Video Overview
Kanjur from Thongphugang village in Lhuntse distict, sings a song called "Chocha Ngacha". It is an Alo song, used to express sadness. This is one of the most popular kind of songs in eastern Bhutan. It is usually sung when people are alone or after the departure of a loved one. The song expresses sadness over being elderly and not living a well-fulfilled life, or not being able to practice the dharma in one's old age.
༉ གླུ་གཞས་ལུ་ ལྷམ་པ་མ་འདྲཝ་ལེ་ཤ་ཡོད་པའི་ནང་གསེས་ ཡོངས་གྲགས་ལུ་ ཤར་ཕྱོགས་པའི་ཨ་ལོ་ཟེར་ སེམས་སྐྱོ་བའི་གནས་སྟངས་ཅིག་ནང་འཐེན་སྲོལ་ཡོདཔ་ཨིན། དཔེར་ན་ ལོ་གསར་ཟ་བའི་སྐབས་ ཕམ་རྒན་ཤོས་ཆ་ཁྱབ་ ལོ་གསར་ལེ་ཤ་ཟ་བའི་བསྒང་ལས་ ཕམ་ཆ་ཁྱབ་ལོ་རྒས་པའི་རྟགས་མཚན་སྟོནམ་ཨིན་ཟེར་ སེམས་མ་དགའ་བའི་གནས་སྟངས་ཅིག་ནང་ དེ་ལས་ཕམ་སྤུན་ཆ་ཚུ་གཅིག་ཁར་འཛོམས་ཞིནམ་ལས་ ལོག་སྟེ་ཕར་ཚུར་ཁ་འབྱལ་བའི་གནས་སྐབས་ནང་ཡང་ སེམས་སྐྱོ་བའི་ཤུགས་ཀྱིས་ ཨ་ལོའི་གླུ་གཞས་ དེ་སྦེ་འཐེན་སྲོལ་ཡོདཔ་ཨིན། ཤར་ཕྱོགས་པའི་ཨ་ལོ་འདི་ ཡོངས་གྲགས་ལུ་ ཨ་ལོ་མི་གཏང་ཟེར་ན། །ལས་དང་སྐྱོ་མོས་མ་བཞག །ཨ་ལོ་གཏང་གེ་ཟེར་ན། །གཏོང་གཏོང་ལྐོད་མས་མ་བཏུབ་ཟེར་ དེ་སྦེ་འཐེན་སྲོལ་ཡོདཔ་ད་ ལྷུན་རྩེ་སྟོང་ཕུ་སྒང་ལས་ བཀའ་འགྱུར་གྱིས་འཐེན་མི་འདི་ ཁོ་རའི་གཡུས་སྐད་ནང་སྦེ་འཐེནམ་ཨིན་པས།
- Autsho
- བཀའན་འགྱུར།/Kanjur:ཨ་ལོ་ལ་གཏང་སྟེ་ལ་གསུང་གནང་། །ང་སུ་ཆང་ལ་མི་ཡི་མུ་འོ། །
- བཀའ་འགྱུར།/Kanjur:ཨ་ལོ་ལ་གཏང་སྟེ་ལ་གསུང་གནང་། །ང་གདོང་ཆང་ལ་མི་ཡི་མུ་འོ། །
- བཀའ་འགྱུར།/Kanjur:ཨའི་བུ་ཆུང་ལ་ལ་མོ་བརྒལ་ཚེ། །ང་ཨའི་ཧིང་གི་ལ་ལ་མོ་ལ་བརྒལ་དོ། །
- བཀའན་འགྱུར།/Kanjur:ཨའི་ལ་ཡུམ་ལ་གཡུས་ལས་ལ་བཞུགས་ཤིག །སྐུ་ཚེ་བར་ཆད་ལ་མེད་ན། །
- བཀའ་འགྱུར།/Kanjur:ང་མཇལ་བའི་སྨོན་ལམ་ཆགས་པ། །ང་གསང་ཡུམ་ལ་ཀྲིག་ཀྲི་འོ་ལ། །
- བཀའ་འགྱུར།/Kanjur:ང་དཀར་ཕྱོགས་ལ་ལུང་པའི་སོང་ཚེ། །ང་ཆུ་མོ་ལ་མ་མཐར་ཤུམ་སྟེ། །ལགས་སོ། །