Skip to main content Skip to search
07 Feb 2017
2 min 53 sec
Video Overview
Creators: 
Sherig Dentshog

འབྲུག་གི་གླུ་གཞས་ཀྱི་ དབྱེ་རིམ་དང་འཁྲིལ་བ་ཅིན་ ཨ་ལོ་ཟེར་མི་འདི་ ནང་འཁོད་ཀྱི་ གླུ་གཞས་ཀྱི་གྲངས་སུ་ཚུདཔ་ཨིནམ་ད་ གླུ་གཞས་འདི་ཡང་ རྒྱལ་ཁབ་ཀྱི་ ཤར་ཕྱོགས་ལུང་ཕྱོགས་ནང་ ཡོངས་གྲགས་ཅན་ཅིག་ཨིན་པས། གླུ་གཞས་འདི་ པདྨ་དགའ་ཚལ་རྫོང་ཁག་ ཤ་ལི་གཡུས་ཚན་ལས་ ཚེ་རིང་བཟང་མོ་གིས་ འཐེནམ་ཨིནམ་ད་ འདི་བཟུམ་གྱི་གླུ་གཞས་འདི་ འཁྲུལ་སི་སི་གི་རང་བཞིན་ཅིག་ཨིནམ་ད་ མང་ཤོས་ཅིག་ བྱ་སྟབས་མ་མ་བདེཝ་རེ་བྱུང་པའི་སྐབས་སུ་ རྩམ་དོ་ཡོདཔ་ཨིན་པས། ད་ལྟོའི་གླུ་གཞས་འདི་གིས་ མཐའ་མཇུག་ལུ་ལྷོདཔ་ད་ སེམས་ཅན་ག་ར་ འཁོར་བ་སྤང་འགྱོ་དགོ་པའི་ འཁོར་བ་མི་རྟག་པའི་སྐོར་ལས་སྟོནམ་ཨིན་པས། 

Transcript search
No results found for this search
0 of 0
  • ཚེ་རིང་བཟང་མོ་ Tshering Zangmo
    ཨའེ་ཨ་ལོའོ་ལ་ཨ་ལོའོ་ཨའེ་ལ་ཨ་མ། །ཨའེ་ཤིང་དང་ལ་ཤོ་མེ་(མོ་)ཨའེ་ལ་གཉིས་ཀ །
    Aii alo la alo....aii a mother. Aii....both the tree and the dice divination
  • ཚེ་རིང་བཟང་མོ་ Tshering Zangmo
    ཨའེ་མ་འབྲལ་གཏམ་གྱི་ལ་ཁ་ཚིག །ཨའེ་ལོ་མ་ལ་དབུགས་ཚེ་ཨའེ་ལ་ཆད་སོང་། །
    Aii....the words of commitment for inseparation. Aii....while a breath of the leaves stops
  • ཚེ་རིང་བཟང་མོ་ Tshering Zangmo
    ཨའེ་མ་འབྲལ་ལ་རང་དབང་མ་ལ་མ་ལ་(མིན་འདུག་)སེ། །དེམ་ཅིག་སྦེ་བཞག་གེ་ཨ་ལོ།། །།
    Aii....there is no other solution than to separate. Will keep up to this, my child.