Video Overview
Kato Kyi from Sonak village in Tsekhok tells the story of the hardships faced by a prince after his mother's death.
་རྒྱལ་སྲས་ཤིག་གི་ཨ་མ་སྔོན་ནས་འདས་ཟིན་པས་རྒྱལ་བོའི་བཙུན་མོ་ཆུང་བ་དེས་རྒྱལ་སྲས་ལ་བདག་སྐྱོང་ལེགས་པོ་ཞིག་མ་བྱས་པའི་གཏམ་རྒྱུད་བརྗོད་ཡོད།
བརྙན་ཐུང་འདིར་སྔོན་རྒྱལ་སྲས་ཤིག་གི་ཨ་མ་ཚེ་ལས་འདས་པས། རྒྱལ་བས་བཙུན་མོ་བཞན་ཞིག་བླངས་པ་དང་། མོ་ལའང་བུ་ཞིག་འཁྲུངས། འོན་ཀྱང་བཙུན་མོ་དེས་རྒྱལ་སྲས་ཆེ་བ་ལ་བདག་སྐྱོང་ལེགས་པོ་མི་བྱེད་པ་མ་ཟད་ནམ་རྒྱུན་དུ་ཁོ་ལ་གནོད་པ་དང་ཕྲག་དོག་བྱེད་པ་ཡིན། རེ་ཞིག་རྒྱལ་བོའི་བུ་ཆེ་བ་དེ་ཕྱིར་རུ་ཚོང་གཉེར་དུ་འགྲོ་རུ་བཅུག། བཙུན་མོས་སྲས་ཆུང་བའང་འགྲོ་དགོས་ཟེར་ནས་ཁོ་གཉིས་མཉམ་དུ་བཏང་། སྲས་ཆེ་བས་ས་ཆ་ཞིག་ནས་རྒྱུ་ནོར་མང་པོ་རྙེད་ཀྱང་ཕྱིར་ཡོང་སྐབས་བུ་ཆུང་བས་གནོད་བྱས་ནས་ཕུ་བོའི་རྒྱུ་ནོར་རྣམས་རང་གི་ཡིན་ཁུལ་བྱས་ཏེ་ཕྱིར་རྒྱལ་སར་ལོག ཡང་སྲས་ཆེ་བ་སྟབས་ལེགས་ཏེ་རྒྱལ་ཁབ་གཞན་ཞིག་ལ་བྱས་རྗེས་བཞག་རྗེས་རྒྱུ་ནོར་གང་མང་བྱིན་པ་དང་། ཕྱིར་ཕོ་བྲང་ལ་ལོག་རྗེས་བཙུན་མོས་ཕྲག་དོག་བྱས་ནས་རང་གི་བུའང་དེར་འགྲོ་རུ་བཅུག་པས་ཕྱིར་ཡོང་མེད་སོང་བའི་གཏམ་རྒྱུད་བརྗོད་ཡོད།
讲述了一位王子的母亲早已离开了人世,国王的第二任妃子没有好好待他,处处找他麻烦,最后她把自己的儿子送死的故事。
这段视频讲了一位王子的母亲去世后,国王娶了另外一个妃子且生了一个儿子。但是国王的第二任妃子从来都不好好待大王子,处处找他麻烦。国王得知后让大王子去做生意,王妃让二王子也跟着去了。之后大王子赚了很多钱,在回宫的路上却被二王子骗取。但是幸运的事他有在另外一个国家立了功,又得到了很多财产,回宫后王妃因为嫉妒让二王子也去了,之后没再回来。说明了害人等于害己。
- གནའ་ཞིག་ལ་རྒྱལ་བོ་ཞིག་ལ་བཙུན་མོ་ཞིག་ཡོད།
- བཙུན་མོ་ལ་བྱིས་པ་ཞིག་ཡོད།
- བྱིས་པ་གཅིག་ཡོད།
- བྱིས་པ་གཅིག་སྐྱེས་རྗེས་བཙུན་མོ་ཤི་སོང་།
- བཙུན་མོ་ཤི་སོང་།
- དེའི་རྗེས་ནས་རྒྱལ་བོས་ཡང་བསྐྱར་བཙུན་མོ་ཞིག་བླངས།
- དེ་ལ་ཡང་བྱིས་པ་ཞིག་སྐྱེས།
- བྱིས་པ་གཉིས་ཀ་ལས་བཙུན་མོ་དེ་ཨ་མ་ཤི་བའི་བྱིས་པ་དེར་མ་གཅེས་པ་རེད།
- མ་གཅེས་པར་དེས་སྡུག་མྱངས་ནས་བསྡད།
- ཟས་བཅུད་ཟ་མ་ཞིག་ཡིན་ན།
- གྱོན་པ་ཞིག་ཡིན་ན་ཁྱད་ཏག་ཏག་བཏོད་ནས་བསྡད།
- བུ་ཆེ་བ་ཡི་དྭགས་ཀྱིས་ལོག་ནས་ནར་ཡང་མ་སོན།
- དེ་ནས་རྒྱལ་བོ་ཡིས་འདི་ལྟར་བསྡད་ན།
