Skip to main content Skip to search
16 Nov 2014
48 min 3 sec
Video Overview
Creators: 
Sherig Dentshog

The Ache Lhamo Cham Dance is one of the most popular dances along the eastern border regions of Bhutan. These three elders from Zangthig village in Lauri Gewog (county) in Samdrupjongkhar Dzongkhag (district), talk about how this cham dance came to their locality through Drupthob Thangtong Gyalpo, the iron bridge builder.

༉  གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གིས་བརྩམས་གནང་མི་ཨ་ལྕེ་ལྷ་མོའི་འཆམ་འདི་ ཁང་ཁྱིམ་ལ་སོགས་པ་གསར་བཞེངས་འབད་བའི་སྐབས་ རྐྱེན་བར་ཆད་མི་འབྱུང་ནིའི་ཐབས་ལུ་ སྤྱིར་གནས་བདག་གཞི་བདག་ཚུ་ལུ་གསོལཝ་བཏབ་པའི་ཚུལ་སྦེ་རྐྱབ་དོ་ཡོདཔ་ཨིན་མས། འཆམ་རྐྱབ་མི་རེ་རེ་གི་མིང་ཡང་ ལྷ་མོ། ཀླུ་མོ། ཉ་པ། ཉ་རོགས། ཆོས་རྒྱལ་ནོར་བཟང་ཟེར་སླབ་སྲོལ་ཡོདཔ་ད་ ཨ་ལྕེ་ལྷ་མོའི་འཆམ་འདི་ འབྲུག་རྒྱལ་ཁབ་ཀྱི་ས་གནས་ མེ་རག་སག་སྟེང་དང་ཤིང་མཁར་ལའུ་རི་ལས་ཕར་མ་གཏོགས་ གཞན་ཁ་ལུ་གནམ་མེད་ས་མེད་ཅིག་རྐྱབ་སྲོལ་མེདཔ་ཨིན་པས། ཁོང་གསུམ་གྱིས་བཤད་དོ་བཟུམ་འབད་བ་ཅིན་ ཟངས་ཐིག་ལུ་བརྩི་བསྲུང་ཞུ་སྟེ་བདག་འཛིན་འཐབ་དགོ་མི་དེ་ གྲུབ་ཐོབ་མཆོག་ ས་གནས་དེ་ཁར་ཕེབས་ཏེ་འགྲོ་དོན་མཛད་བྱིན་གྱིས་བརླབས་གནང་པའི་བཀའ་དྲིན་གྱིས་འབད་ བདེ་སྐྱིད་ཕུན་སུམ་ཚོགས་ཏོག་ཏོ་སྦེ་སྡོད་ནི་ཡོདཔ་ལས་ འདི་གི་བཀའ་དྲིན་ལུ་ བདག་འཛིན་འཐབ་སྟེ་བརྩི་སྲུང་ཞུཝ་ཨིན་ཟེར་ བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • ཡེ་ཤེས་དབང་འདུས་:
    ལགས་སོ། ད་ནཱ་ ད་རེས་ ང་བཅས་རའི་ དཔལ་ལྡན་འབྲུག་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་ རྒྱལ་ཁབ་ནང་ལུ་ སྔར་སྲོལ་བཟང་པོ་དང་ འདི་གི་སྐོར་ལས་ ང་བཅས་རའི་ ནཱ་ བསམ་གྲུབ་ལྗོངས་མཁར་གྱི་ རྫོང་ཁག་ དེ་ལས་ ཇོ་མོ་གཙང་ཁ་དྲུང་ཁག་ ལའུ་རི་རྒེད་འོག་ དེ་ལས་ ང་བཅས་ གཡུས་ཟངས་ཐིག་ཟེར་ས་ལུ།
  • ཡེ་ཤེས་དབང་འདུས་:
    ཨ་ལྕེ་ལྷ་མོ་དར་ཚུལ་གྱི་སྐོར་ལས་ ནཱ་ ང་བཅས་རའི་ མི་དབང་མངའ་བདག་རིན་པོ་ཆེའི་ བཀའ་དྲིན་ཆེན་པོ་ཁོ་ན་ཡོད་པའི་སྐྱབས་འོག་ལུ་ ང་བཅས་རའི་ ད་ནཱ་ ཉམས་པ་སོར་ཆུད་དང་ མི་ཉམས་གོང་དུ་འཕེལ་ནི་གི་དོན་ལུ་ ང་བཅས་རའི་ ནཱ་ ཤེས་རྒྱུན་ལས་སྡེ་ལྟེ་བའི་ ད་ནཱ སློབ་དཔོན་ཅིག་ ནཱ་ང་བཅས་རའི་ འ་ནཱི་འཆམ་དང་ དེ་ལས་ འདི་ཚུ་གི་སྐོར་ལས་བྱུང་ཚུལ་དང་།
  • ཡེ་ཤེས་དབང་འདུས་:
    ད་ ཁུངས་ཚུ་ མདོར་བསྡུས་ཅིག་ སླབ་ནི་གི་ གོ་སྐབས་གནང་མི་འདི་ལུ་ དང་པ་ར་ ནཱ་སློབ་དཔོན་མཆོག་ལུ་ ང་བཅས་ཀྱི་ཧོངས་ལས་ བྱོན་པ་ལེགས་སོ་དང་ བཀྲ་ཤིས་བདེ་ལེགས་ཟེར་ ཞུ་ནི་ལགས། ཏེ་ད་ འ་ནཱ་ལུ་ སླབ་དགོ་མི་ མི་ངོམ་ལུ་ ད་ངོ་སྤྲོད་ཅིག་ཞུ་བ་ཅིན། ད་ ཧེ་མ་ར་ ང་རའི་ངོ་སྤྲོད་འདི་ ང་ཧ་ལམ་ ད་ ཆུང་ཀུ་ལས་ཡར་བལྟ་ར།
  • ཡེ་ཤེས་དབང་འདུས་:
    ད་ སྒོམ་ཆེན་ ཆོས་ཕྱོགས་ལུ་ ད་བརྩོན་སྡོད་དེ་ར་ ཧ་ལམ་ལོ་ ལྔ་བཅུ་ལྔ་བཞི་དེ་ཅི་སོང་བའི་ དུས་ཚོད་ཨིན་ལགས། ད་ ངེ་མིང་འདི་ ཡེ་ཤེས་དབང་འདུས་ཟེར་ སླབ་ཨིན། ད་ ནཱ་ལུ་ད་ ནཱ་ཚུར་ཁ་ཐུག་ད ཨ་ལྕེ་ལྷ་མོའི་འཆམ་པ་གི་ སློབ་དཔོན་ ཧ་ལམ་ རིམ་ཐེངས་གཉིས་དེ་ཅི་གི་ སློབ་དཔོན་ཟེར་ སློབ་དཔོན་ སྐལ་བཟང་ཟེར་ ཞུ་ནི།
  • ཡེ་ཤེས་དབང་འདུས་:
    ནཱ་ལུ་ ཏེ་ད་ ཨ་ལྕེ་ལྷ་མོའི་འཆམ་གྱི་ སློབ་དཔོན་གྱི་གྱལ་ཁ་ར་ཨིན། ནཱ་ སློབ་དཔོན་ སྐལ་བཟང་གི་ སློབ་མ་ཨིན་། ཁོ་འཕྲིན་ལས་དབང་འདུས་ཟེར་ ཞུ་ནི། ཁོ་ཡང་ ཧ་ལམ་ ལོ་ ལྔ་བཅུ་ལྔ་ལྔ་དེམ་ཅི་གི་ རྩིས་ཨིན། ནཱ་ དྲུག་བཅུ་རེ་ལྔ་དེ་ཅི་འགྱོཝ་ཨིན་ཟེར་ ཞུ་ནི། ཏེ་ད་ འ་ནཱི་ འཆམ་དང་ཁུངས་ཀྱི་སྐོར་ལས།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ རྒྱས་ཤིང་རྒྱསཔ་སྦེ་ སླབ་སྟེ་འབད་བ་ཅིན་ ང་བཅས་རའི་ཧོངས་ལས་ ཉིན་ནུབ་བཞི་ལྔ་དེ་ཅིག་ལུ་ཡང་ མི་རྫོགས་ནི་ཨིན་པས་ལགས། ཁོང་ རྫོགས་པའི་སངས་རྒྱས་དང་ ད་ ཕམ་བཟང་པོ་ཚུ་གིས་ བདག་འཛིན་འབད་དེ་བཞག་མི་ ད་ ཁོང་གི་ ག་ཅི་ རྒྱལ་བ་གོངམ་ཚུ་གིས་ འདི་བཟུམ་སྦེ་ སེམས་ཅན་གྱི་ གང་ལ་གང་འཚམས་ལུ་ འགྲོ་དོན་མཛད་མི་རྣམ་ཐར་དང་ འདི་ཚུ་ རྒྱས་ཤིང་རྒྱསཔ་སྦེ་གསུངས་གནང་སྟེ་འདུག།
