Skip to main content Skip to search
31 Jan 2017
4 min 23 sec
Video Overview
Creators: 
Sherig Dentshog

A song known as the Alo of Dungsam sung here by Jangchub Wangmo from Nanglam village of Zobel gewog in Pemagatshel distrct is a song expressing sadness. Going by the lyrics of the song, it expresses sadness on having to depart after having been together and also expresses aspiration to meet later. This is named as Dungsampai Alo because this song of sadness was originated from a place known as Dungsam in Pemagatshel.

གདུང་བསམ་པའི་ཨ་ལོ་འདི་ པདྨ་དགའ་ཚལ་རྫོང་ཁག་ བཟོ་སྦལ་་རྒེད་འོག་ ངང་ལམ་གཡུས་ཚན་ལས་ བྱང་ཆུབ་དབང་མོ་གིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ སྐྱོ་སྣང་ཅན་གྱི་སྐོར་ལས་ སླབ་ཨིན་པས། གླུ་གཞས་ཀྱི་ཚིག་དང་འཁྲིལ་པའི་སྐབས་ ཚར་ཅིག་གཅིག་ཁར་འཛོམས་པའི་མཐའ་མར་ སོ་སོར་ཁ་འབྱལ་་ཏེ་ འཁྲུལ་སྣང་ལངས་དོ་ཡོདཔ་ལས་ ཤུལ་ལས་ལོག་གཅིག་ཁར་འཛོམས་པའི་ རེ་འདོད་ཡོད་ཟེར་མས། འཁྲུལ་སྣང་ཅན་གྱི་གླུ་གཞས་འདི་ གདུང་པདྨ་དགའ་ཚལ་ལས་ ཐོན་ཐོནམ་འབདཝ་ལས་ གདུང་བསམ་པའི་ ཨ་ལོ་ཟེར་ སླབ་ཨིན་པས།

Transcript search
No results found for this search
0 of 0
  • བྱང་ཆུབ་དབང་མོ་ Jangchub Wangmo
    ཆུ་མོ་ལ་འབབ་ས་གཅིག་ཀྱང་། །ཨའེ་འགྲོ་ན་ལ་རང་རང་ལ་སོ་སོ། །
    The river flows from one point. while going, we have to go our own way.
  • བྱང་ཆུབ་དབང་མོ་ Jangchub Wangmo
    ཨའེ་རྒྱ་གར་ལ་རྡོ་རྗེ་གདན་ག །ཨའེ་འཛོམས་པའི་ལ་སྨོན་ལམ་བཏབ་ཤོག །
    In Dorjidhen in India lets meet there, is my prayers.
  • བྱང་ཆུབ་དབང་མོ་ Jangchub Wangmo
    ཨའེ་སྐྱེས་ས་ལ་སྤུན་ཆ་གཅིག་ཀྱང་། །ཨའེ་སྡོད་ས་ལ་རང་རང་ལ་སོ་སོ། །
    Us, Siblings born to same parents. but have to live differently.
  • བྱང་ཆུབ་དབང་མོ་ Jangchub Wangmo
    ཨའེ་ལྷོ་ཕྱོགས་ལ་འཛམ་བུ་གླིང་ག །ཨའེ་སྐྱེ་བའི་ལ་སྨོན་ལམ་བཏབ་ཤོག །
    In the sourthern world(the earth) let us be born there, is my prayers.
  • བྱང་ཆུབ་དབང་མོ་ Jangchub Wangmo
    ཨའེ་ད་རིས་ལ་མཇལ་བ་མ་ཚད། །ཨའེ་སང་ཕོད་ལ་མཇལ་བའི་ལ་སྨོན་ལམ་ཞུ། །
    We have met this time and let us meet next year is my prayer.
  • བྱང་ཆུབ་དབང་མོ་ Jangchub Wangmo
    ལགས་སོ།། །།
    laso!