- བུ་མཆོག་ཏུ་གྱུར་བ་ཞིག་ཡོང་རྒྱུ་མ་རེད་འདོད་ནས།
- དགོན་པའི་ནང་ལ་འཇོག་འདོད་དེ་གྲྭ་བ་ཞིག་ལ་བཅོལ།
- བཅོལ་བ་དེར་བཙུན་མོ་དེས་དེར་ཕྲག་དོག་བྱས་ནས།
- འདི་གྲྭ་བ་བཅོས་ན་ངའི་བུ་ཡིས་གན་ན་གཡོག་བྱེད་དགོས་རྒྱུ་རེད་འདོད་ནས།
- བུ་ཆུང་བ་ཡང་གྲྭ་བ་བྱེད་དགོས་ཟེར།
- བུ་གཉིས་པོ་གྲྭ་བ་བཅོས་ན་རྒྱལ་ས་སུ་ཡིས་འཛིན་དགོས།
- གཉིས་ཀ་དགོན་པའི་ནང་ནས་བསྡད་ན་འགྲིག་ནི་མ་རེད།
- ཕྱིར་ཡོང་འདོད་ཡོད་པ་དེ་རྒྱལ་ས་འཛིན་དུ་འཇུག
- དགོན་པའི་ནང་ནས་བསྡད་འདོད་པ་དེ་འདུག་ཏུ་བཅུག
- གྲྭ་བ་ངེས་པར་དུ་བྱེད་དགོས་ཟེར།
- གཉིས་ཀ་དགོན་པའི་ནང་དུ་བསྐྱལ།
- དེ་ནས་དགོན་པའི་ནང་དུ་བསྐྱལ་ནས།
- ཟས་བཅུད་ཟ་མ་ལ་བཙུན་མོ་ལས་རྒྱལ་བོ་ཡིས་ཁ་ཡ་མ་བྱས་པ་རེད།
- མོ་ཡིས་བུ་ཆེ་བ་ལ་གྱོན་པ་བཟོས་ན་བར་ལ་རྩྭ་ལ་སོགས་པ་རལ་བ་བཞག
- རང་གི་བུ་ལ་གྱོན་པ་བཟོས་ན་བར་ལ་མ་མོག་དང་བལ་བཞག
- དྲོན་མོ་དང་འཇམ་པོ་བཅོས།
- ཕྱི་ནས་བལྟས་ན་ཡག་པ་གཅིག་ཡིན།
- ནང་ནས་བལྟས་ན་ཡང་ནང་ནས་གཉིས་ཀ་དྲོད་མི་འདྲ་བ།
- འཇམ་ཤ་མི་འདྲ་བ་དེ་འདྲ་བྱས།
- ཟ་མའི་ཕྱོགས་ནས་ཀྱང་ཁྱད་ཏག་ཏག་བཏོད་ནས།
- གྲྭ་བ་དེ་ཡིས་ཉིན་ཞིག་ལ་འདི་ཅི་ཞིག་ཡིན་འདོད་ནས།
- བུ་ཆེ་བ་ནར་སོན་རྒྱུ་མེད་པ།
- འདི་ངའི་ལག་ནས་ཤི་རྒྱུ་རེད་འདོད་ནས།
- ཉིན་ཞིག་ལ་གྲྭ་བ་དེས་ཁྱོད་གཉིས་ཡུལ་ལ་སོང་།
- ཡུལ་ལ་སོང་དང་ཨ་མས་དེ་རིང་ཁྱོད་གཉིས་ལ་ཟ་མ་ཅི་ཞིག་ལས་ན།
- ང་ལ་སྐལ་ཞིག་ཁྱེར་ཤོག་ཟེར་བས་ཡ་ཟེར།
- དེ་ནས་ཁོ་གཉིས་ཡུལ་ལ་སོང་བས།
- ཨ་མས་དགོང་མོ་ཁོ་གཉིས་ལ་ཚོད་མ་བཅོས།
- ཚོད་མ་བཅོས་ནས་བུ་ཆུང་བ་ལ་ཤ་ཡི་ཚོད་མ་བཅོས།
- བུ་ཆེ་བ་ལ་རྩྭ་ཡི་ཚོད་མ་བཅོས།
- དེ་ནས་ཁོ་གཉིས་ཀྱིས་དཀར་ཡོལ་ནང་ནས་གསུམ་རེ་གསུམ་རེ་བསྐྱུར་ཏེ།
- འདི་ངེད་གཉིས་ཀྱིས་ནངས་མོར་ཨ་ཁུ་ལ་སྐལ་ཁྱེར་དགོས་ཟེར།
- དེ་ནས་ཨ་མས་འོ་ན་བཟང་གི
- ང་ལ་འཆོལ་དང་ནངས་མོར་ཁྱོད་གཉིས་ཀྱིས་ཁྱེར་ནས་སོང་།
- ནངས་མོར་ཁོ་གཉིས་ཀྱི་ལག་ལ་ཤ་ཚོད་གསུམ་རེ་གསུམ་རེ་བཞག
- དེ་ནས་དེ་ཁྱེར་ནས་སོང་སྟེ་ཨ་ཁུ་ལ་བྱིན།
- ཁྱོད་གཉིས་ཀྱིས་འདི་ཅི་ལྟར་ཁྱེར་ཡོང་བ་ཡིན།
- ཁྱོད་གཉིས་ཀྱིས་ཁ་རོག་གེར་ཁྱེར་ཡོང་བ་ཡིན་ནམ།
- ཁྱོད་གཉིས་ཀྱིས་ཨ་མར་ཤེས་སུ་བཅུག་ནས་ཁྱེར་ཡོང་བ་ཡིན།