  • ཡེ་ཤེས་དབང་འདུས་:
    ཨིན་འདི་ར་འབད་རུང་ ད་ང་བཅས་ཚུ་གིས་ ནཱ་ལུ་ རྒྱུན་མ་ཉམས་ཙམ་ཅིག་ བདག་འཛིན་འབད་དེ་ ལོ་མང་རབས་ཅིག་འགྱོ་བའི་སྐོར་ལས་ ང་བཅས་ཟངས་ཐིག་གི་ ནཱ་ ལའུ་རི་རྒེད་འོག་ གཡུས་ཟངས་ཐིག་ཟེར་ས་ལུ་ ད་ང་བཅས་རའི་ ནམ་ལས་བྱུང་སྟེ་ ད་ ག་ཅི་སྦེ་ བཙུགས་དགོཔ་པའི་དམིགས་དོན་འདི་ ག་དེ་སྦེ་ཨིན་ན་ཟེར་ ཞུ་བ་ཅིན་ ང་བཅས་རའི་ ནཱ་དང་ཕུ།
  • ཡེ་ཤེས་དབང་འདུས་:
    ད་ ལོ་ངོ་འདི་ ད་ཡུལ་ལས་འདས་པ་ཅིག་འདུག་ལགས། ད་སླབ་ནི་གི་ གནམ་མེད་ས་མེད་ དེ་ཅིག་ཨིན། དེམ་ཅིག་ཨིན་ཟེར་ ཞུ་ནི་མེད། དུས་རབས་ བཅུ་གསུམ་དང་ བཅུ་བཞིའི་བར་ན་ལུ་ སྒྲུབ་ཐོབ་ལྕགས་ཟམ་དབང་པོ་ལས་བརྒྱུད་དེ་ ནཱ་ དར་ཚུལ་འདི་ཡང་ ཏེ་ད་ ག་དེ་སྦེ་སྨོ་ཟེར་བ་ཅིན།
  • ཡེ་ཤེས་དབང་འདུས་:
    ང་བཅས་རའི་ ནཱ་ ཟངས་ཐིག་ལུ་བཙུགས་སྟེ་ མི་ལོ་འབད་བ་ཅིན་ ཧ་ལམ་ སུམ་བརྒྱ་ བཞི་བརྒྱའི་བར་ན་ལུ་འདུག་ཟེར་ཞུ་ནི། ད་ དེ་ཅིག་གི་བར་ན་ ང་བཅས་རའི་ གཡུས་ཁ་ལུ་ འདི་བཟུམ་མའི་ ཨ་ལྕེ་ལྷ་མོའི་འཆམ་ བཙུགས་དགོ་པའི་ཁུངས་དང་དགོས་པ་ ག་ཅི་སྦེ་ དོན་དག་ ག་ཅི་འཚོལ་ཏེ་བཙུགས་ཡི་ག་ ག་ཅི་སྦེ་་ འདི་བཟུམ་ གདན་འདྲེན་ཞུ་ཡི་ག་ཟེར་ ཞུ་བ་ཅིན།
  • ཡེ་ཤེས་དབང་འདུས་:
    ང་བཅས་རའི་ ཡུལ་ལྗོངས་ནང་ལུ་ དང་ཕུ་འདི་ ད་རེས་པ་བཟུམ་སྦེ་ ད་རེས་ནངས་པ་འདི་ ག་དེ་སྦེ་རུང་ མི་དབང་མངའ་བདག་རིན་པོ་ཆེའི་ བཀའ་དྲིན་ཆེན་པོའི་གིས་སྦེ་ ད་ ནད་ན་ཚ་ག་ཅི་ཡང་འབྱུང་སྟེ་རང་འབད་རུང་ ནད་དང་བསྟུན་པའི་ ད་ ཌོག་ཊར་དྲུང་ཚོ་ཟེར་གནང་སྟེ་ སྨན་དང་འདྲ་མི་འདྲ་གནང་སྟེ་ ག་ར།
  • ཡེ་ཤེས་དབང་འདུས་:
    ནཝ་ཅིག་ར་ ནཱ་ ང་བཅས་རའི་ གཡུས་འདི་ནང་ སྨན་ཁང་ ཆུང་ཀུ་ལས་བཙག་སྟེ་ རྫོང་ཁག་ སྨན་ཁང་སྦོམ་དང་ ཐིམ་ཕུ་རྒྱལ་ས་ལྟེ་བ་ སྨན་ཁང་སྦོམ་ནང་ལུ་འབག་སྟེ་ དེ་ལས་ བཤག་བཅོས་འབད་དགོཔ་ཡོད་པ་ཅིན་ བཤག་བཅོས་འབད་དེ་ དེ་ལས་ འདི་མ་དགོ་པ་ཅིན་ ད་ ཐབས་ལམ་སྣ་ཚོགས་ཀྱི་སྒོ་ལས།
  • ཡེ་ཤེས་དབང་འདུས་:
    སྨན་གནང་སྟེ་ དེ་སྦེ་དྲག་སྟེ་ གནམ་མེད་ས་མེད་ བདེ་ཞིང་སྐྱིད་དེ་ གནམ་མེད་ས་མེད་ བཀའ་དྲིན་ཆེན་པོ་ ད་མིག་མཐོང་ལག་བཟུང་འདུག་ཟེར་ ཞུ་ནི། དུས་དང་ཕུ་ དེ་བསྒང་འདི་ ནད་ན་ཚ་ཏེ་མ་འདྲཝ་ མི་ནད་ ཆུ་ནད་ ནོར་ནད་ ལོ་ནད་ཟེར་ ནད་མ་འདྲ་བ་ ནད་རིགས་མ་འདྲ་བར་ ལེ་ཤ་བྱུང་པའི་སྐབས་ལུ་ཏེ།
  • ཡེ་ཤེས་དབང་འདུས་:
    ག་ཏེ་ལུ་ཡང་ ཞུ་ནིའི་ཐབས་མེད་པར་ ག་ཏེ་ལུ་ཡང་བཅར་སའི་ས་སྒོ་མེད་པར་ ད་ འབྱུང་བ་བཞི་ལས་སྐྱབས་ཐུབ་པའི་ ད་སྒྲུབ་ཐོབ་ལྕགས་ ཐང་སྟོང་རྒྱལ་པོ་ཟེར་ཡང་ ཞུ་དེས ད་སྒྲུབ་ཐོབ་ལྕགས་ཟམ་དབང་པོ་ཟེར་ཡང་ ཞུ་དེས།
  • ཡེ་ཤེས་དབང་འདུས་:
    འ་ནཱི་ལུ་བརྟེན་ཏེ་ ཁོ་ འབྱུང་བ་བཞི་ཐུབ་པའི་ ཁོ་ཏེ་ གནམ་མེད་ས་མེད་ སྒྲུབ་ཐོབ་ཅིག་ཨིན་མས་ཟེར་ འདི་ལས་བརྟེན་ཏེ་བྱུང་ནུག་ཟེར་ ཞུ་ནི་ལགས། དེ་ལུ་བརྟེན་ཏེ་ བྱུང་ཞིནམ་ལས་ཏེ་ ང་བཅས་ ནཱ་ལུ་ ཕྱུན་མ་ཉམས་པར་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ལུ་ཡང་ ལྕགས་ཟམ་གནང་མི་གི་
  • ཡེ་ཤེས་དབང་འདུས་:
    ད་ སྤ་རོ་དང་ ནཱ་ ང་བཅས་རའི་ བཀྲ་ཤིས་གཡང་རྩེ་ དོག་གསུམ་ཚུ་ནང་ལུ་ མིག་གིས་ མཐོང་སྣང་ག་ར་ མཇལ་སྣང་ཡོད་མི་ སྒྲུབ་ཐོབ་ལྕགས་ཟམ་དབང་པོའི་ རྫུལ་འཕྲུལ་གྱིས་སྦེ་ གནང་མི་ཨིན་མས། དེ་སྦེ་ནི་དེ་གིས་ ཁོ་གི་ཏེ་ འབྱུང་བཞིའི་ སའི་འཇིགས་པ་ ཆུའི་འཇིགས་པ་ མེའི་འཇིགས་པ་ རླུང་གི་འཇིགས་པ་ འབྱུང་བ་བཞིའི།
  • ཡེ་ཤེས་དབང་འདུས་:
