Skip to main content Skip to search
31 Mar 2015
3 min 39 sec
Rating
0
No votes yet
Video Overview
Creators: 
sonam Chophel, Dawa Tshering

༉  གླུ་གཞས་ ཡ་ལ་ཨེ་ལེ་སངས་རེད་ལ། །ཨེ་མོ་ཨེ་སངས་མ་ཎི་པད་ལ་མེ་ཧཱུཾ། ཟེར་བའི་གླུ་གཞས་འདི་ འབྲུག་གི་གླུ་གཞས་རྙིང་ཤོས་ བོད་སྒྲའི་ཁོངས་གཏོགས་ཅིག་ཨིན་མས། དེ་ཡང་ ཚིག་ཚུ་ཚོང་དཔོན་ནོར་བུ་བཟང་པོ་ཚོང་ལུ་འགྱོཝ་ད་ ལ་གཅིག་ལ་གཉིས་ལ་གསུམ་བརྒལ་ཏེ་འགྱོ་བའི་ཤུལ་ལུ་ ཐང་དེ་སྦོམ་ཡང་མི་སྦོམ་པདྨའི་ཐང་། །ཐང་དེ་ཆུང་ཡང་མི་ཆུང་པདྨའི་ཐང་། །ཟེར་ ཐང་དེ་ནང་ལུ་ གུར་ཅིག་སྤུབས་ཏེ་ ཨམ་ལ་ཡག་བཟངམོ་གིས་ལ་མར་བཙུགས་ཏེ་ བསྲུ་ཇ་ཅིག་བསྲུ་བའི་སྐོར་ལས་འཐོནམ་ཨིན་མས། དེ་ལས་ ཇ་ཕུད་དང་པོ་དང་གཉིས་པའི་གོ་རིམ་དང་འཁྲིལ་ཏེ་ དང་པ་མཚན་ལྡན་བླམ་ལུ་དྲངས། གཉིས་པ་དབང་ཆེན་དཔོན་པོ་ལུ་གོ་རིམ་འབད་དྲངས་པའི་སྐོར་ལས་འཐོན་ནི་འདུག

Show More

  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཨེ་མོ་ཨེ་གསང་མ་ཎི། །པད་ལ་པད་ཧཱུཾ། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཚོང་དཔོན་ནོར་བུ་བཟང་པོ། །སྐུ་ངལ་ཅིག་གནང་། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ལ་གཅིག་ལ་གཉིས་ལ་གསུམ། །ཕར་ལ་གཅིག་བརྒལ། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཐང་འདི་སྦོམ་ཡང་མི་སྦོམ། །པད་མའི་ལས་ཐང་། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཐང་འདི་ཆུང་ཡང་མི་ཆུང་། །པད་མའི་ལས་ཐང་། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཐང་འདི་སྦོམ་ཡང་མི་སྦོམ། །པད་མའི་ལས་ཐང་། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །གང་རི་དཀར་པོ་འདྲ་བའི། །གུར་ལ་གཅིག་སྤུབས། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །སྟག་བཀོད་གཏོང་སྐུདཔ་འདྲ་བའི། །གུར་ཐག་ལ་གཅིག་སྒྲིགས། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཙན་དན་སྡོང་པོ་འདྲ་བའི། །གུར་ཤིང་གཅིག་གཅོད། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །རི་བ་སྤུན་གསུམ་འཛོམས་པའི། །རྫིབ་ལ་གཅིག་བཙུགས། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨ་ལེགས་གསང་རི་ལ། །ཤེལ་དཀར་རྒྱ་ལས་འཐོན་པའི། །ཀ་ལ་གཅིག་བཀལ། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཡས་རི་གཙང་ཆུ་འདྲ་བའི། །ཆུ་ལ་ཅིག་དབོགས། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཇ་འདི་ཕུལ་བྱ་ཨིན་ཟེར། །ཁྱབ་ལ་ཅིག་གཏོར། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཚྭ་འདི་གསོལ་ཚྭ་ཨིན་ཟེར། །ཁྱབ་ལ་ཅིག་གཏོར། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །མར་འདི་ལ་མར་ཨིན་ཟེར། །ཇ་ལ་ཅིག་སྲུག །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཨ་མ་ལ་ཡག་བཟང་མོའི། །ཇ་ལ་ཅིག་བཙུགས། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཇ་ཕུད་དང་པ་མཚན་ལྡན། །བླ་མའི་ལས་དྲང་། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །བྱིན་རླབས་སྲུང་སྐྱེད་གནང་མིའི། །ཁ་ཚིག་གཅིག་བཟེད། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཇ་ཕུད་གཉིས་པ་དབང་ཆེན། །དཔོན་པོ་ལས་དྲངས། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཟས་ནོར་ལོངས་སྤྱོད་ཅིག་གནང་མིའི། །ཁ་ཚིག་གཅིག་བཟེད། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །ཇ་ཕུད་(བཞི་པ)་གསུམ་པ་ཡབ་ཆེན། །ཨ་པ་ལས་དྲང་། །
  • པདྨ་ལྷ་སྒྲོན་དང་ཆ་རོགས།
    Pema Lhadon & Friend: ཡ་ལ་ཨེ་ལེགས་གསང་རི་ལ། །གཏམ་དང་ཚིག་གསུམ་གནང་མིའི། །ཁ་ཚིག་གཅིག་བཟེད། །