Skip to main content Skip to search
15 Dec 2011
3 min 5 sec
Video Overview
Creators: 
Unknown

This is an unscripted and completely spontaneous conversation between two actors discussing how to play their respective roles in the Managerial Dispute title.

Transcript search
No results found for this search
0 of 0
  • ཡོངས་རྫོགས་ལོགས་ཀྱི་ད་ཁྱོན་ཡོངས་ནས་བྱས་ན། ད་ལྟ་ལྷ་ས་ནང་ཁུལ་གྱི་ཡོངས་རྫོགས་གང་ག་ལོགས་ཀྱིས།  
    yongs rdzogs logs kyi da khyon yongs nas byas na/_da lta lha sa nang khul gyi yongs rdzogs gang ga logs kyis/__
  • ཨ་ལས་བཞུགས་ཨ།
    a las bzhugs a/
  • རྒན་ལགས་རྒྱུ་མཚན་རྦད་དེ་ཁྲོང་ཙུའུ་ཚ་དག་མཆོད་ཀྱིས། ང་སྐད་ཆ་བཤད་ཡས་གཅིག་ཡའི་མི་འདུག
    rgan lags rgyu mtshan rbad de khrong tsu'u tsha dag mchod kyis/_nga skad cha bshad yas gcig ya'i mi 'dug
  • ཨ་ལས་འོང་འོང་།
    a las 'ong 'ong /
  • དཔེར་ན་རྒྱུ་མཚན་འདི་བྱས་ན་ངས། དང་པོ་ནས་ཁོ་ཤེལ་དམ་བཞུས་ཡས་དེ་ཐོན་ཚར་སོང་།
    dper na rgyu mtshan 'di byas na ngas/_dang po nas kho shel dam bzhus yas de thon tshar song /
  • དེ་ད་ང་རྒྱག་རེས་རྒྱག་ཡས་གཞི་རྩ་མི་འདུག ང་གཉིས་ཏིག་ཙ༼ཙམ༽ཅིག་རྒྱག་རེས་ཤོར་དགོས་རེད་པ།
    de da nga rgyag res rgyag yas gzhi rtsa mi 'dug_nga gnyis tig tsa(tsam)cig rgyag res shor dgos red pa/
  • ད་མ་རེད་ངས་འོ་ན་གཞུག་གུ་དེར་ཤེལ་དམ་དེ་བཤད་དགོས། ཞེ་དྲག་་རྒྱུན་རིང་པོ་མ་གནང་།
    da ma red ngas 'o na gzhug gu der shel dam de bshad dgos/_zhe drag rgyun ring po ma gnang /
  • འོང་རེད།
    'ong red/
  • ངས་གཞུག་་གུ་དེར་ད་འོ་ན། འདི་འདྲས་གསུངས་པ་ཡིན་ན། ཁ་ས་མིའི་མགོ་ལ་ཤེལ་དམ་བཞུས་ཆག་པ་རེད། ག་རེ་གནང་ག་ཟེར།
    ngas gzhug gu der da 'o na/_'di 'dras gsungs pa yin na/_kha sa mi'i mgo la shel dam bzhus chag pa red/_ga re gnang ga zer/
  • ཨོའོ་རེད། ཨོའོ་རེད།
    o'o red/_o'o red/
  • རེད་པ།
    red pa/
  • ཨ་ནི་ངས་གཞུག་གུ་དེར། སྔན་༼སྔོན་༽ནས་ངས་བྱས་ན་གཞུག་གུ་དེར་ཏིག་ཙ༼ཙམ༽ཅིག ངས་ཟེར་ན། ཐེངས་མ་གཅིག་རེད་པ། ཟེར། དང་པོ་ཐེངས་མ་གཅིག་དེ་ལ་ལམ་སང་དེ་ག་ཙམ་ཅིག་རྒྱུག་པ་བཞུས་ཐེངས་ཅིག་ལ་གཡུག་གནང་སོང་གང་།
    a ni ngas gzhug gu der/_sngan (sngon )nas ngas byas na gzhug gu der tig tsa(tsam)cig_ngas zer na/_thengs ma gcig red pa/_zer/_dang po thengs ma gcig de la lam sang de ga tsam cig rgyug pa bzhus thengs cig la g.yug gnang song gang /
  • དེ་འདྲས་ཅིག་ལ་ཐེངས་དང་པོ་དེ་ལ་ད་ཐ་ཚིག་བསྒྲགས་དགོས་རེད་ཟེར། ཐ་ཚིག ཐ་ཚིག་བསྒྲགས་དེ་ནས་ཨ་ནི་ཡག་པོ་བྱེད་ཀྱི་མི་འདུག་ན། ཨ་ནི་རྗེས་མ་འོང་གླ་ཆའི་སྒང་ནས་བཅགས་ཡས། ཐ་ན་སྡུག་ཤོས་ལས་ཁུངས་ནང་ནས་འབུད་ནའི་འབུད་མ་ཆོག་པ་གའི་ཡོའོ་མ་རེད།