    འཇིགས་པ་ག་བཟུམ་ཡོད་རུང་ ཐེ་ཚོམ་ག་ནི་ཡང་མེད་པར་ གྲོལ་ཚུགས་མི་དང་ ཞི་ཚུགས་མི་ ཐུགས་སྟོབས་ཡོདཔ་ལས་བརྟེན་ འདི་ལུ་བརྟེན་ཏེ་ འདི་བཟུམ་མའི་ སྒར་འཆམ་ཟེར་ མཐོང་སྣང་ཡོད་མི་ མི་ཚུ་ག་ར་ མཐོང་བ་ཙམ་གྱིས་ མཐོང་ནི་ མཐོང་གྲོལ་དང་ ཐོས་པ་ཙམ་གྱི་ཐོས་གྲོལ་དང་ ང་བཅས་ཚུ་ག་ར་ ཁོ་ལུ་བརྟེན་ཏེ།
  • ཡེ་ཤེས་དབང་འདུས་:
    ག་ར་ ནད་ན་ཚ་ག་ར་ ཞི་ནི་གི་ཐབས་ལུ་བརྟེན་ཏེ་ ཁོ་ལུ་ སྐྱབས་འཚོལ་ཏེ་ ཁོ་གི་ ལུས་ངག་ཡིད་གསུམ་ལུ་ དད་པ་བསྐྱེད་དེ་ འ་ནཱ་ལས་ ཡར་བལྟ་བྱུང་ནུག་ཟེར་ ཞུ་ནི་ལགས། དེ་ལས་ འདི་ཡར་བལྟ་བྱུང་སྟེ་ ང་བཅས་ནཱ་ ཟངས་ཐིག་ལུ་ བཙུགས་སྟེ་འབདཝ་ལས་བརྟེན་ ཧེ་མ་ ནད་རིམས་པ་ཟེར་མ་འདྲ་བ་ སྨན་གྱི་མ་དྲག་མི་ འདི་བཟུམ།
  • ཡེ་ཤེས་དབང་འདུས་:
    སྐད་ཆོག་ཙམ་ཡང་(ཆུང་ཀུ)་ཅིག་ར་ རྣམ་ཅོ་ཁར་གོཝ་ཅིག་ར་ འ་ནཱི་ནད་ན་ཚ་གི་ སྤོ་སྟེ་ རང་ལུ་ཟུན་ཏེ་ཡོད་མི་ཚུ་ཡང་ ད་འ་ནཱི་ ཨ་ལྕེ་ལྷ་མོ་འཆམ་ཟེར་མི་རྐྱབ་དགོ། རྐྱབ་ཞིནམ་ལས་བརྟེན་ཏེ་ འ་ནཱི་ནད་ན་ཚ་ག་ར་ཞི་སྟེ་ ད་ མི་ནད་ ཆུ་ནད་ ནོར་ནད་ ལོ་ནད་ག་ར་ཞི་སྟེ་ ང་བཅས་ག་ར་རང་།
  • ཡེ་ཤེས་དབང་འདུས་:
    ཏེ་ཆར་ཚུ་དུས་སུ་འབབ། ལོ་ཕྱུགས་རྟག་ཏུ་ལེགས་སྟེ་ གནམ་མེད་ས་མེད་ ལེགས་ཤོམ་བྱུངམ་ལས་བརྟེན་ཏེ་ ཨའུ་ འ་ནཱི་འདི་ གནམ་མེད་ས་མེད་ བྱིན་རླབས་ཆེན་པོ་གཅིག་འདུག་སྨ་མས་ཟེར་ འ་ནཱི་ལས་ཡར་བལྟ་འདི་ བདག་འཛིན་འཐབ་ནུག་ཟེར་ ཞུ་ནི་ལགས།
  • ཡེ་ཤེས་དབང་འདུས་:
    ད་ དེ་ལས་ བདག་འཛིན་འབད་དེ་ ད་ང་བཅས་ཚུ་ འ་ནཱི་བདག་འཛིན་འབད་དེ་ ལོ་ངོ་མང་རབས་ཅིག་ སོང་ནུག་ཟེར་ ཞུ་ནི་ལགས། དེ་ལས་ དེ་ཅིག་གི་རིང་ལུ་ ད་ལྟོ་ རྒྱུན་མ་ཉམས་པར་ར་ ཕྱག་ཞུ་དང་ ཞུ་བཞིན་པ་རང་ཡོད།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ད་ལས་ཕར་ ཤུལ་ལས་འབད་རུང་ ང་བཅས་ཚུ་གིས་ འ་ནཱི་འདི་ ནམ་ཡང་ དུས་ནམ་ཡང་འགྱུར་བ་མེད་པར་ ད་ དང་ཕུ་ཏེ་ད་ ད་རེས་ནངས་པ་བཟུམ་སྦེ་ ད་ ཀམ་པུ་ཀྲར་(གློག་རིག)ནང་ལུ་ ག་ཅི་ནང་ཟེར་ བསགས་བཞག་ནིའི་ ས་སྒོ་མེད་པར་ སློབ་དཔོན་གཅིག་གི་གཅིག་ གཅིག་གི་གཅིག་ ཞལ་རྒྱུན་སྦེ་སྟེ།
  • ཡེ་ཤེས་དབང་འདུས་:
    ཡང་ན་ ཁོང་ ག་ཅི་ བྱིན་རླབས་ཡོད་པའི་ བླ་མ་དམ་པ་ཚུ་གིས་ ཏེ་ད་ རྩ་ཚིག་ཚུ་བཏབ་སྟེ་ ནཱ་ རྣམ་ཐར་ཟེར་ བཟོ་བཞག་མི་ལས་བརྟེན་ཏེ་ ད་ལྟོ་ རྒྱུན་མ་ཉམས་པར་ ལུསཔ་མ་གཏོགས་ གཞན་ད་ འཆམ་རྐྱབ་རེ་རྐྱབ་ཚེ་ ག་ར་ ད་ ཡིག་གུ་ སྣ་གཅིག་ཡང་མ་ཤེས་པར་ ད་ མི་གནགཔ་ འདི་ཚུ་གིས་ དད་པ་བསྐྱེད་དེ།
  • ཡེ་ཤེས་དབང་འདུས་:
    འབདཝ་ལས་ ཁོང་ ཞལ་རྒྱུན་ཁ་ལས་ལྟར་དུ་འབད་དེ་ ད་ སླབ་ནི་དང་ འདི་བཟུམ་ ཞུ་ནིའི་ འདི་བཟུམ་རྩ་ཚིག་ཚུ་ སླབ་ནི་གི་ ལེ་ཤ་འདུག་ཟེར་ ཞུ་ནི་ལགས། འདི་ཡོད་དེ་ར་འབད་རུང་ ཁོང་ཚུ་གི་ ཏེ་ད་ ག་ཅི་ཅིག་མེདཔ་ལས་བརྟེན་ཏེ་ ད་ལྟོ་ ཚུན་ཚོད་འདི།
  • ཡེ་ཤེས་དབང་འདུས་:
    ད་ སློབ་དཔོན་ གཅིག་ལས་གཅིག་ལུ་བརྒྱུད་དེ་ ད་བྱུངམ་མ་གཏོགས་ ང་བཅས་རའི་ ནཱ་ གློག་རིག་ནང་ལས་ཐོན་ནི་དང་ འདི་བཟུམ་མ་པ་ལས་ར་མིན་འདུག། ད་ སྐབས་སུ་ ད་རེས་ ད་རེས་ཀྱི་ ལོ་ལུ་ལྷོདཔ་ད་ ང་བཅས་རའི་ མི་དབང་མངའ་བདག་རིན་པོ་ཆེའི་ བཀའ་དྲིན་ལས་བརྟེན་ཏེ།
  • ཡེ་ཤེས་དབང་འདུས་:
    ནཱ་ ཤེས་རྒྱུན་ལས་སྡེ་ཟེར་ ནམ་ར་ལོ་ངོ་བརྒྱ་ཕྲག་བརྒྱ་ཕྲག་གི་བར་ན་ ང་བཅས་ཚུ་གི་ ཨ་ལོ་ཚུ་ལུ་ སྟོན་ནི་ཡོདཔ་ ང་བཅས་རའི་ བྱིན་རླབས་ཆེན་པོ་ བྱིན་རླབས་རྩ་ཆེ་བ་ཡོད་མི་འདི་ མ་ཉམས་པར་ བདག་འཛིན་འབད་ནི་ཡོད་མི་ འདི་བཟུམ་ འཕྲུལ་ཆས་དང་བཅསཔ་སྦེ་ ནཱ་ ང་བཅས་ཀྱི་ ཟངས་ཐིག་ལུ།
  • ཡེ་ཤེས་དབང་འདུས་:
    ཕེབས་གནང་སྟེ་ ང་བཅས་ཚུ་ལུ་ ད་ འདྲི་བ་དྲི་ལེན་དང་ འདི་བཟུམ་གནང་སྟེ་ ང་བཅས་ཚུ་གི་ མཐོང་སྣང་འདི་ ནམ་རང་ཨིན་རུང་མཐོང་ནི་ཡོདཔ་ ནམ་རང་ཨིན་རུང་ མཇལ་ནི་ཡོདཔ་ བཙུགས་གནང་མི་འདི་ གནམ་མེད་ས་མེད་ བཀའ་དྲིན་ཆེ་ཟེར་ ཞུ་ནི་ལགས།
  • ཡེ་ཤེས་དབང་འདུས་:
    ད་ འ་ནཱི་འདི་ འབྱུང་ཁུངས་ འབྱུང་ཁུངས་ཟེར་རུང་ བླམ་ལྕགས་ སྒྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་བླམ་ ལྕགས་ཟམ་དབང་པོ་ཟེར་ ཞུ་མི་ལས་བརྟེན་ཏེ་ བྱུང་ནུག་ཟེར་ ཞུ་ནི་ལགས། འདི་ལས་བརྟེན་ཏེ་ ཨ་ལྕེ་ལྷ་མོ་འཆམ་ཟེར་ སླབ་མི་འདི་ ཁོང་ བོད་ཀྱི་ལྟར་དུ་འབད་བ་ཅིན་ ཨ་ཞེམོ་ལུ་ ད་ ཨ་ཞེམོ་ཟེར་ ཞུ་བའི་ཚུལ་ཨིནམ་མས། ཨ་ཞེམོ་ལུ་བརྟེན་ཏེ་ བྱུང་བའི་འཆམ་ཨིན་ཟེར།
  • ཡེ་ཤེས་དབང་འདུས་:
    ད་ དེ་འབདཝ་ ཏེ་ད་ ང་བཅས་རའི་ ད་ནཱ་ལུ་བྱུང་སྟེ་ མི་རབས་དེམ་ཅིག་གི་བར་དུ་ལུ་ ད་ལྟོ་ མ་ཉམས་པར་བདག་འཛིན་འབད་དེ་ ང་བཅས་ཚུ་གིས་ ད་ ག་ཅི་ལོ་ ནཱ་ ཆེ་འབྲིང་ཆུང་གསུམ་ ག་ར་ཕེབས་སྟེ་འབད་རུང་ སྤྱན་འབུལ་ཞུ་ཆོག་ཆོག་ཡོདཔ་ལས་བརྟེན་ཏེ་ ང་བཅས་ཚུ་གི་ཧོངས་ལས་ཡང་ ངལ་རངས་ཡོད་ཟེར་ཞུ་ནི།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ འཆམ་གྱི་ ང་བཅས་ར་གིས་ རྐྱབ་དགོ་པའི་ ཁུངས་དང་དགོས་པ་ཚུ་འདི་ ང་ འཆམ་ ཏེ་མ་རྐྱབ་ ཨིན་ཏེ་འབད་རུང་ ད་ནཱ་ འཆམ་པ་སློབ་དཔོན་ཚུ་གིས་འབད་དེ་ ཏེ་ད་ ད་རེས་ སྤྱི་ཚེས་ ༡༢་ དབྱིན་ཟླ་༡༡་པ་ དབྱིན་ལོ་ ༢༠༡༤་ཟླ་བ་དགུ་པ་ རང་ཟླ་དགུ་པ་ཚེས་ ༢༣་ལུ་ ཨ་ལྕེ་ལྷ་མོའི་འཆམ་ལུ་ ང་བཅས་ཚུ་གིས་ ག་ཅི་ལོ་ ནཱ་ སློབ་དཔོན་འབྱོན་ཏེ་ འདྲི་བ་དྲི་ལེན་འབད་ནིའི་ གོ་སྐབས་གནང་མི་འདི་ལུ།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ འཆམ་གྱི་ལས་རིམ་དང་ ག་ཅི་ དྲོ་པ་ག་ཅི་ལས་འགོ་བཙུགས་ ཕར་ཚུར་འགྱོ་སྟེ་ ཁོང་གི་གཡུས་སྒོ་ནང་ འཆམ་དགའ་བསྐོར་འབད་དེ་འབགཔ་ད་ ག་ཅི་དང་ ག་ཅི་སྦེ་ དེ་ ལས་རིམ་འགོ་བཙུགསཔ་ཨིན་ན་ འདི་ མདོར་བསྡུས་ཅིག་ཞུ་བ་ཅིན་ དང་པ་ར་ ད་ ནཱ་ལས་ གཏང་འཆམ་(ཁྱོམས་/gift)ཕུལ་བའི་སྐོར་ལས་ ནཱ་སློབ་དཔོན་སྐལ་བཟང་གིས་སྦེ་ཞུ་ནི་ཟེར་ ཞུ་ནི་ལགས། གཏང་འཆམ་གྱི་སྐོར་ལས་ལགས།
  • སྐལ་བཟང་/ Kezang:
    ལགས་སོ། ནཱ་ ང་ མ་པ་ མི་གནགཔ་ཨིན། ག་ཅི་ཡང་མི་ཤེས། མ་ཤེས་རུང་ འཆམ་ནང་འཛུལ་ཏེ་ ད་ནཱ་ ང་རའི་ དུས་སྐབས་ལུ་ ལོ་ དྲུག་ཅུ་རེ་གཉིས་ རེ་ལྔ་སོང་སྟེ་ཡོད་ཟེར་ ཞུ་ནི་ཨིན་ལགས། ཨིན་རུང་ ང་འདི་ ང་རའི་ ཤེསཔ་མེན། ང་རའི་ ལུང་བསྟན་ཅིག་ འབབ་ཅི་ཟེར་ ཞུ་ནི་ཨིན་ལགས།
  • སྐལ་བཟང་/ Kezang:
    ལུང་བསྟན་ག་དེ་སྦེ་ འབབ་ཅི་ཟེར་བ་ཅིན་ ང་ ཆོས་འབད་ནི་དགོ་མ་ཆོད། ཨིན་རུང་ འཆམ་གྱི་སྐོར་ལས་ ད་ ཁོང་ སློབ་དཔོན་བཟང་པོ་ཚུ་གི་ བཀའ་དྲིན་གྱིས་ སློབ་དཔོན་ཚུ་གི་བཀའ་དྲིན་གྱིས་ འཆམ་འབད་བ་ཅིན་ ང་གིས་ འཆམ་ཡང་རྐྱབ་ཅི་ ང་བཅས་ ནཱ་ཟངས་ཐིག་ལུ། མི་རབས་ལས་མི་རབས་སྦེ་ཏེ་ ཧ་ལམ་ མི་རབས་འདི་ ད་ ཧ་ལམ་བཅུ་ཐམ་དེ་ཅི་བརྒྱུད་ད་ནུག་ལགས།
  • སྐལ་བཟང་/ Kezang:
    སློབ་དཔོན་ཚུ་ ད་ ད་ ཞུ་བ་ཅིན་ ད་ སློབ་དཔོན་ཚུ་ ག་ར་བཤགས་ཚར་ཡི། ད་ང་བཅས་རའི་ ལགཔ་ཁར་ ནཱ་ རང་གི་ དུས་ལུ་འབབ་ཅི། དུས་ལུ་འབབཔ་ད་ འཆམ་འདི་ གནམ་མེད་ས་མེད་ ང་བཅས་རའི་ ད་ ཧེ་མ་ ཕམ་ཚུ་གིས་ སློབ་དཔོན་ཚུ་གིས་ བདག་འཛིན་འབད་དེ་བཞགཔ་ལས་ འཆམ་འདི་ གནམ་མེད་ས་མེད་ ལེགས་ཤོམ་འདུག་ཟེར།
  • སྐལ་བཟང་/ Kezang:
    ད་ ང་བཅས་ཚུ་གིས་ བདག་འཛིན་འབད་དེ་ ད་ ངའི་སློབ་མ་འདི་ སློབ་མ་ རིམ་ཐེངས་གསུམ་སོང་ཡི། ནཱ་ ཉ་པ་འཕྲིན་ལས་དབང་འདུས། དེ་ལས་ བཀྲ་ཤིས་དར་རྒྱས་ ལྷ་མོ་དཀར་ཅུང་། དེ་ལས་ འ་ནཱ་ ལྷུག་མོ་དཀར་པོ། དེ་ལས་ ཉ་རོགས་པདྨ་ཆོས་རྒྱས། ཁོང་ཚུ་གིས་ ད་ ང་ལུ་བསྟེན་ཡི། ང་གིས་ཡང་ ཤེསཔ་ཅིག་ ནཱ་འཆམ་ ག་ཅི་ཡང་ཨིན་རུང་ ཁོང་ཚུ་བཟུམ་སྦེ།
  • སྐལ་བཟང་/ Kezang:
    ད་ ཆོས་འབད་ནི་གི་དགོ་མ་ཆོད། ད་ འཆམ་གྱི་སྐོར་ལས་ གླུ་གཞས་དང་འཆམ་འདི་ ང་བཅས་ཚུ་གིས་ བདག་འཛིན་འབད་དེ་ སླབ་བྱིན་ཡི། ཁོང་ཚུ་གིས་ ད་ལྟོ་ཡང་ ཁོང་ཚུ་ཡོད་ཟེར་ ཞུ་ནི་ཨིན་ལགས། ད་ ཨིན་རུང་ འཆམ་འདི་ག་ཅི་གི་འཆམ་སྨོ་ཟེར་བ་ཅིན་ ནཱ་ སྒྲུབ་ཐོབ་ཐང་སྟོང་རྒྱལ་པོ་གི་ ཁོ་གི་ དང་ཕུའི་ལུང་བསྟན་གྱི་ ང་བཅས་རའི་ ཟངས་ཐིག་ལུ་ འབབ་ནུག་ཟེར་ཞུ་ནི།
