Video Overview
In this video a local bow maker is crafting a new bow as he prepares for an archery match. A hard type of bamboo, locally known as 'Leeshing' in Tshanglakha/Sharchop, is cut from the forest and kept over a fireplace to dry. The man picks a pair of bamboo pieces, measuring with his fingers an appropriate length for the two halves. Traditional bamboo bows are made by putting together two halves into one bow. After getting the needed length, the dust on the bamboo is washed off. Then the craftsman uses a knife and a hand plane to refine and shave off unwanted parts of bamboo, according to the design of the bow. The process continues by heating the bamboo over a fire in order to strengthen the power in the bow. The bamboo is then cooled down for some time before the craftsman puts the two halves together, binding the ends together with a rubber band. He uses a metallic wire to join the bamboo, then removes the rubber band a drills a hole in the center into which he nails a piece of bamboo.
པདྨ་དགའ་ཚལ་རྫོང་ཁག་ ནོར་བུ་སྒང་ལས་ པདྨ་གསལ་སྒྲོན་གྱི་ རང་ལུགས་ཀྱི་ཆང་ ཨ་ར་བཟོ་དོ་ཡོདཔ་ཨིན། མོ་གིས་ ཨ་ར་བཟོ་ནིའི་དོན་ལུ་ ཆང་གི་ཞོ་ནང་ལས་ རླངསམ་བཙག་ཐངས་ཀྱི་ གོ་རིམ་ཚུ་ རེ་རེ་བཞིན་དུ་ སྟོན་དོ་ཡོདཔ་ཨིན།
- Pemagatshel
- པདྨ་གསལ་སྒྲོན་/ Pema Seldon:ཆང་བཟོ་དོ་ལགས།
- པདྨ་གསལ་སྒྲོན་/ Pema Seldon:ཆང་བཟོ་དོ་ང་ འ་ནི་ཆང་ ཕར་ཚུར་འབད་ནི་ འབག་ནི་གི་ ཐུང་ནི་གི་
- པདྨ་གསལ་སྒྲོན་/ Pema Seldon:དེམ་ཅིག་གི་བཏུབ་
- པདྨ་གསལ་སྒྲོན་/ Pema Seldon:འ་ནི་འདི་ ཐབ་ལུ་བཀལ་ནི་ཨིན་ལགས་
- པདྨ་གསལ་སྒྲོན་/ Pema Seldon:དེ་ལས་ འ་ནི་འདི་ ནང་ཁོ་(ནང་ན་བཙུགས་མི་གི་ཀ་ལ་རྫམ་ཆུང་ཀུ)ཟེར་སླབ་ཨིན་ལགས་ གའི་ཁོ་(ཡར་ ཐོག་ཁ་བཀལ་མི་ཀ་ལ་ཛམ)།
- པདྨ་གསལ་སྒྲོན་/ Pema Seldon:འ་ནི་འདི་ ནང་ཁོ་ འ་ནི་འདི་ ནང་ཁོ་ཟེར་སླབ་ཨིན་ལགས།
- པདྨ་གསལ་སྒྲོན་/ Pema Seldon:དེ་ལས་ འདིའི་ནང་ལུ་འདི་ འ་ནི་བཙུགས་ནཱི་ལགས་ དེ་འབད་ལགས་
