Video Overview
A couple talk about different kinds of allergies.
- Lhasa
- ཀ།ད་གཟིགས་དང་འདེའི།
- ཀ།ཨོའོ་ཙི།ག་རེ་བྱས་པ་རེད་པས་དབང་འདུས་ལགས།
- ཀ།ཁ་སང་སྦྲང་ནོར་བུས་ཕྱི་ལོག་ནས་སོ་བརྒྱབ་བྱས།
- ཀ།ཨོའོ་ད་ཞེ་པོ་ཅིག་བསྐྲངས་ཤག་
- ཀ།ད་ང་འདི་དེའི་སྔོན་ནས་ད་ག་བྱེད་ཀྱི་ཡོད།འདི་སྡུག་ཅག་ཞེ་པོ་འདུག་ད།ད་བསྐྲངས་ཡོང་གི་འདུག་གང་།བསྐྲངས་བྱས་བདེ་པོ་ཁྱོན་ནས་མི་འདུག་ཡར་ལག་པ་འབོས་ཡོང་བྱས།བསྐྲངས་ཡོང་གི་འདུག།
- ཀ།ད་ངའི་བྱེད་ཀྱི་ཡོད་བྱས།ང་ནི་སྡུག་པ་ཅིག་ལ་ཕྱི་ལོག་ལ་ཕྱིན་པ་རེད་པ།མེ་ཏོག་མེ་ཏོག་བྱས་དེ་ནས་རྩ་གཅིག་འདུག་གང་།སྣ་ཁུང་སྣ་ཆུ་ཅིག་འདོན།མིག་འདི་འགས་འདི་ཅིག་ཚ།ཨཱོ་ད་ཞོ་འདུག་གང་།ཞོ་དང་འོ་མ་མཐུང་དང་ནི་ཨཱོ་ད་ཡང་ཡའི་གྲོད་ཁོག་མ་བདེ་པ།ཨོའོ་ཙི།ད་ཁ་སང་སྨན་ཁང་ལ་ཕྱིན་པ་ཡིན་པས་ནི་ཁོ་ཆིན་རྨི་སུ་༼སྨན་རིགས་ཤིག་༽ཟགས་མ་རེད་པས།ཁོ་བརྒྱབ།ཡང་ཡའི་འདི་མ་འཁྲོས་པ་བྱས།ཨོའོ་ད་ངའི་མ་འཁྲོས་པ་མང་ག་ལ་བྱེད་ཉན་མེད།ད་དུང་ག་རེ་ཟགས་སྨན་གཅིག་མེད་པས།ག་རེ་ཟགས་མི་ཕྱི་རྒྱལ་སྨན་རེད་ག་རེ་རེད།ཨ་སེ་པི་ལིན་༼སྨན་རིགས་ཤིག་༽ཟགས་མ་རེད་པས།ཨོའོ་ད་འདིའི་གཅིག་ཡའི་འཁྲོས་ཀྱི་མེད།ངའ།ད་ཁྱེད་རང་འདི་ཞ་དག་ད་སྨན་ཁང་ལ་ཐད་ན་མ་བཞིན།
- ཀ།ད་སྨན་ཁང་ལ་འགྲོ་པ་ཡའི་ག་རེ་བྱེད་དགོས་རེད།འདི་ལས་སླ་པོ་ལ་འཇག་གི་མི་འདུག་ལགས།དམར་པོ་ཆག་
- ཀ།བྱས་ཙང་།སྨན་གྱིས་འཁྲོས་ཀྱི་ཡོད་ཀྱི་མ་རེད་པ།
- ཀ།འོང་ཨོང་།འཁྲོས་ཀྱི་མ་རེད་ལགས།ངའི་ཁྱེད་རང་དང་འདྲ་པོ་འདྲ་པོ་རེད་ལགས།
- ཀ།བྱས་ཙང་ཨོའོ་ཁོ་རེ་དུས་ཚོད་འདྲ་ཅིག་གི་ཨེ་འདྲས་བྱེད་ཀྱི་འདུག་གང་།
- ཀ།ད་ཁོ་རེ་རང་བཞིན་གྱི་མར་འཇག་ན་འཇག་པ་རེད་མ་གཏོགས།ད་འཕུར་འཕུར་འདྲ་བཏང་ཨ་ནི་ཞག་ཚི་འདྲ་ཅིག་བྱུགས་ཅིག་བྱས་ན་མ་གཏོགས།
- ཀ།བྱས་ཙང་།ཨེ་འདྲས་འདྲ་ཅིག་རེད་ཞག་
- ཀ།གཞན་ཐབས་ཤེས་མི་འདུག་
- ཀ།ཨེ་འདྲས་འདྲ་ཅིག་མིན་འགྲོ་རེད་པ།