  • སྐལ་བཟང་/ Kezang:
    ཟངས་ཐིག་ལུ་འབབ་ཞིནམ་ལས་ མི་རབས་འབད་བ་ཅིན་ ཧ་ལམ་ མི་རབས་བཅུ་ཐམ་དེ་ཅིག་སོང་ནུག། ཏེ་ད་ ང་བཅས་ཚུ་གིས་ ལག་ཁར་ཚུད་དེ་ཡོད། ད་སློབ་དཔོན་ཚུ་ག་ར་ བཤགས་ཚར་ཡི། ཏེ་ད་ ང་འདི་སློབ་དཔོད་འབད་དེ་ སྡོད་དགོ་མི་ཡང་ ཁོ་གི་བླམ་ སྒྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ བཀའ་དྲིན་ཨིན་ཟེར་ཞུ་ནི།
  • སྐལ་བཟང་/ Kezang:
    ད་ ད་ལྟོ་ དྲོ་པ་ ས་བཏུལ་ལུགས་ ད་ གཏང་འཆམ་ཟེར་ ཕུལ་དགོ་པའི་དོན་དག་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཚུ་ དགའ་བསྐོར་འབགཔ་ད་ ཁོང་ ད་ལུངམ་ནང་ལྷོདཔ་ད་ གཏང་འཆམ་ཟེར་མི་འདི་ རང་གིས་ ཕུལ་རང་ཕུལ་དགོ་པས་ཟེར་ ཞུ་ནི་ལགས། ད་ གཏང་འཆམ་མེད་པ་ཅིན་ ང་བཅས་ཚུ་ ཨ་ལྕེ་ལྷ་མོའི་ངོ་མིན་འདུག
  • སྐལ་བཟང་/ Kezang:
    ཨ་ལྕེ་ལྷ་མོ་མི་ཐོབ་ཟེར་ཨིན་མས་ལགས། ད་ གཏང་འཆམ་འབད་ཞིནམ་ལས་ ཁོང་གིས་ ཁོང་གིས་ ནཱ་ སུར་ཆང(སིང་ཆང) ལམ་ཆང་ལྷོདཔ་ད་ གཏང་འཆམ་རྐྱབ་དགོ་མི་ རང་གིས་ ད་ ནཱ་ འཆམ་འདི་ རང་གི་ གཟུགས་འདི་ བཤགས་སྦྱང་བསྐོར་དགོ་མི་ གཡས་ཀྱི་སྒྲིབ་པ་ གཡོན་གྱི་སྒྲིབ་པ་ སྒྲིབ་པ་དག་ཟེར་ ཁོང་ ནཱ་མི་བཟང་པོ་ ཁོང་གི་ ལུང་པ་ལུ་ལྷོདཔ་ད་ མི་ བླམ་བཟངམ། དཔོན་བཟངམ། ཁོང་ ཕམ་བཟང་པོའི་གདོང་ཁར།
  • སྐལ་བཟང་/ Kezang:
    གཏང་འཆམ་ཕུལ་དགོ་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ ཁོ་གི་ རང་གི་ ལུས་ཀྱི་ལྕོགས་མི་ གཏང་འཆམ་ཟེར་ ཁོ་གི་ ཨ་ལྕེ་ལྷ་མོའི་གཏང་འཆམ་འདི་ ད་ལྟོ་ ཕུལ་དགོ་མི་དེ་ འདི་ལས་ཕུལཝ་ཨིན་ཟེར་ཞུ་ནི། ད་ འདི་ཕུལ་ཏེ་ ད་ང་བཅས་ཚུ་ ནངས་པ་དྲོ་པ་ བྱཔ་འབོ་དགོ་མི་འདི་ ག་ཅི་སྦེ་འབོ་དགོཔ་སྨོ་ཟེར་བ་ཅིན་ ང་བཅས་ཚུ་ ལྷ་ ཀླུ་ མ་ཤེས་པར་ ང་བཅས་ཚུ།
  • སྐལ་བཟང་/ Kezang:
    ཁོང་ལུ་ ང་བཅས་ཚུ་གིས་ སྐྱབས་འཚོལཝ་ཨིན། སྐྱབས་ག་ཅི་ལུ་ འཚོལ་སྨོ་ཟེར་བ་ཅིན་ ད་ དང་པ་ར་ སྒྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལུ་ ང་བཅས་ཚུ་གིས་ དཀོན་མཆོག་གསུམ་ ཁྱོད་ཨིན། ཁྱོད་ཀྱིས་ གཟིགས་དགོ་ཟེར་ ད་ལྟོ་ ཁོ་གི་ ང་བཅས་ཚུ་ལུ་ ཁོ་གི་ ད་ཚང་རབ་(བརྡ་ལེན) ཟེར་ རྔ་ སྟོན་ཏེ་རྡུངམ་ཨིན་ཟེར་ ཞུ་ནི།
  • སྐལ་བཟང་/ Kezang:
    ད་ བར་ན་རྡུང་མི་འདི་ ང་བཅས་ ནཱ་ ད་ རང་སོའི་ འཆམ་པ་ཚུ་ཡང་ ལོང་དགོ། ཁྲུས་འབད་དགོ་ ང་བཅས་ཚུ་ གྲ་སྒྲིག་འབད་དགོ་ཟེར་ འདི་འབད་དེ་ ཁོང་ ང་བཅས་ཚུ་ འ་ནཱི་རྡུང་མི་འདི་ དོན་དག་འདི་ འ་ནཱི་ བར་ན་རྡུང་མི་འདི་ཨིན་ལགས། ཤུལ་མ་རྡུང་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ འབད་ས་ནང་འཛུལཝ་ དེ་སྦེ་འདུག། ང་བཅས་ཚུ་ འགོ་བཙུགས་དོ། འགོ་བཙུགས་ཞིནམ་ལས་ཏེ་ འགོ་འཆམ་ཟེར་ འགོ་འཆམ་འདི་ ག་ཅི་སྦེ་འབདཝ་སྨོ་ཟེར་བ་ཅིན།
  • སྐལ་བཟང་/ Kezang:
    ད་ ང་བཅས་རའི་ ནཱ་ཉ་པ་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ ཉ་པ་དང་ ཉ་རོགས་འདི་ ག་ཅི་སྨོ་ཟེར་བ་ཅིན་ ནཱ་ འགོ་འཆམ་ཟེར་ བཙུགས་དགོ་མི་འདི་ དང་ཕུ་ ང་བཅས་རའི་ ནཱ་ད་ བདུད་ཀྱི་འཆམ་དང་ ད་ནཱ་ སྒྲུབ་ཐོབ་ཐང་སྟོང་རྒྱལ་པོའི་འཆམ་ཅིག་ཐོན་ཏེ་ཡོདཔ་ཨིན་མས་ལགས།
  • སྐལ་བཟང་/ Kezang:
    ད་ སྒྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ ཁོ་ དབའི་ ང་བཅས་ཚུ་ ནཱ་འབད་ས་གི་ ས་ཁོངསང་ནང་ལུ་ ད་ས་བཏུལ་ནིའི་ འཆམ་རྐྱབ་པར་འོང་འོངམ་ཨིན་མས་ལགས། འདི་ནང་ འབད་ས་ལུ་འགྱོ་དགོ་ཟེར་ སྒྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ ད་ཁོ་ལུ་ སྨོན་ལམ་བཏབ་དོ། ད་ ནཱ་ ཉ་པ་དང་ ད་ཉ་རོགས་ཀྱིས་ བཏུལ་དགོ་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཚུ་ བྱཔ་མ་འབོ་པའི་བར་ན།
  • སྐལ་བཟང་/ Kezang:
    ད་ མི་ད་ གཉིད་མ་ལོག་གི་བར་ན་ རང་ལུ་ སྐྱབས་དང་མགོན་འདི་ སྒྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལུ་ སྨོན་ལམ་བཏབ་སྟེ་ ང་བཅས་ཚུ་ འབད་སའི་ནང་འཛུལ་དགོ་མི་དེ་ འདི་ཨིན་ཟེར་ཞུ་ནི། འབད་སའི་ནང་འཛུལཝ་ད་ ཁོ་ཏེ་ཉ་པ་འདི་ གདོང་སྟོན་ནི་མེད། ཁོ་འདི་ འབགཔ་བཙུགས་སྟེ་ཡོད། རྐངམ་དང་ལགཔ་འདི་ ཅོག་གཅིགཔ་རང་འདུག། རྐངམ་མཐོང་འོང་ ལགཔ་མཐོང་འོང་།
  • སྐལ་བཟང་/ Kezang:
    ད་ ཁོ་རའི་ ནཱ་གདོང་གུ་ འབགཔ་བཙུགསཔ་ལས་ འ་ནཱི་འདི་ ག་ཅི་སྦེ་ཟེར་བ་ཅིན་ ཁོ་གི་ ལྷ་ འདྲེ་ མི་ གསུམ་ཚུ་གིས་ ས་བདག་ ཡུལ་བདག་ འ་ནཱི་འབད་ས་ནང་ལུ་ སྡོད་མི་ག་ར་ ཁོང་ཚུ་ གཡང་ཟ་འབད་དེ་ ཁོང་ཚུ་འདྲོགཔ་ཨིན། འ་ནཱི་འདི་ ག་ཅི་སྦེ་ཟེར་བ་ཅིན་ ཁོ་གི་ འབག་བཙུགསཔ་བཞག་ལས་ ཁོ་གི་ ཕྱག་ན་རྡོ་རྗེའི་སྤྲུལ་པ།
  • སྐལ་བཟང་/ Kezang:
    ཁོ་གི་ འ་ནཱི་འདི་ ལ་ཁག་ ད་འགོ་འཆམ་ཟེར་ འགོ་འཆམ་གྱི་ཤུལ་ལས་ ངོ་ཚབ་འཕེལ་ལོ་ཟེར་ ས་གནས་ཟེར་མི་འདི་ ད་ལྟོ་ ས་གནས་ ག་ཅི་སྨོ་ཟེར་བ་ཅིན་ ད་ཁོ་ལ་ཁག་ནང་འཛུལ་ཏེ་ ཉིནམ་གཅིག་འདི་ ང་བཅས་ཚུ་ ཁོ་གི་ འཆམ་བལྟ་དགོཔ་ལས་ ས་གནས་ཟེར་ ཁོ་ལུ་ཉན་དགོ། ཉན་ནི་མེད་ ཨིན་རུང་ ཁོ་ལུ་ ཁོ་གི་ འཆམ་བལྟ་སྟེ་ ཉིནམ་གཅིག་ མྱ་ངན་འབདཝ་བཟུམ་སྦེ་ར་ འཆམ་འདི་ དེ་སྦེ་བཙུགས་དོ་ཟེར་ཞུ་ནི།
  • སྐལ་བཟང་/ Kezang:
    ད་ དེ་ལས་ ཏེ་ཁོ་གི་ འགོ་འཆམ་ལས་མཇུག་བསྡུ་སྟེ་ ནང་ན་གི་འདི་ ལྷ་བསམ་ཟེར་ ལྷ་བསམ་འདི་ ག་ཅི་སྦེ་འབད་དགོ་སྨོ་ཟེར་བ་ཅིན་ ལྷ་བསམ་ཟེར་མི་འདི་ ཁོ་གི་ ད་ལྟོ་ ནཱ་ དཀོན་མཆོག་གསུམ་ལུ་ ནཱ་ སྨོན་ལམ་བཏབ་སྟེ་ ད་ ཁོ་གི་ རླུང་འདི་ ཕར་རི་ རི་ལ་ཟེར་ ད་ཁོ་གི་ ད་རྒྱམ་ རྒྱ་མཚོ་ཕར་རི་ལས་ འཛུལ་དགོ་མི་འདི་ ཡར་ ལྷ་ཡུལ་ལུ་ བཀོད་དགོ་ཟེར།
  • སྐལ་བཟང་/ Kezang:
    རླུང་ལས་ ཕར་འབག་སྟེ་ ལོག་བསྡུ་སྟེ་ ནཱ་ ཁོ་གི་ ནཱ་ལྷ་ནང་ སྒྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལུ་ སྨོན་ལམ་བཏབ་ཏེ་ ལྷ་བསམ་ཟེར་ དེ་སྦེ་འབདཝ་ཨིན། ད་ ལྷ་བསམ་ཚར་ཞིནམ་ལས་ གྲོལ་ཐག་རེད་ཟེར་ ཁོ་གི་ ལམ་སྟོནམ་ཨིན་མས། ཁོ་གི་ ནཱ་འཐོན་ནི་གི་ལམ་ ང་བཅས་ཚུ་ ཨ་ལོ་གི་ འཐོན་ནི་གི་ ལམ་སྟོན་ཟེར།
  • སྐལ་བཟང་/ Kezang:
    ཁོང་ ད་ལྟོ་ འགྲོ་ཐག་རེད་འབད་དགོ་འདི་ཡང་ ད་ ནཱ་ ལམ་སྟོན་ ང་བཅས་ཚུ་ ལམ་ཁར་ ད་ཁོ་འདི་ ད་ འཆམ་རྐྱབ་སྟེ་ དཀྱིལ་འཁོར་བཙུགས་ནིའི་དོན་ལས་ ཁོ་འོང་སྟེ་ ནཱ་ ལམ་སྟོན་ཟེར་ཨིན་ལགས།
  • སྐལ་བཟང་/ Kezang:
    ཏེ་ནཱ་ འབད་ས་ནང་འཛུལ་དགོ་མི་འདི་ ད་ལྟོ་ འབད་ས་ནང་འཛུལ་ཞིནམ་ལས་ཏེ་ སྐྱབས་འཚོལཝ་ཨིན། སྐྱབས་འཚོལ་མི་འདི་ དང་པ་ར་ དྲིན་ཆེན་རྩ་བའི་བླམ་ལུ་ གསོལཝ་བཏབ་སྟེ་ ད་ ད་ དྲིན་ཆེན་རྩ་བའི་བླམ་ བླམ་མདོ་མང་པོ་ལུ་ གསོལ་བཏབ་སྟེ་ འ་ནཱི་ སྒྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་ མཁྱེན་ནོ་ཟེར་ དེ་སྦེ་སྐྱབས་འཚོལ་ཏེ།
  • སྐལ་བཟང་/ Kezang:
    ད་ དེ་ལས་ཏ་ ཁོ་གི་ ཁོ་གི ་བྱིན་རླབས་ལས་བརྟེན་ཏེ་ ང་བཅས་ཚུ་ གལ་རྐྱེན་བར་ཆད་ ནཝ་ཚཝ་མེད་པར་ ད་ ཁོ་གི་ སྨོན་ལམ་བཏབ་ལས་ ནཝ་ཚཝ་མེད་པར་ དེ་སྦེ་ཞུ་ནི་ཨིན་ལགས། ད་ ནཱ་ ང་བཅས་ཚུ་གི་ འབད་ས་ནང་འཛུལ་ཞིནམ་ལས་ཏེ་ ང་བཅས་ཚུ་གི་ ནཱ་ད་ རང་དོན་གྱིས་ བཤགས་སྦྱང་འདི་ ག་ཅི་སྨོ་ཟེར་བ་ཅིན།
  • སྐལ་བཟང་/ Kezang:
    གཡས་ཀྱི་སྒྲིབ་པ་ གཡོན་གྱི་སྒྲིབ་པ་དག་བཅུག་ཟེར་ ནཱ་ འཆམ་འདི་ ཁོང་གི་ ད་ བཙུགས་ཞིནམ་ལས་ཏེ་ ཁོང་གི་ རང་ལུ་ བལྟཝ་ཨིན། རང་ཡང་ སྒྲིབ་པ་དག་བཅུག་ཟེར་ དེ་སྦེ་སྨོན་ལམ་བཏབ་དོ། ད་ ཨིན་རུང་ ད་ ངེ་གི་ཁ་ཐོག་ལས་ གནམ་མེད་ས་མེད་ ད་ ཞུ་མི་ཤེས་པས། ད་ ང་འདི་ མི་གནགཔ་ཨིན། ད་རྒས་སོང་ཡི། ང་བཅས་རའི་ བློ་སླབ་མི་ཤེས་པས། ཨིན་རུང་ ངེ་གི་ཁ་ཐོག་ལས་ དེམ་ཅི་སྦེ་ ཞུ་བཞག་གེ་ལགས།
  • ཡེ་ཤེས་དབང་འདུས་:
    བཀའ་དྲིན་ཆེ། ནཱ་ ད་ཁྱོད་ཀྱི་ཧོངས་ལས།
