Video Overview
This is an unscripted and completely spontaneous conversation between two actors discussing how to play their respective roles in the Managerial Dispute title.
- ཀཡོངས་རྫོགས་ལོགས་ཀྱི་ད་ཁྱོན་ཡོངས་ནས་བྱས་ན། ད་ལྟ་ལྷ་ས་ནང་ཁུལ་གྱི་ཡོངས་རྫོགས་གང་ག་ལོགས་ཀྱིས།
- ཁཨ་ལས་བཞུགས་ཨ།
- ཁརྒན་ལགས་རྒྱུ་མཚན་རྦད་དེ་ཁྲོང་ཙུའུ་ཚ་དག་མཆོད་ཀྱིས། ང་སྐད་ཆ་བཤད་ཡས་གཅིག་ཡའི་མི་འདུག
- ཀཨ་ལས་འོང་འོང་།
- ཁདཔེར་ན་རྒྱུ་མཚན་འདི་བྱས་ན་ངས། དང་པོ་ནས་ཁོ་ཤེལ་དམ་བཞུས་ཡས་དེ་ཐོན་ཚར་སོང་།
- ཁདེ་ད་ང་རྒྱག་རེས་རྒྱག་ཡས་གཞི་རྩ་མི་འདུག ང་གཉིས་ཏིག་ཙ༼ཙམ༽ཅིག་རྒྱག་རེས་ཤོར་དགོས་རེད་པ།
- ཀད་མ་རེད་ངས་འོ་ན་གཞུག་གུ་དེར་ཤེལ་དམ་དེ་བཤད་དགོས། ཞེ་དྲག་་རྒྱུན་རིང་པོ་མ་གནང་།
- ཁའོང་རེད།
- ཀངས་གཞུག་་གུ་དེར་ད་འོ་ན། འདི་འདྲས་གསུངས་པ་ཡིན་ན། ཁ་ས་མིའི་མགོ་ལ་ཤེལ་དམ་བཞུས་ཆག་པ་རེད། ག་རེ་གནང་ག་ཟེར།
- ཁཨོའོ་རེད། ཨོའོ་རེད།
- ཀརེད་པ།
- ཁཨ་ནི་ངས་གཞུག་གུ་དེར། སྔན་༼སྔོན་༽ནས་ངས་བྱས་ན་གཞུག་གུ་དེར་ཏིག་ཙ༼ཙམ༽ཅིག ངས་ཟེར་ན། ཐེངས་མ་གཅིག་རེད་པ། ཟེར། དང་པོ་ཐེངས་མ་གཅིག་དེ་ལ་ལམ་སང་དེ་ག་ཙམ་ཅིག་རྒྱུག་པ་བཞུས་ཐེངས་ཅིག་ལ་གཡུག་གནང་སོང་གང་།
- ཁདེ་འདྲས་ཅིག་ལ་ཐེངས་དང་པོ་དེ་ལ་ད་ཐ་ཚིག་བསྒྲགས་དགོས་རེད་ཟེར། ཐ་ཚིག ཐ་ཚིག་བསྒྲགས་དེ་ནས་ཨ་ནི་ཡག་པོ་བྱེད་ཀྱི་མི་འདུག་ན། ཨ་ནི་རྗེས་མ་འོང་གླ་ཆའི་སྒང་ནས་བཅགས་ཡས། ཐ་ན་སྡུག་ཤོས་ལས་ཁུངས་ནང་ནས་འབུད་ནའི་འབུད་མ་ཆོག་པ་གའི་ཡོའོ་མ་རེད།
- ཁཡིན་ནའི་ད་རེས་ཐེངས་མ་གཅིག་ལ་ཁྱེད་རང་གིས་ལམ་སང་ཁྱོད་ཚོས་ལམ་སང་ཐག་གཅོད་གནང་བྱས། ཨ་ནི་སྤོ་བོ་ལ་ཡ་ཕོག་བཅག ད་ཨ་ནི་གཟེངས་བཟོད་བཅགས་པས་མ་ཟད། ཕོག་ད་གའི་བཅག་གནང་བཞག་ཟེར། དེ་འདྲས་བྱས་ན་ཨ་ནི།
- ཁཨ་ནི་ཏག་ཏག་བསྡད་ཀྱི་མི་འདུག་གསུངས་པ་རེད་པ། ཐ་ཚིག་མ་བསྒྲགས་པ་མ་རེད། ཟེར། ད་སྔོན་མ་འདི་འདྲས་འདི་འདྲས་བྱས་བཞག་ཟེར། གསུངས་དང་།
- ཀལགས་སོ།