- ངེད་གཉིས་ཀྱིས་མདང་དགོང་ཨ་མར་བཅོལ་ནས་ད་ནངས་ཁྱེར་ཡོང་བ་ཡིན།
- གྱོན་པ་ཚང་མར་བལྟས་ན་ཁོ་གཉིས་ལ་ཁྱད་ཡོད་པ་གྲྭ་བས་ཤེས་སོང་།
- དེའི་རྗེས་ནས་ཁྱོད་གཉིས་སོང་དང་།
- ཨ་མས་ཟ་མ་ཅི་ཞིག་བཅོས་ན་ང་ལ་སྐལ་ཁྱེར་ཤོག་ཟེར།
- ཨ་མས་མི་ཤེས་པར་ཁྱེར་ཤོག
- རང་གི་སྐལ་དེའི་ནང་ནས་ཁ་རོག་གེར་ཁྱེར་ཤོག་ཟེར།
- ཡ་ཟེར།
- དེ་ནས་སོང་བས་ཡང་ཚོད་མ་བཅོས།
- ཡང་དེ་ལྟར་བཅོས་པ་ཡིན།
- དེ་ནས་གཅིག་ལས་ཁྱེར་ཡོང་མི་དགོས།
- ཚོད་མ་བཅའ་ན་ཡང་གཅིག་ཁྱེར་ཤོག
- ཟ་མ་ཅི་ཞིག་བཟོས་ན་ཅུང་ཙམ་ལས་ཁྱེར་ཡོང་མི་དགོས།
- དེ་ནས་ཡ་ཞེས་བཤད་ནས་ཁོ་གཉིས་ཀྱིས་ཚོད་མ་གཅིག་རེ་གཅིག་རེ།
- ཨ་མ་ཤེས་སུ་མ་བཅུག་པར་རུམ་ལ་བཅུག་སྟེ་ཁྱེར་ཡོང་ནས་གྲྭ་བ་ལ་བྱིན་པ་ཡིན།
- བལྟས་དུས་དེ་འདྲ་ཞིག་ཡིན།
- བུ་ཆུང་བའི་ཚོད་མ་ཤ་ཚོད་ཡིན་ནི་རེད།
- བུ་ཆེ་བའི་ཚོད་མ་རྩྭ་ཚོད་རེད།
- དེ་ནས་དེ་ལྟར་བྱས་ནས་མི་འགྲིག་གི་འདོད་ནས།
- རྒྱལ་བོ་ལ་ཁྱོད་ཤོག་དང་།
- རྒྱལ་བོ་ལ་འདི་འདྲ་ཞིག་རེད།
- ཟ་མའི་ཐོག་ནས་ཡང་འདི་འདྲའི་ཁྱད་ཅིག་གཏོང་གིན་འདུག
- གྱོན་པའི་ཐོག་ནས་ཀྱང་འདི་འདྲའི་ཁྱད་ཅིག་གཏོང་གིན་འདུག
- ངའི་འདི་ནས་མ་བསྐྱུར།
- བུ་ཆེ་བ་འདི་ཤི་ན་ཐང་གི།
- ཁྱོད་གཉིས་ཀྱིས་ཕྱིར་ཁྲིད་ནས་སོང་ཟེར།
- དེ་ནས་ཕྱིར་ཁྲིད་ནས་ཡོང་བ་ཡིན།
- དེ་ལྟར་སྡུག་མྱངས་ནས་མ་བཟོད་པར།
- རྒྱལ་བོ་ཡིས་འདི་ལྟར་བྱས་ན་མི་འགྲིག་གི
- ལོ་ཡང་ཆེ་བས་བུ་ཆེ་བ་ཚོང་རྒྱག་པར་སོང་ན་བཟང་འདོད་ནས།
- བུ་ཆེ་བ་ཚོང་རྒྱག་ཏུ་འགྲོ་དགོས།
- གཞན་ཞིག་ལ་ཚོང་བར་འགྲོ་རུ་འཇུག་རྒྱུ་ཟེར།
- དེ་ནས་བཙུན་མོ་ཡིས་གན་གིས་ཚོང་བརྒྱབ་ནས་ཡོང་ན།
- ངའི་བུ་ཡི་མགོར་ཤོར་རྒྱུ་རེད་བསམ་ནས།
- ཁོ་གཉིས་འགྲོ་རུ་འཇུག་དགོས་ཟེར།
- གཉིས་ཀ་འགྲོ་དགོས་ན་གཉིས་ཀ་འགྲོ་རུ་བཅུག་ཟེར་ནས།
- གཉིས་ཀ་འགྲོ་རུ་འཇུག་རྒྱུ་ཟེར་ནས།
- རྒྱལ་བོ་ཡིས་ཁོ་གཉིས་ལ་ཚོང་རྟེན་བཅོས།
- གསེར་ནག་ཁལ་ལྔ་བཅུ་རེ་བཅོས།
- བུ་ཆེ་བའི་སྲན་ནག་ནང་དུ་ལྷད་མ་བསྲེས་པར་སྲན་ནག་རྐྱང་བ་ཞིག་བཅོས།
- རྒྱལ་བོས་ཀྱང་ཁོག་ཁུག་བསྲང་ནས་བུ་ཆུང་བའི་གསེར་ནག་གི་ནང་དུ་ལྷད་བསྲེས་ནས་བཅོས།
- དེ་ལྟར་བཅོས་པ་དེ་བཙུན་མོས་ཚོར་སོང་།
- དེ་ནས་བུ་ཆེ་བ་དེ་ཧ་ཅང་གཤིས་ཀ་དྲང་མོ།
