ།ཨ་ནི་འདི་ག་རེ་ཟགས།དེང་སང་མི་དབུགས་ཤིག་མཐུང་གི་འདུག་གང་།ཨེ་འདྲས་ཟེ།
- ཀ།ཨོང་།དབུགས་རྔུབ་ཡས་དེ་རེད་པ།
- ཀ།དབུགས་རྔུབ་ཡས་དེ་རྔུབ་ན་ཡག་པོ་ཡོའོ་རེད་པས།
- ཀ།ཨོང་།དེ་ཡག་པོ་ཞེ་དྲག་ཡོའོ་རེད།ད་འདི་དེང་སང་ག་རེ་ཟེར་ན།དེ་གནང་པ་ཡིན་ན་ད་སྨན་ཁང་རང་ལ་ཡ་ཕེབས་བྱས་དེ་འདྲས་གནང་ན་མ་གཏོགས་ཡང་དེ་འདྲས་མཐོ་པོའི་གང་ལ་ཡ་ང་རང་ཚོའི་དེ་འདྲས་རྔས་མགོའི་ནང་ལ་བླུགས་བཞག་པ་དེ་འདྲས་འདུག་གང་ལགས།ཨོའོ་དེ་འདྲས་བསྣམས་བྱས་ཐད་བྱས་ཡ་གེའི་གང་ལ་ཡ་བསྣམས་པ་ཡིན་ན་ཡང་སྙུང་པ་དེ་གར་ལམ་སང་དེ་གར་དེ་རྔུབ་གནང་དང་ཡང་གསང་དེ་འགྲོ་གི་རེད།
- ཀ།ཨོའོ་ཟེར་གྱི་འདུག་གང་།
- ཀ།ཨོང་ལགས།ད་ག་རེད།
- ཀ།ཕན་ཉན་འདྲ་ཅིག་བྱེད་ཀྱི་འདུག་གང་།
- ཀ།ཨོའོ་དེ་འདྲས་རེད།ཨོའོ་འདུག་ཟེར་གནང་དང་ཡག་པོ་ཡོའོ་རེད།