    de 'dras cig la thengs dang po de la da tha tshig bsgrags dgos red zer/_tha tshig_tha tshig bsgrags de nas a ni yag po byed kyi mi 'dug na/_a ni rjes ma 'ong gla cha'i sgang nas bcags yas/_tha na sdug shos las khungs nang nas 'bud na'i 'bud ma chog pa ga'i yo'o ma red/
  • ཡིན་ནའི་ད་རེས་ཐེངས་མ་གཅིག་ལ་ཁྱེད་རང་གིས་ལམ་སང་ཁྱོད་ཚོས་ལམ་སང་ཐག་གཅོད་གནང་བྱས། ཨ་ནི་སྤོ་བོ་ལ་ཡ་ཕོག་བཅག ད་ཨ་ནི་གཟེངས་བཟོད་བཅགས་པས་མ་ཟད། ཕོག་ད་གའི་བཅག་གནང་བཞག་ཟེར། དེ་འདྲས་བྱས་ན་ཨ་ནི།
    yin na'i da res thengs ma gcig la khyed rang gis lam sang khyod tshos lam sang thag gcod gnang byas/_a ni spo bo la ya phog bcag_da a ni gzengs bzod bcags pas ma zad/_phog da ga'i bcag gnang bzhag zer/_de 'dras byas na a ni/
  • ཨ་ནི་ཏག་ཏག་བསྡད་ཀྱི་མི་འདུག་གསུངས་པ་རེད་པ། ཐ་ཚིག་མ་བསྒྲགས་པ་མ་རེད། ཟེར། ད་སྔོན་མ་འདི་འདྲས་འདི་འདྲས་བྱས་བཞག་ཟེར། གསུངས་དང་།
    a ni tag tag bsdad kyi mi 'dug gsungs pa red pa/_tha tshig ma bsgrags pa ma red/_zer/_da sngon ma 'di 'dras 'di 'dras byas bzhag zer/_gsungs dang /
  • ལགས་སོ།
    lags so/
  • ད་རེས་ད་རེས་ཁྱེད་རང་ཏིག་ཙ༼ཙམ༽ཅིག་རྒྱུ་མཚན་མཐོ་དྲག རྒྱག་རེས་རྒྱག་ཡས་ཧཱ་ཧཱ།
    da res da res khyed rang tig tsa(tsam)cig rgyu mtshan mtho drag_rgyag res rgyag yas hA hA/
  • རྒྱུ་མཚན་དེ་ད་ག་་ནས་དབྱུགས་འགག་ཚར་པ་རེད། ཡོའོ་མ་རེད། དེ་གའི་འདྲ་པོ་མི་འདུག བཞུགས་ཨ། ཕ་གའི་འདྲ་པོ་མི་འདུག
    rgyu mtshan de da ga nas dbyugs 'gag tshar pa red/_yo'o ma red/_de ga'i 'dra po mi 'dug_bzhugs a/_pha ga'i 'dra po mi 'dug
  • ཨོའོ་ད་ག་དེ་ཡག་པོ་འདུག
    o'o da ga de yag po 'dug
  • ད་ཁ་ནས་རྦ་བ་སོབས་བྱེད་ག་བྱེད་དགོས་རེད་ད། 
    da kha nas rba ba sobs byed ga byed dgos red da/_
  • དེ་རིང་ཡིན་ན་ངར་པོ་མ་བྱས་ན། འོ་ཞེ་དྲག་ངར་པོ་མ་གནང་མ་ཞིང་རྒན་ལགས་ཁྱེད་རང་དབུ་ཁྲིད་གྲས་ཀ་རེད་ད།
    de ring yin na ngar po ma byas na/_'o zhe drag ngar po ma gnang ma zhing rgan lags khyed rang dbu khrid gras ka red da/
  • ཏིག་ཙ༼ཙམ༽ཅིག་ངར་ག་བྱེད་ཀ་བྱེད་དགོས་རེད།
    tig tsa(tsam)cig ngar ga byed ka byed dgos red/
  • ཏིག་ཙ༼ཙམ༽ཅིག འ་ཙི་འ་ཙི་དེ་འདྲས་བྱས་ན་དཔེ་སྲིད་དོགས་མེད་ཟེར་གནང་ཀ་གནང་དང་། ཨ་ནི་དེ་འདྲས་མ་གསུངས་མ་གཏོགས། དེ་ཟེར་ག་བྱས་དགོས་ངས།
    tig tsa(tsam)cig_'a tsi 'a tsi de 'dras byas na dpe srid dogs med zer gnang ka gnang dang /_a ni de 'dras ma gsungs ma gtogs/_de zer ga byas dgos ngas/