- དེ་རིང་ཁོ་ལ་ངན་བཅོས་ན་ཡང་ངན་བཅོས་བྱུང་ཟེར་བའི་དཔེ་མེད་པ།
- དེ་འདྲའི་བྱིས་པ་དྲང་མོ་མི་འདྲ་བ་ཞིག་རེད།
- དེ་ནས་བཙུན་མོས་རང་གི་བུ་ལ་ཁྱེད་གཉིས་ལམ་ལ་སོང་ནས།
- ཕུ་བོ་ངེད་གཉིས་ཀྱི་ཁལ་འདི་གཅིག་ཡིན་ནི་ཨེ་རེད།
- ཕུ་བོ་དྲང་མོ་ཡིན་པ་རེད།
- བུ་ཆེ་བས་རང་གི་གསེར་ནག་ལ་ཁྱད་བཏོད་ཡོད་པ་ཤེས་མེད།
- དེ་ནས་ངེད་གཉིས་ཀྱི་ཁལ་འདི་གཅིག་ཡིན་ནི་ཨེ་རེད།
- ཕུ་བོས་གཅིག་ཡིན་ནི་རེད་ཟེར་ངེས།
- གཅིག་ཡིན་ནས་ཁྱད་པར་མེད་ན།
- ངའི་མིག་ལམ་ན་ཁྱེད་ཀྱི་ཁལ་འདི་ངོ་མས་ཡག་གི
- ངེད་གཉིས་ཀྱིས་བརྗེ་ཞེས་བཤད་ན།
- ཕུ་བོ་དྲང་མོ་ཡིན་པས་ཁྱོད་ལ་བརྗེ་ངེས་ཡིན།
- ལམ་བར་ཞིག་ལ་སོང་རྗེས་བརྗེ་དང་ཟེར།
- ཨོ་ཡ་ཟེར།
- དེ་ནས་ལམ་ཞིག་ལ་སོང་ནས་ཨ་ཕ་ཞེས་བོས།
- ངེད་གཉིས་ཀྱི་ཁལ་ལ་མང་ཉུང་ཡོད་ནི་ཨེ་རེད།
- ཡོད་ནི་མ་རེད།
- སྲན་ནག་ལ་བཟང་ངན་ཡོད་ནི་ཨེ་རེད།
- ཡོད་ནི་མ་རེད།
- འོ་ན་ཁྱོད་ཀྱི་ཁལ་དེ་ངའི་མིག་ལམ་ནས་ཧ་ཅང་ཡག་གི
- ངེད་གཉིས་ཀྱིས་བརྗེ་ཟེར།
- ཡ་ཟེར་ནས་ཕུ་བོའི་བརྗེ་བ་ཡིན།
- དེ་ནས་བརྗེ་ནས་ཁོ་གཉིས་ལམ་མི་གཅིག་པར་འགྲོ་ས་ཞིག་ཡོད།
- དེར་ཐོན་དུས་ཁོ་གཉིས་རང་རང་སར་སོང་།
- དེ་ནས་བུ་ཆུང་བོ་དེ་གསེར་ནག་དེ་བཙོང་སོང་།
- གསེར་ནག་བཟང་བ་རེད།
- གསེར་ནག་བཙོང་བ་རེད།
- ཁོ་ཡིས་གསེར་ནག་གི་རིན་པ་དེ་བཀོལ་ནས་ཚར་ཏེ།
- ཁོ་སྤྲང་བོར་བུད་ནས་ལ་ལུང་ལ་ཉུལ།
- ཆེ་བ་དེ་སོང་ནས་གསེར་ནག་དེ་བཙོང་རྒྱུ་ཟེར་དུས།
- གསེར་ནག་ནང་དུ་ལྷད་བསྲེས་ཡོད་པས་བཙོང་མ་ཐུབ།
- ཁོས་མ་བཙོང་བས་ཁོ་སོང་བའི་ས་ཆ་དེ་ན།
- རྒན་མོ་མ་བུ་གཉིས་ལ་གཅིག་ཀྱང་མེད།
- རྒན་མོ་མ་བུ་གཉིས་ལ་ར་མ་སྐོར་ཞིག་ལས་གཅིག་ཀྱང་མེད།
- དེ་ཚང་ནས་ཁོ་མག་པར་བསྡད།
- ཁོ་ར་རྫི་བྱས།
- ར་མ་ཚོ་དེད་ནས་སོང་སྟེ་རི་མགོར་འཚོ་རུ་སོང་།
- འཚོ་རུ་སོང་བའི་གནས་དེ་ན་ཁང་པ་ཞིག་ཡོད་གི
- ཁང་པ་དེའི་ནང་ན་གསེར་ནག་ཉུང་ཙམ་རེ་བཏུ་རྒྱུ་ཡོད།
- ཉིན་རྒྱུན་དུ་དེ་འདྲ་བཏུས་ཏེ་ར་མ་འཚོས་ནས་བསྡད།
- ལམ་ཞིག་ན་རྡོ་ཡག་པོ་རྡོ་ཡ་མཚན་ཅན་ཞིག་ཡོད།
- རྡོ་དེ་ཡག་གི་འདོད་ནས་ཅུང་ཙམ་རེ་བསྣུར།
- ཡང་ང་རྡོ་ཞིག་གིས་ཅི་ཞིག་བྱེད་འདོད་ནས་ཕྱིར་གཡུགས།
- ཉིན་རྒྱུན་རྡོ་དེར་ཐུག