- པདྨ་གསལ་སྒྲོན་/ Pema Seldon:འབག་ཤོག་ཇག་(ཆུ་བླུག་ནི་ཧོད)
- ནུམོ་/ Sister:གཡོ་གཡོཝ་འདུག་ཁྱོད་ཀྱི་
- པདྨ་གསལ་སྒྲོན་/ Pema Seldon:དེ་ལས་ རང་ གག་དྲག་(strong)སྦེ་ཐུང་ནི་ཟེར་བ་ཅིན་ ཆུ་ཨ་ཙི་ཅིག་ཉུང་སུ་ཅིག་སྦེ་ ད་ རང་ ཨ་ཙི་ཅིག་ ཧ་སི་སི་སྦེ་ཐུང་ནི་ཟེར་བ་ཅིན་
- པདྨ་གསལ་སྒྲོན་/ Pema Seldon:ཆུ་ཨ་ཙི་ཅིག་ ནང་ན་ལེ་ཤཱ་བླུག་དགོ
- ཤེས་རིག་དོན་ཚོགས་/ Sherig Dentshog:ཆང་འདི་ འ་ནཱི་ ནང་ཁོ་ནང་ལུ་ བསག་ནི་སྨོ་ལགས།
- པདྨ་གསལ་སྒྲོན་/ Pema Seldon:ད་ འདི་ནང་ལུ་བསག་འོང་ལགས་
- པདྨ་གསལ་སྒྲོན་/ Pema Seldon:ད་ འ་ནཱི་ ཁ་ཏཝ་(ཐོག་ཁ་གི་ཀ་ལ་)
- པདྨ་གསལ་སྒྲོན་/ Pema Seldon:འ་ནཱི་ ཀ་ལ་ འ་ནཱི་འདི་ ཀ་ལ་རྫམ་ཨིན་ལགས་ ཁ་ཏཝ་ལགས་
- པདྨ་གསལ་སྒྲོན་/ Pema Seldon:འ་ནི་འདི་ འཁྱུ་ནི་ལགས་
- པདྨ་གསལ་སྒྲོན་/ Pema Seldon:ད་ འ་ནཱི་ཆུ་བླུག་ནི་ ཐོག་ཁ་ཆུ་བླུག་དགོ
- པདྨ་གསལ་སྒྲོན་/ Pema Seldon:ད་ འ་ནི་ཆང་ ཆུ་ ཨ་ཙི་ཅིག་ ཏེམ་ཏེམ་མ་བླུག་པ་ཅིན་ ཆང་ ཨ་ཙི་ཅིག་ ནང་ན་ ལེ་ཤཱ་མི་བུད་ལགས་ ཏེམ་ཏེམ་བླུག་དགོ་
- པདྨ་གསལ་སྒྲོན་/ Pema Seldon:ད་ འ་ནི་འདི་
- ནུམོ་/ Sister:རས་བག་ཏང་(ཁ་ཤགས)ལུ་འབད་དེས་
- པདྨ་གསལ་སྒྲོན་/ Pema Seldon:འ་ནི་འདི་ རླུང་མི་བཏང་ནིའི་དོན་ལས་ཨིན་ལགས་
- པདྨ་གསལ་སྒྲོན་/ Pema Seldon:དེ་སྦེ་བཀལ་འོང་ལགས་ ཆང་ཟེར་མི་འདི་
- བྱ་པོདཔ་/ Cock:ཀེ་ཀོ་རེ་ཀེའུ་
- བྱ་པོདཔ་/ Cock:ཀེ་ཀོ་རེ་ཀེའུ་
- པདྨ་གསལ་སྒྲོན་/ Pema Seldon:ཆུ་གཉིས་འདི་འགྱོ་ཡི་
- བྱ་པོདཔ་/ Cock:ཀེ་ཀོ་རེ་ཀེའུ་ཀི
- བྱ་པོདཔ་/ Cock:ཀེ་ཀོ་རེ་ཀེའུ་
- ཤེས་རིག་དོན་ཚོགས་/ Sherig Dentshog:གག་གྲག་འདུག་ག
- པདྨ་གསལ་སྒྲོན་/ Pema Seldon:གག་གྲག་འདུག
- པདྨ་གསལ་སྒྲོན་/ Pema Seldon:ཡ་ སྐུདཔོ་ བྲོཝ་བལྟ་ད་ ཧེ་ཧེ་
- རྨགཔ་/ Husband:ཚར་ཡི་
- རྨགཔ་/ Husband:ཚར་ཡི་ ཐུང་སྟེ་
- པདྨ་གསལ་སྒྲོན་/ Pema Seldon:ཚར་ཡི་ ཆུ་གཉིས་ནང་ཕབ་ཅིག
- ནུམོ་/ Sister:ཨོ་རྒྱན་ ཆང་འབག་སྟེ་ ཆང་ སྔོ་སྟེ་ཐུང་ནི་
- རྨགཔ་/ Husband:དབའི་ ཆང་ཐུང་ན་
- ཚཝ་/ Tshaw:ཨ་ཞང་ཐུང་ནི་ཨིན་ན་
- པདྨ་གསལ་སྒྲོན་/ Pema Seldon:སྡོད་ ཇ་བཀལ་དགོ་བའི་(?)
- པདྨ་གསལ་སྒྲོན་/ Pema Seldon:ཆང་ རྫམ་གཅིག་ རྫམ་གཅིག་ཚར་ཡི་ ཆང་ཡང་ ཧ་ཧ་ཧ་