Skip to main content Skip to search
16 Nov 2014
6 min 42 sec
Rating
0
No votes yet
Video Overview
Creators: 
Sherig Dentshog

༉  བསམ་གྲུབ་ལྗོངས་མཁར་ ཟངས་ཐིག་ལས་ ཡེ་ཤེས་དབང་འདུས་ཀྱིས་བཤད་མི་དང་འཁྲིལ་བ་ཅིན་ ཨ་ལྕེ་ལྷ་མོའི་གླུ་གཞས་འདི་ ཡབ་ཀྱི་བཀའ་དང་འཁྲིལ་ཏེ་ ཆོས་རྒྱལ་ནོར་བཟང་དམག་ལུ་བྱོན་ཏེ་ལོག་ལྷོད་ཞིནམ་ལས་ བཀའ་དྲིན་གཏང་རག་སྦེ་ཕུལ་བའི་གླུ་གཞས་ཅིག་ཨིན་མས། དེ་བསྒང་ཡབ་ཀྱིས་ ཁྱོད་ཟེར་མི་འདི་ མི་ཕོ་མི་བཟང་ཕོ་རབ་སྒྲིང་སྒྲིང་རྡོས་རིལ་རི་སྦེ་ ཕར་བློ་སླབ་ཤེས་མི་ ཚུར་ཉན་ཤེས་མི་ ཁྱོད་ཟེར་མི་འདི་ ང་གི་བློ་གཏད་ཧིང་གཏད་འབད་དེ་ཕར་བཏངམ་ཨིན་ ཚུར་ལེགས་ཤོམ་སྦེ་ལོག་ཤོག་སྨ་རེད་ ཟེར་སླབ་བཏང་སྟེ་ལོག་ལྷོདཔ་ད་ལུ་ འདི་གི་གཏང་རག་བཟུམ་ཅིག་སྦེ་ ཆོས་རྒྱལ་ནོར་བཟང་གིས་འབད་ ཡབ་ལུ་ཕུལ་བའི་གླུ་གཞས་ཅིག་ཨིནམ་སྦེ་བཤདཔ་ཨིན་པས། གློག་བརྙན་འདི་ནང་ ཡེ་ཤེས་དབང་འདུས་དང་སྐལ་བཟང་ འཕྲིན་ལས་དབང་འདུས་གསུམ་གྱིས་འབད་འཐེན་ཏེ་འདུག

Show More