- ཉིན་རྒྱུན་རྡོ་དེ་ཚུལ་རོལ་ལ་ཅུང་ཙམ་ཅུང་ཙམ་ཁྱེར་ནས།
- ཁོ་ཚང་གི་འདབས་དེར་ཁྱེར་ནས་ཡོང་བ་ཡིན།
- ཡོང་བས་ཉིན་ཞིག་ལ་རྡོ་དེའི་འདབས་ནས་སོང་།
- རྡོ་འདི་ཡག་པོ་ཞིག་རེད་ལ་ཟེར་ཞོར་དུ་ར་ཡི་ནང་དུ་བཞག
- དེ་ནས་ཉིན་ཞིག་ལ་རྒྱ་ཚོང་བ་མང་པོ་ཞིག
- གསེར་ནག་ཁལ་སྟོང་ཞིག་བཀལ་ནས་ཚོང་རྒྱག་ཏུ་འགྲོ་བ་ཡིན།
- ཚོང་བ་ཚོ་ཚོང་རྒྱག་ཏུ་འགྲོ་དུས་ཁོ་ཚང་གི་སྒོ་ནང་ནས་སོང་།
- དེ་ནས་ཡར་ལ་བལྟས་དུས་གཅིག་གིས་བལྟས་ནས་རྡོ་ཡག་པོ་ཞིག་ཡོད་གི
- གཅིག་གིས་བལྟས་ནས་ང་ཚོར་བཙོང་རྒྱུ་རེད་དམ།
- གཅིག་གིས་བལྟས་ནས་བཙོང་ནི་མ་རེད་ཟེར།
- གཅིག་གིས་བལྟས་ནས་ང་ཚོས་ཁུགས་རྒྱུ་མ་རེད།
- ཁོས་ཉན་ཡོད་པས་གོ་སོང་།
- དེ་ནས་གཅིག་གིས་ང་ཚོས་ཨེ་བཙོང་གི་བལྟ།
- ཁུགས་ན་མི་ཁུགས་ན་ང་ཚོས་ཨེ་བཙོང་གི་བལྟ།
- དེ་ནས་ཡ་ཟེར།
- ཨ་རོགས་ཚང་ཞེས་བོས་པར་ཨ་ཟེར།
- ཁྱོད་ཚང་གི་རྡོ་དེ་ང་ཚོར་བཙོང་ན་ཅི་འདྲ་རེད།
- ཁོ་ཡིས་དེ་ཚོས་ཁ་བརྡ་གོ་ཡོད་པས།
- རྡོ་དེ་བཙོང་ན་མི་འགྲིག་གི
- ཨ་ཕ་ལོ་ལོ་རྡོ་འདི་ང་ཚོར་བཙོང་དང་།
- གསེར་ནག་ཁྱོད་ལ་ལོས་སྟེར།
- དྲེའུ་སྟོང་གཅིག་དང་གསེར་ནག་ཁལ་སྟོང་བཅས་ཡོད།
- དྲེའུ་སྟོང་དང་གསེར་ནག་ཁལ་སྟོང་ཁྱོད་ལ་ལོས་སྟེར།
- ང་ཚོའི་རྒྱབ་ཀྱི་ཤ་ཤུན་ཡང་ཁྱོད་ལ་སྟེར་དགོས་ན་སྟེར།
- རྡོ་དེ་བཙོང་ན་ངོ་མས་མི་འགྲིག་གི
- འདི་བཙོང་ན་མི་འགྲིག་གི
- ཁྱོད་ཚོར་དེ་འདྲའི་འདོད་པ་ཞིག་ཡོད་ན་ཁྱོད་ཚོར་བཙོང་བ་ཡིན།
- ཁྱོད་ཚོའི་རྒྱབ་ཀྱི་ཤ་ཤུན་མི་དགོས་ལ།
- གསེར་ནག་ཁལ་སྟོང་དང་དྲེའུ་སྟོང་ང་ལ་དགོས་ཞེས་བཤད།
- དེ་ལོས་སྟེར་ཟེར་ནས།
- ཚོང་བ་ཚོ་དགའ་ནས་དེ་བྱིན་ཏེ་རྡོ་འཁུར་ནས་བུད་སོང་།
- དེ་ནས་ཁོས་གསེར་ནག་ཁལ་ལྔ་བརྒྱ་ཡིས་རྒན་མོ་མ་བུ་གཉིས་ལ་མགོ་རི་བཅོས་ནས།
- རྒན་མོ་མ་བུ་གཉིས་ཕྱུག་པོ་ཡ་མེད་ཅིག་ཏུ་བཏང་བ་ཡིན།
- གསེར་ནག་ཁལ་ལྔ་བརྒྱ་ཁོས་ཚོང་རྟེན་བྱས་ནས་ཕྱིར་དེད་ནས་སོང་བ་ཡིན།
- ཚུལ་རོལ་ལ་ལྔ་བཅུ་དེད་ནས་ཡོང་བ་ཡིན།
- ཕྱིར་ལ་ལྔ་བརྒྱ་དེད་ནས་སོང་ན་ཁོའི་ཚོང་ལེགས་པོ་ཞིག་ཡིན།
- དེ་ནས་ཁོ་གཉིས་ཁ་གྱེས་བའི་ས་མཚམས་དེར་སོང་དུས།
- སྤུན་གང་ལ་སོང་ནས་མ་ཤེས་བར།
- ཁོ་ཡིས་དེ་བཙལ་ནས་དེ་རྩད་བཅད་ནས་སོང་བས།
- ཁོ་ཡིས་སྤྲང་ནས་འགྲོ་བ་རེད།
- ཁོ་ཡིས་དེ་ཁྲིད་ནས་ཡོང་བས།