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    ཞུ་བ་ཅིན་ ད་ནཱ་ ཡར་ལས་མར་ གཞུང་གི་ མི་དབང་མངའ་བདག་རིན་པོ་ཆེའི་ བཀའ་མ་ཚབ་བཀའ་ཚབ་ གསུང་མ་ཚབ་ གསུང་ཚབ་སྦེ་ ནཱ་བྱོན་ཏེ་ ནཱ་ འདྲི་ལེན་གནང་མི་ལུ་ གནམ་མེད་ས་མེད་ བཀའ་དྲིན་ཆེ་ཡི། ད་ བཀྲ་ཤིས་བདེ་ལེགས་ཟེར་ ཞུ་ནི་ལགས།
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    ངེ་མིང་ འཕྲིན་ལས་དབང་འདུས་ཨིན་ལགས། ད་ ཧེ་མ་འདི་ ང་ཡང་མི་གནགཔ་ཨིན། ག་ཅི་ཡང་མི་ཤེས་ མི་ཤེས། ང་གི་ད་ ཨ་ལྕེ་ལྷ་མོའི་འཆམ་ཅིག་ལྷབ་སྟེ་ ཁོང་སློབ་དཔོན་ ཁོང་ཚུ་ལུ་བསྟེན་ཏེ་ ཨ་ལྕེ་ལྷ་མོའི་འཆམ་ཅིག་ལྷབ་སྟེ་ མི་གནགཔ་སྦེ་སྡོད་ཅི། ཤུལ་ལས་ ནཱ་ བླ་མ་རིན་པོ་ཆེ་ཕེབས་ཞིནམ་ལས།
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    བླམ་རིན་པོ་ཆེ་ཕེབས་ཞིནམ་ལས་ ད་ བླམ་དད་པ་བསྐྱེད་དེ་ ད་ཤེས་ནི་འདི་ག་ནི་ཡང་མི་ཤེས། ད་ ལོ་གསུམ་ཕྱོགས་གསུམ་དེ་ཅི་སྡོད་དེ་ བཛྲ་གུ་རུ་ཅིག་བགྱངས་ཏེ་སྡོདཔ་ཅིག་ར་ཨིན། ལགཔ་གི་ཡི་གུ་མི་ཤེས་ ག་ཅི་ཡང་མི་ཤེས། ད་ ལོ་གསུམ་ཕྱོགས་གསུམ་ཅིག་ བཛྲ་གུ་རུ་ཅིག་བགྱངས་ཏེ་སྡོད་ཅི། ད་ ཨིན་རུང་ར་འཆམ་ ཆུང་ཀུའི་སྒང་ལས་འཆམ་ ལྷབ་བཞགཔ་ལས་ འཆམ་འདི།
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    ད་ རྐྱབ་དགོ་མི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཁོང་ སློབ་དཔོན་ཚུ་གིས་ གནང་བཞགཔ་ལས་ ད་ སློབ་དཔོན་ཚུ་གིས་ གནང་མི་འདི་ ང་བཅས་ཚུ་གིས་ཡང་ བཀོ་མ་བཞག་པར་ ད་ འཛོལ་ནི་བཅའ་ནི་མེདཔ་སྦེ་ ཞབས་ཏོག་འབད་འབདཝ་ཨིན། ད་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ནཱ།
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    དྲོ་པ་ ནཱ་ ས་བཏུལ་ཏེ་ ས་བཏུལ་ཚར་ཞིནམ་ལས་ཏེ་་ འ་ནཱི་ ས་བཏུལཝ་ད་ འདི་ནང་ རིམ་ཅིག་གླུ་གཞས་ གླུ་གཞས་ཅིག་འཐེནམ་ཨིན། འ་ནཱི་ གླུ་གཞས་རྫོགས་སྦེ་འཐེན་ཞིནམ་ལས་ ནཱ་ ཉིནམ་གྱི་ཡང་མི་ལང་ནི་པས། འ་ནཱི་གླུ་གཞས་ ལེའུ་གཅིག་ཡོད། ལེའུ་གསུམ་ཡོད། ལེའུ་གསུམ་གྱི།
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    ད་ གླུ་གཞས་ ལེའུ་གསུམ་རང་འཐེན་པ་ཅིན་ ཉིནམ་གྱི་ མི་ལང་ནི་ཨིན་པས། འ་ནཱི་ར་ ད་མདོར་བསྡུས་ཅིག་ ང་བཅས་ཚུ་གིས་ ནཱ་ད་ ལེའུ་རེ་ ཚིག་རེ་གཉིས་རེ་དེ་ཅིག་བཙུགས་ བཙུགས་བཞག་སྟེ་ཡོད། ཤུལ་ལས་འདི་ ད་འཐེན་ནི་ཡོད། འ་ནཱི་ལེ་ཤ་ར་ཡོད། འདི་ལས་ཡར་བལྟ་ ནཱ་ འགྲོ་ཐག་རེད་ཡི་གླུ་གཞས་ཡོད། འདི་ཡང་བསྡུ་སྟེ་ འབད་འབདཝ་ཨིན། ཏེ་ནཱ་ ལྷོད་དེ་ བླ་མ།
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    སྐྱབས་བཟང་དབང་པོ་ལུ་ སྐྱབས་འཚོལཝ་ད་ལུ་ཡང་ བསྡུ་ཡི་བསྡུས་ཡི་བཞག་ཅི་ ང་བཅས་ཚུ་གིས། བསྡུ་ཏེ་ནཱ་ ཏེ་དེ་སྦེ་ ཚིག་གཉིས་དེ་ཅིག་འཐེན་བཞག་ཡི། དེ་ལས་ ཏེ་ད་ ངོ་མ་ང་ཡོང་ཟེར་ཡོད། ངོ་མ་ང་ཡོང་འདི་བསྡུ་སྟེ་ དེ་ལས་ ལྷ་མོ་ཧུག་མོ་དོགས་སོང་ཟེར་མི་འདི་ཡོད། འདི་དེ་ ལྷ་མོ་ཧུག་མོ་དོགས་སོང་ཟེར་མི་ཡང་ ང་བཅས་ཚུ་གིས་བསྡུ་ཡི། ད་ དར་ཆོས་ཡོད། དར་ཆོས་ཡང་བསྡུ་ཡི། ག་ར་ ག་ར་བསྡུས་ཡི་བསྡུས་ཡི།
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    བསྡུ་ཞིནམ་ལས་འབག་སྟེ་ཡོད། དེ་ལས་ རྟེན་བཙུགས་ རྟེན་ཏེ་ རྟེན་བཙུགས་ཡོད། འདི་ཡང་བསྡུ་ཏེ་ཡོད། དེ་ལས་ཏེ་ ཡ་ ཆོས་སྲུང་བརྟན་ཆོས་ཟེར་ འདི་ཡང་འབད་དེ་ འདི་ཡང་ བསྡུ་ཡི་བསྡུ་ཡི་ར་ ང་བཅས་ཚུ་གིས་ འགོ་རིམ་ལེ་ཤ་ཡོད། ཨིན་རུང་ར་ བསྡུ་སྟེ་ བསྡུ་སྟེ།
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    བཅུད་བསྡུ་སྟེ་བཞག་ཡོད། ག་ཅི་ཨིན་རུང་ གླུ་གཞས་ཚུ་ག་ར་ བསྡུ་ཡི་བསྡུ་ཡི་བཞག་སྟེ་ཡོད། ཤུལ་ལས་ཏེ་ད་ ཉིནམ་གཉིས་ཀྱི་འཆམ་ཟེརཝ་ད་ ཉིནམ་གཅིག་གི་འདི་ ཉིནམ་ཕྱེད་ཀ་གི་ཏེ་ མ་པ་ལས་ར་ ཅོག་འཐད། ཨིན་རུང་ ད་ཉིནམ་ཕྱེ་ད་ཀ་ལས་འདི་ སོ་སོར་འཐེན་ཨིན། དེ་སྦེ་འབད་དེ