- ཁད་རེས་ད་རེས་ཁྱེད་རང་ཏིག་ཙ༼ཙམ༽ཅིག་རྒྱུ་མཚན་མཐོ་དྲག རྒྱག་རེས་རྒྱག་ཡས་ཧཱ་ཧཱ།
- ཀརྒྱུ་མཚན་དེ་ད་ག་་ནས་དབྱུགས་འགག་ཚར་པ་རེད། ཡོའོ་མ་རེད། དེ་གའི་འདྲ་པོ་མི་འདུག བཞུགས་ཨ། ཕ་གའི་འདྲ་པོ་མི་འདུག
- ཁཨོའོ་ད་ག་དེ་ཡག་པོ་འདུག
- ཁད་ཁ་ནས་རྦ་བ་སོབས་བྱེད་ག་བྱེད་དགོས་རེད་ད།
- ཀདེ་རིང་ཡིན་ན་ངར་པོ་མ་བྱས་ན། འོ་ཞེ་དྲག་ངར་པོ་མ་གནང་མ་ཞིང་རྒན་ལགས་ཁྱེད་རང་དབུ་ཁྲིད་གྲས་ཀ་རེད་ད།
- ཁཏིག་ཙ༼ཙམ༽ཅིག་ངར་ག་བྱེད་ཀ་བྱེད་དགོས་རེད།
- ཀཏིག་ཙ༼ཙམ༽ཅིག འ་ཙི་འ་ཙི་དེ་འདྲས་བྱས་ན་དཔེ་སྲིད་དོགས་མེད་ཟེར་གནང་ཀ་གནང་དང་། ཨ་ནི་དེ་འདྲས་མ་གསུངས་མ་གཏོགས། དེ་ཟེར་ག་བྱས་དགོས་ངས།
- ཀརྒན་ལགས་ཁྱེད་རང་གས་༼གིས༽སྔོན་ལ་མང་ཙམ་ཅིག་གསུངས་མ་གཏོགས། ཡང་ངའི་སྐད་ཆ་འདོན་རྒྱུ་དེ་ཤེལ་དམ་འདོན་ན། ཡང་ཡའི་རྦད་དེ་ཆད་འགྲོ་གི་རེད་ད།
- ཁད་ཏིག་ཙ༼ཙམ༽དེ་རེད། རྟག་པར་འཁྱམས་འགྲོ་གིས། ལས་ཁུངས་ནང་ལ་ཕྱི་འབྱོར་་རྟག་པར་ཕྱི་འབྱོར་བྱེད་ཀྱི་ཡོའོ་རེད་ཟེར། ཨ་ནི་ཆང་འཐུང་གི་ཡོའོ་རེད་ཟེར། ཨ་ནི་་ཁ་སང་ཡིན་ན། ལྷག་པར་དུ་མཚམས་མཚམས་ལས་ཁུངས་ནང་ལ་ར་་བཟི་བྱས་ཡོང་ཡས་གནས་ཚུལ་དེ་འདྲས་བྱུང་པ་རེད་ཟེར།
- ཁདེའི་བལྟས་བྱས་ང་དེ་བཞག་པ་རེད་ཟེར་བྱས་བྱས་། དེའི་གཞུག་གུ་ངས་ག་རོག་ཅིག་བཤད་ཀྱི་རེད་པ།
- ཁད་འོ་ན་ཁྱེད་རང་གས༼གིས་༽མཁྱེན་བྱུང་གས༼གམ༽ཟེར།
- ཁའོང་ཤེལ་དམ་བཞུས་པའི་གནས་ཚུལ་དེ་འདྲས། དེ་འདྲས་བྱུང་པ་རེད་ད་ཟེར།
- ཁདེ་མཁྱེན་བྱུང་གས་༼གམ༽ཟེར་ཁྱེད། ཨ་ནི་ངས་དེ། ང་ལབ་ཡས་ཟེར་མེད་པའི་ཁུལ་བྱས་གཞུག་གུ་དེར། བྱས་ཙང་ངས་རླུང་འདྲ་ཅིག་ཏིག་ཙ༼ཙམ༽ལངས་བྱས་འགྲོ་གིས།
- ཀའོང་རེད།
- ཁད་ག་རེད་པ།
- ཀའོང་རྒན་ལགས་ཁྱེད་རང་ཁ་ས་ག་པར། དེ་གནང་དུས་ཅིག་ལ་ཐད་པའི་བཟོ་འདྲ་ཅིག་གནང་དང་ད་འགྲིག་གི།
- ཁཨོའོ་རེད།
- ཀརེད་པ།
- ཁརེད་རེད།
- ཀཕྱི་ལོགས་དེ་པར་ཅིག་དོན་དག་ཅིག་གཅད་ག་ཐད།
- ཁང་མེད་ཤུལ་རིང་ག་ཐག་གཅོད་འདི་འདྲས་ཟེར་གནང་འདུག་ག་ཟེར།
- ཀཨོའོ་དེ་འདྲས་ཟེར། ད་དེ་མ་བྱེད་དཀའ་མེད་འཁེལ་བྱུང་ཟེར་གྱིས་རེད་ངས།
- ཁའོ་རེད་རེད།