- ཁོ་ལ་ཅི་ཞིག་ཡོད་ན་གྱོན་པ་དང་རྟ་ཞོན་རྒྱུ་དང་།
- མེ་འདའ་འཁུར་རྒྱུ་དང་ཐམས་ཅད།
- རང་ལ་ཅི་ཞིག་ཡོད་ན་བུ་ཆུང་བ་ལ་དེ་སྒྲིག་ནས།
- འདི་ན་གསེར་ནག་ཁལ་ལྔ་བརྒྱ་དང་དྲེའུ་ལྔ་བརྒྱ་ཡོད།
- འདི་ངེད་གཉིས་ཀྱིས་བགོས་ན་ཉིས་བརྒྱ་དང་ལྔ་བཅུ་ལྔ་བཅུ་ཡོད་གི
- ངེད་གཉིས་ཀྱིས་ཚོང་བཟང་གི་ཟེར་ནས་འགྲོ་ཟེར།
- ཡ་ཨ་ཕ་ལོ་ལོ་ཟེར་ནས་རྩེ་དགོད་བྱས་ནས་སོང་བས།
- ལམ་ནས་ཆུ་མེད་ས་ཆ་ཞིག་ལ་ཐོན་དུས།
- བུ་ཆུང་བའི་ཕུ་བོ་ང་སྐོམ་གི་ཟེར།
- ས་འདི་ན་ཆུ་ཡོད་ནི་མ་རེད།
- འདི་ནས་ཕར་ལ་སོང་ན་ཆུ་ཡོད་ས་ཞིག་དང་འཕྲད་ནི་རེད།
- ངེས་པར་དུ་འདི་ནས་དགོས་ཟེར།
- དེ་ནས་ཕར་གྱི་ཐང་ཞིག་ན་དུང་ཆུ་ཞིག་ཡོད།
- དུང་ཆུ་དེའི་ནང་དུ་ངེད་གཉིས་ངེས་པར་དུ་འགྲོ་དགོས།
- སོང་ནས་ལེན་དགོས་ཞེས་བུ་དེས་དེ་ལྟར་བཤད།
- ངེད་གཉིས་ཀྱིས་ལེན་ཐུབ་རྒྱུ་མ་རེད་ཅེས་བཤད་རུང་ཁ་མ་ཉན།
- ཁོ་གཉིས་ཀྱིས་ཐག་པ་ཞིག་ཁྱེར་ནས་དུང་ཁ་རུ་སོང་།
- དེར་སོང་ནས་དུང་ཁ་རུ་བུ་ཆེ་བས་ཁྱེད་ཀྱིས་སྐེ་ལ་ཐག་པ་བརྒྱག
- དེ་ནས་དུང་ནང་དུ་བསྣར།
- ཁྱོད་ཀྱིས་ཆུ་འཐུང་ནས་ཐག་པ་སྒུལ་ན་ངས་ཁྱོད་ཡར་ལ་འཐེན་ཟེར།
- དེ་ལྟར་བྱས་ན་ཕུ་བོ་ང་སྐྲག་གི་ཟེར།
- ཁྱོད་སོང་ལ་ང་ཆུ་ཁམ་གང་ཁྱེར་ཡོང་ན་ཆོག
- ཁྱོད་སོང་ལ་ངས་འཐེན་ཟེར།
- ཁྱོད་ཀྱིས་ང་ལེན་ཐུབ་ནི་མ་རེད།
- ལེན་ཐུབ་ཟེར་ནས་ཁོའི་སྐེད་ལ་ཐག་པ་བརྒྱབ་ནས་དུང་གི་ནང་དུ་བསྣར།
- ཁོ་བསྣར་རྗེས་བུ་ཆུང་བས་ཐག་པ་བཏང་ནས་བུད་ཡོང་།
- གསེར་ནག་ཁལ་ལྔ་བརྒྱ་རང་གི་ཡིན་པར་བྱས་ནས་།
- དྲེའུ་ལྔ་བརྒྱ་རང་གིས་དེད་ནས།
- ཕུ་བོ་དུང་གི་ནང་དུ་འཕངས་ནས་ཡུལ་ལ་ཡོང་།
- ཡོང་ནས་ཕུ་བོ་གར་སོང་མ་ཤེས།
- ངེད་གཉིས་ཁ་གྱེས་ནས་སོང་བས་ཕུ་བོ་ལ་མ་ཐུག་དེ་ལྟར་བཤད།
- བཙུན་མོ་དགའ་ནས་བུ་བུ་ཨེ་འདྲ་ཞེས་རྒྱལ་བོ་ལ་བཤད།
- ངའི་བུ་ཡིས་གསེར་ནག་ཁལ་ལྔ་བཅུ་དེད་ནས་སོང་སྟེ།
- ཕྱིར་ལྔ་བརྒྱ་རུ་དེད་ནས་ཐོན་པ་ཡིན།
- དེ་ནས་རྒྱལ་བོ་ཡིས་སེམས་སྡུག་བྱས་ནས་བསྡད།
- དེ་ནས་བུ་དུང་ནང་ནས་བསྡད་དུས་དགོང་མོ་ས་རུབ་དུས།
- དེ་དུས་ལྷ་མོ་གསུམ་དུང་ནང་དུ་བབས་པ་ཡིན།
- ལྷ་མོ་གསུམ་བབས་ནས།
- ས་དེ་ན་ཡང་རྒྱལ་བོའི་གྲོང་ཁྱེར་ན་ཆུ་མེད་ས་ཞིག་དང་།
- རང་འཐག་འཁོར་སྤྱད་ཀྱང་མེད་པ།