  • རྒན་ལགས་ཁྱེད་རང་གས་༼གིས༽སྔོན་ལ་མང་ཙམ་ཅིག་གསུངས་མ་གཏོགས། ཡང་ངའི་སྐད་ཆ་འདོན་རྒྱུ་དེ་ཤེལ་དམ་འདོན་ན། ཡང་ཡའི་རྦད་དེ་ཆད་འགྲོ་གི་རེད་ད།
    rgan lags khyed rang gas (gis)sngon la mang tsam cig gsungs ma gtogs/_yang nga'i skad cha 'don rgyu de shel dam 'don na/_yang ya'i rbad de chad 'gro gi red da/
  • ད་ཏིག་ཙ༼ཙམ༽དེ་རེད། རྟག་པར་འཁྱམས་འགྲོ་གིས། ལས་ཁུངས་ནང་ལ་ཕྱི་འབྱོར་་རྟག་པར་ཕྱི་འབྱོར་བྱེད་ཀྱི་ཡོའོ་རེད་ཟེར། ཨ་ནི་ཆང་འཐུང་གི་ཡོའོ་རེད་ཟེར། ཨ་ནི་་ཁ་སང་ཡིན་ན། ལྷག་པར་དུ་མཚམས་མཚམས་ལས་ཁུངས་ནང་ལ་ར་་བཟི་བྱས་ཡོང་ཡས་གནས་ཚུལ་དེ་འདྲས་བྱུང་པ་རེད་ཟེར།
    da tig tsa(tsam)de red/_rtag par 'khyams 'gro gis/_las khungs nang la phyi 'byor rtag par phyi 'byor byed kyi yo'o red zer/_a ni chang 'thung gi yo'o red zer/_a ni kha sang yin na/_lhag par du mtshams mtshams las khungs nang la ra bzi byas yong yas gnas tshul de 'dras byung pa red zer/
  • དེའི་བལྟས་བྱས་ང་དེ་བཞག་པ་རེད་ཟེར་བྱས་བྱས་། དེའི་གཞུག་གུ་ངས་ག་རོག་ཅིག་བཤད་ཀྱི་རེད་པ།
    de'i bltas byas nga de bzhag pa red zer byas byas /_de'i gzhug gu ngas ga rog cig bshad kyi red pa/
  • ད་འོ་ན་ཁྱེད་རང་གས༼གིས་༽མཁྱེན་བྱུང་གས༼གམ༽ཟེར། 
    da 'o na khyed rang gas(gis )mkhyen byung gas(gam)zer/_
  • འོང་ཤེལ་དམ་བཞུས་པའི་གནས་ཚུལ་དེ་འདྲས། དེ་འདྲས་བྱུང་པ་རེད་ད་ཟེར།
    'ong shel dam bzhus pa'i gnas tshul de 'dras/_de 'dras byung pa red da zer/
  • དེ་མཁྱེན་བྱུང་གས་༼གམ༽ཟེར་ཁྱེད། ཨ་ནི་ངས་དེ། ང་ལབ་ཡས་ཟེར་མེད་པའི་ཁུལ་བྱས་གཞུག་གུ་དེར། བྱས་ཙང་ངས་རླུང་འདྲ་ཅིག་ཏིག་ཙ༼ཙམ༽ལངས་བྱས་འགྲོ་གིས།
    de mkhyen byung gas (gam)zer khyed/_a ni ngas de/_nga lab yas zer med pa'i khul byas gzhug gu der/_byas tsang ngas rlung 'dra cig tig tsa(tsam)langs byas 'gro gis/
  • འོང་རེད།
    'ong red/
  • ད་ག་རེད་པ། 
    da ga red pa/_
  • འོང་རྒན་ལགས་ཁྱེད་རང་ཁ་ས་ག་པར། དེ་གནང་དུས་ཅིག་ལ་ཐད་པའི་བཟོ་འདྲ་ཅིག་གནང་དང་ད་འགྲིག་གི།
    'ong rgan lags khyed rang kha sa ga par/_de gnang dus cig la thad pa'i bzo 'dra ciggnng dang da 'grig gi/
  • ཨོའོ་རེད།
    o'o red/
  • རེད་པ།
    red pa/
  • རེད་རེད།
    red red/
  • ཕྱི་ལོགས་དེ་པར་ཅིག་དོན་དག་ཅིག་གཅད་ག་ཐད།
    phyi logs de par cig don dag cig gcad ga thad/
  • ང་མེད་ཤུལ་རིང་ག་ཐག་གཅོད་འདི་འདྲས་ཟེར་གནང་འདུག་ག་ཟེར། 
    nga med shul ring ga thag gcod 'di 'dras zer gnang 'dug ga zer/_
  • ཨོའོ་དེ་འདྲས་ཟེར། ད་དེ་མ་བྱེད་དཀའ་མེད་འཁེལ་བྱུང་ཟེར་གྱིས་རེད་ངས།
    o'o de 'dras zer/_da de ma byed dka' med 'khel byung zer gyis red ngas/
  • འོ་རེད་རེད།
    'o red red/