- འཐུང་ཆུ་ཡང་དུང་དེའི་ནང་ནས་ལེན་པ།
- དུང་ཆུ་དེ་ལེན་པའི་ས་ཆ་དང་རྒྱལ་བོ་དེ་འདྲ་ཞིག་ཡོད།
- དེ་ནས་ལྷ་མོ་གསུམ་བབས།
- ལྷ་མོ་གསུམ་པོ་ལས་གཅིག་གིས།
- ཨ་རོགས་ཚོ་་་དེ་དགོང་ཆུ་འདིའི་ནང་ན་ཡག་པོ་ཞིག་ཡོད་ས་རེད།
- ཁམས་ཡང་དྭངས་ཡོད་གི
- ཁ་བརྡ་བྱོས་དང་ཞེས་བཤད།
- གཅིག་གིས་ང་ཚོའི་རྒྱལ་བོ་ཚང་ལ།
- ཆུ་བླངས་ན་གང་ནས་བླངས་པ་རེད་ཟེར་ནས།
- དེ་ནས་ལྷ་མོ་ཞིག་གིས་ཆུ་དེ་བླངས་ན།
- ཁོ་ཚང་གི་འདབས་ན་ཁྲོམ་ཆུའི་ཕ་བོང་དེ་བཅག་ན་ཆུ་ཡོད་ནི་རེད།
- འཐུང་ཆུ་མ་ཟད་རང་འཐག་སྐོར་བྱེད་ཚང་མ་ཡོད་ནི་རེད།
- ཁོ་ཚོས་དེ་འདྲ་ཁ་བརྡ་བྱས་པ་ཡིན།
- ཁ་བརྡ་བྱས་ནས་ནངས་མོར་སྐྱ་རེངས་གྲགས་དུས།
- ལྷ་མོ་ཚོ་འཕུར་ནས་བུད་སོང་།
- དེ་ནས་ཁོ་ཅུང་ཙམ་བསྡད་པས་རྒྱལ་བོ་ཚང་གི་ཆུ་ལེན་བུད་ཡོང་།
- ཆུ་ལེན་གྱི་ལྕགས་སྣོད་ནང་དུ་བསྲིང་ནས་ཐོན་བྱུང་།
- ཁོ་དེའི་ནང་དུ་བབས།
- ཆུ་ལེན་གྱིས་ཆུ་ཐོན་པ་འདོད་ནས་ཁོ་ས་ཁར་བླངས།
- རྒྱལ་བོ་ཚང་ལ་བུ་མོ་ངག་མེད་པ་ཞིག་ཡོད།
- ཁོ་ས་ཁར་ལངས་དུས་གྲང་ནས་རྒྱལ་བོ་ཚང་ལ་སོང་།
- རྒྱུགས་ནས་རྒྱལ་བོ་ཚང་གི་ཁྱིམ་ལ་སོང་དུས།
- བུ་མོ་ངག་མེད་དེས་གད་སྙིགས་ལ་གཙང་སྦྲ་བྱེད་བཞིན་ཡོད་པས།
- ཁོ་ཡི་ཆོ་ག་ལ་བལྟས་པས་ངག་མེད་པ་དེ་གཏིང་ནས་དགོད་རྒྱུ་ཡོང་བས།
- གཏིང་ནས་ཧབ་ཆ་ཞིག་བརྒྱབ་པས་ངག་ཐོན་པ་ཡིན།
- དེ་ནས་རྒྱལ་བོ་དགའ་ནས་ཁྱོད་རང་བཞིན་གྱི་མི་ཞིག་མ་རེད།
- ངའི་བུ་མོའི་ངག་ཡོང་དུ་བཅུག་ཐལ།
- རྒྱལ་བོ་ཡིས་ཁོ་ལ་ཅི་བྱེད་འདི་བྱེད་མ་ཤེས་བར།
- དེ་ནས་ཁྱོད་རང་བཞིན་གྱི་མི་ཞིག་མ་རེད།
- ཁྱོད་ངེད་ཚང་ལ་ཆུ་ཕབ་དགོས།
- ཆུ་ཕབ་པའི་ནུས་བ་ཁྱོད་ཡོད་རྒྱུ་རེད།
- ནུས་པ་འདྲ་བོ་ཡོད་རྒྱུ་རེད།
- ཁྱོད་ཀྱིས་ཆུ་ཕབ་ཐུབ་རྒྱུ་རེད།
- ཁྱོད་ཀྱིས་ངེད་ཚང་ལ་ཆུ་ཕབ་དགོས་ཟེར།
- ཡ་ཟེར་ནས་ཁོའི་ལྷ་མོ་ཚོའི་ཁ་བརྡ་གོ་ཡོད་པས།
- དེ་ནས་ནགས་གཅོད་སྟ་རེ་ཁྱེར་ཤོག་ལ།
- ཁྱེད་ཚང་གི་ཆུ་ཕབ་ཟེར།
- ཁྲོམ་ཆུ་ཕ་བོང་བཅག་ནས་ཆུ་ཡོང་བ་ཡིན།
- འཐུང་ཆུ་ལས་གཞན་རང་འཐག་སྐོལ་བྱེད་ཚང་མ་ཡོད།
- དེ་ནས་རྒྱལ་བོ་དགའ་ནས་ཁྱོད་ལ་ཅི་ཞིག་སྟེར་འདོད་ནས།
- གླང་བོ་ཆེ་སྟོང་ལ་གསེར་ནག་ཁལ་སྟོང་བཀལ་ནས།
- རྒྱལ་བོ་ཕྱུག་པོ་ཞིག་ཡིན།
- དེ་ནས་ཁོ་ལམ་ན་ཆས་པ་ཡིན།
- དེ་ནས་ཁོས་དེ་དེད་ནས་
- གླང་བོ་ཆེ་སྟོང་ལ་གསེར་ནག་ཁལ་སྟོང་བཀལ་ནས་ཡོང་དུས།
- རྒྱལ་བོ་དགའ་ནས་ངའི་བུས་གསེར་ནག་ཁལ་ལྔ་བཅུ་དེད་ནས་སོང་ནས།
- ཁལ་སྟོང་ཞིག་གི་བཏང་ནས་ཐོན་ཡོད།
- དྲེའུ་སྟོང་གླང་བོ་ཆེ་སྟོང་དུ་བཏང་ནས་ཐོན་ཡོད།
- ཅི་འདྲ་རེད་ཟེར།
- བཙུན་མོ་ལ་ངོམ་མཚང་དྲིས།
- དེ་ནས་བཙུན་མོས་ཕྲག་དོག་བྱས།
- འདི་ཅི་ཞིག་ཡིན་ནམ།
- འདིའི་ལག་ལ་ཅི་ལྟར་ཡོང་ངམ།
- བུ་ལ་ངན་ཁྲིད་ནས་ཁྱོད་སོང་དང་ཕུ་བོ་དྲན་ཐལ་ཟེར་བ་དང་།
- ལག་ལ་ཅི་ལྟར་ཡོང་བ་ཁྱོད་ཀྱིས་དྲིས་ཟེར།
- ཡ་ཟེར།
- དེ་ནས་བུ་དེས་ཕུ་བོ་དྲན་ཚུལ་བཤད་ནས་ཕུ་བོ་ལ་ཁ་ཡག་བཤད།
- བུ་ཆུང་བས་འདི་བྱས་པ་ཡིན་ཞེས་ཅི་ཡང་བཤད་མེད།
- བུ་ཆུང་བ་དེ་ཕུ་བོ་དང་མཉམ་དུ་ཉལ་ནས།
- ཕུ་བོ་ཁྱོད་ཀྱི་ལག་ལ་ཅི་ལྟར་ཡོང་བ་ཡིན།
- ངས་ཡར་འཐེན་རྩིས་བྱས་དུས་ཐག་པ་ལག་ནས་ཤོར་སོང་།
- དེ་ལྟར་བཤད་པ་ཡིན།
- ང་འདི་ལྟར་དུང་གི་ནང་ནས་བསྡད་དུས།
- ལྷ་མོ་གསུམ་བབས་ནས་འདི་ལྟར་ཁ་བརྡ་བྱས།
- རྒྱལ་བོ་ཚང་ལ་ཆུ་ཕབ་ན།
- ཆུ་ཕབ་ཚུལ་ཁ་བརྡ་བྱས།
- ངས་དེ་གོ་ནས་རྒྱལ་བོ་ཚང་ལ་ཆུ་ཕབ་པས་ངག་མེད་ཅིག་ཡོད་གི
- ངག་ཀྱང་ཕྱིརཐོན་པས་རྒྱལ་བོ་ཡིས་ང་དེ་ལྟར་བྱིན་པ་ཡིན།
- ཁོ་ཡིས་དྲང་མོར་བཤད་པ་ཡིན།
- དེ་ནས་བུ་ཆུང་བས་ཨ་མ་ལ་ཕུ་བོའི་ལག་ལ་དེ་ལྟར་ཡོང་བ་ཡིན་ཟེར།
- བཙུན་མོས་དེ་སླ་མོ་རེད།
- ཁྱོད་ཀྱང་དུང་དེའི་ནང་ལ་འཕེན་ན་ཁྱོད་ཀྱི་ལག་ལ་ཡང་ཡོང་ནི་རེད།
- དེ་ཡོང་ནི་རེད་སླ་མོ་ཞིག་རེད་ཟེར་ནས།
- ཉིན་ཞིག་ལ་བཙུན་མོས་བུ་ཁྲིད་ནས་སོང་སྟེ།
- དུང་དེའི་ནང་དུ་འཕངས།
- བུ་ཆུང་བ་དུང་གི་ནང་ནས་བསྡད།
- ལྷ་མོ་གསུམ་པོ་ཡང་བབས།
- ལྷ་མོ་ཞིག་གིས་ཅི་ཞིག་རེད་ལ།
- དེ་དགོང་ཆུ་འདིའི་ནང་ན་ཡོད་ས་རེད།
- ཁམས་མི་དྭངས་བ་ཞིག་རེད།
- གཞན་ཞིག་གིས་བཤད་གི་མ་འདུག་གཉིད་ཟེར།
- དེ་ལས་ཅི་ཡང་མ་བཤད།
- དེ་ནས་གཉིད་དེ་ནངས་མོར་རྒྱལ་བོ་ཚང་ལ་ཆུ་མི་དགོས།
- འཐུང་ཆུ་མི་ཚད་རང་འཐག་སྐོར་ཆུ་ཚང་མ་ཡོད་གི
- ང་ཚོ་ཡང་འདིའི་ནང་ལ་ཡོང་ནས་ཅི་བྱེད།
- ང་ཚོར་དྲི་ཕོག་རྒྱུ་རེད།
- འདིའི་ནང་ན་དངོས་པོ་ཞིག་ཡོད་པ་རེད།
- ང་ཚོའི་ཆུ་འདིའི་ནང་ན་དེ་ལྟར་བཤད།
- ཁོ་ཚོ་འགྲོ་དུས་དུང་ཁ་བཅད་ནས་བུད་སོང་།
- བུ་དེ་ནང་ནས་ལུས་སོང་།