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    ཉིནམ་གཅིག་གི་འདི་ དང་པ་ར་ མཐོང་འཁོར་འཛིན་པ་ཟེར་འཐེན་ཏེ་ཡོད། དེ་ལས་ཏེ་ དེའི་ཤུལ་ལས་ བྱ་མོ་ཁྲུང་ཁྲུང་དཀར་མོ་ཟེར་འཐེན་ དེ་ལས་ ཨ་རྒས་སྔགས་པ་རྒྱལ་པོ་ཟེར་འཐེན དེ་ལས་ ད་ བླུ་རྒྱན་ཟེར་ཡོད། བླུ་རྒྱན་ལུ་འཛུལ་ཏེ་ ད་ ལོག་སྟེ་ ནོར་བུ་ཚུ་སྤྲོད་དེ་ ད་ དེམ་ཅིག་སྦེ་ འཇུག་བསྡུཝ་ཨིན།
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    ཕྱི་རུ་ བླུ་རྒྱན་གྱི་འཇུག་བསྡུཝ་ཨིན། ད་ནངས་པ་བཟུམ་ཅིག་ཁ་ཏེ་ ད་ དང་པ་ར་ ནོར་བཟང་འགོ་འཆམ་ཟེར་རྐྱབ་སྟེ་ འ་ནཱི་ནོར་བཟང་ འགོ་འཆམ་རྐྱབ་སྟེ་ ནོར་བཟང་སྐུ་ཀྲིག་ སྐུ་ཀྲིག་ཡོད། སྐུ་ཀྲིག་འབད་ཚར་ཞིནམ་ལས་ཏེ་ ཞག་པ་འཆམ་ཟེར་ འ་ནཱི་ཞག་པ་འཆམ་རྐྱབ་སྟེ་ ལྷ་མོ་ཡི་ཁྲོ་མ་བཙུགས་ཞིནམ་ལས་ཏེ་ ད་ ཨ་ནེ་ཟེར་ཐོན་ཏེ།
  • འཕྲིན་ལས་དབང་འདུས་/ Thinley Wangdi:
    ཨ་ནེའི་ཤུལ་ལས་ ཨ་རྒས་བླ་མ་ཟེར་ཐོན་ཏེ་ ཨ་རྒས་བླ་མའི་ཤུལ་ལས་ ཡབ་ཆེན་ རྒྱལ་པོ་ཐོན། ཏེ་ད་ དགྲ་ལུ་འཛུལ་ཏེ་ ཆོས་བཟང་ལུ་འཛུལ་ཏེ་ ད་ དགྲ་ལུ་འཛུལ་ཏེ་ དགྲ་བཟློག་སྟེ་ དེམ་ཅིག་སྦེ་ འཇུག་བསྡུ་སྟེ་ ད་ཕྱི་རུ་བཀྲ་ཤིས་དང་བཅས་པ་སྦེ་ ཕབ་སྟེ་ ཁྱིམ་ནང་འབག་སྟེ་ དེམ་ཅིག་སྦེ་ འཇུག་བསྡུཝ་ཨིན་ལགས། ལགས་སོ་ བཀའ་དྲིན་ཆེ།
  • ཡེ་ཤེས་དབང་འདུས་:
    ཡ་ ནཱ་ ད་ཁོང་གཉིས་ཀྱི་ཧོངས་ལས་ ད་ ངོ་སྤྲོད་དང་འཆམ་གྱི་རྩ་ཚིག་ མདོར་བསྡུས་ཅིག་ ཏེ་ད་ ཞུ་སྟེ་ཕུལཝ་མས་ཟེར་ཞུ་ནི། ཏེ་ད་ ཁོང་གཉིས་ཀྱི་ཧོངས་ལས་ ད་ང་བཅས་རའི་ ལས་རིམ་སྒྲིག་སྟེ་ཕུལཝ་མས། ད་ རྒྱས་ཤིང་རྒྱསཔ་སྦེ་མེན་པར་ མདོར་བསྡུས་པའི་རྩིས་སྦེ་རུང་ ཁ་ཙ་འཆམ།
  • ཡེ་ཤེས་དབང་འདུས་:
    ད་ ཕུལ་ཐང་འདི་ ཁ་ཙ་ ནཱ་རྐྱབ་ས་ནང་ལུ་ དེ་ཅིག་ར་ཕུལ་ཐང་ འཆམ་ཕུལ་ཐང་འདི་ དེམ་ཅིག་རང་ཨིན་པས། གླུ་གཞས་ཀྱི་ཐད་ཁར་ལྷོདཔ་ད་ ང་བཅས་རའི་ དཔེ་འབད་བ་ཅིན་ ཏེ་ད་ ཧེ་མ་ར་ ད་ ང་བཅས་རའི་ མི་གནགཔ་ཚུ་གིས་ གླུ་གཞས་འཐེན་དོ་བཟུམ།
  • ཡེ་ཤེས་དབང་འདུས་:
    ད་ དགུང་གི་ འགོ་བཙུགས་པ་ཅིན་ དགུང་གི་གངས་ གངས་ཀྱི་སྤང་ སྤང་གི་དེ་མཚོ་སྟོད་ མཚོ་སྟོད་ཀྱི་འདི་ གཡུས་སྟོད་ཚུན་ཚོད་ ཡང་ན་ རབ་འབྱུང་སྟེ་ གཡུས་སྟོད་ཀྱི་ ད་ རྫོང་སྟོད་ དགོན་སྟོད་ མཚན་ལྡན་བླ་མ་དང་ དབང་ཆེན་དཔོན་པོའི་བར་དུ་སྦེ་ འཇུག་བསྡུ་ནིའི་ ལམ་སྲོལ་ཅིག་འདུག་ལགས།
  • ཡེ་ཤེས་དབང་འདུས་:
    དེ་འབདཝ་ད་ དེམ་ཅིག་ཡོད་པ་ཅིན་ ང་བཅས་རའི་ ད་རེས་ནངས་པ་ ཉིནམ་ཐུངམ་ལས་ ཉིནམ་གྱི་ཡང་མི་ལང་ནི་མས་ ད་ ནཱ་ སློབ་དཔོན་གྱི་ འཕྲུལ་ཆའི་ལྟོ་ཚུ་གི་ཡང་ བཏབ་མི་བདེ་ ང་བཅས་རའི་ གནམ་ཤིས་གནས་སྟངས་ཀྱི་བཏབ་མི་བདེ་ ད་ དེ་སྦེ་འབད་ནི་འདི་གིས་ ཨ་ཙི་ཅིག་ སྡོར་བསྡུ་ཡི་ཟེར་རུང་ གཙོ་རང་འདི་ཨིན་མས་ལགས། ཨོམ་ ག་ཅིམ།
  • ཡེ་ཤེས་དབང་འདུས་:
    ད་ དགུང་ལས་རྟེན་ཏེ་ ཕྲང་ཕྲང་ ཕར་ གཡུས་སྟོད་ཐོན་པོ་ཚུན་ཚོད་འབག་སྟེ་ འ་ནཱི་འབད་དོ་བཟུམ་སྦེ་རང་ ད་ཤར་རྡོ་རྗེ་སེམས་པ་ལས་མར་བལྟ་ ལྷོ་རིན་ཆེན་འབྱུང་གནས། ནུབ་སྣང་བ་མཐའ་ཡས། བྱང་དོན་ཡོན་གྲུབ་པ། དབུས་རྣམ་པར་སྣང་མཛད་ཟེར་ འབད་ནི་གི་འདུག། དེ་འབདཝ་ད
  • ཡེ་ཤེས་དབང་འདུས་:
    དེ་ཅིག་འབད་སྡོད་པ་ཅིན་ ཁོ་གི་ འ་ནཱི་ ཤར་རྡོ་རྗེ་སེམས་པ་གི་ གཅིག་བཀོ་བཞག་སྟེ་ འཆམ་ལེའུ་གཅིག་འདུག་སྦུག་ན། ད་ ད་རུང་ ད་ ལྷོ་རིན་ཆེན་འབྱུང་ནས་ཟེར་འདུག། འ་ནཱ་ འཆམ་ལེའུ་གཅིག་འདུག། དེ་འབདཝ་ད་ དེམ་ཅིག་འབད་དེ་ ཕུལ་ནི་འདི་ཕུལཝ་ཨིན་འཆམ། ཨིན་རུང་ར་ འ་ནཱི་ ང་བཅས་རའི་ ནཱ་ལུ་ད།
  • ཡེ་ཤེས་དབང་འདུས་:
    རེ་རེ་སྦེ་ད་ ནཱ་ལུ་ དེ་སྦེ་སྡོདཔ་ད་ ང་བཅས་ཚུ་ དུས་ཡུན་རིང་ནི་མས་ཟེར་ ད་ཤར་རྡོ་རྗེ་སེམས་པའི་ དབུས་སྣམ་པར་སྣང་མཛད་ལུ་ མདོར་བསྡུས་སྟེ་ དེ་སྦེ་ཕུལ་ནུག་ཟེར་ ཞུ་ནི།
  • ཡེ་ཤེས་དབང་འདུས་:
    ད་ ད་ལྟོ་ ཏེ་ནཱ་ སློབ་དཔོན་གཉིས་ཀྱིས་ ད་ནཱ་ ཁོང་གི་ ལས་རིམ་ཚུ་ འདི་བཟུམ་ཅིག་གསུངས་དེས་། ད་མ་པ་ད་ ངེ་ཁ་ཐུག་ལས་ མདོར་བསྡུས་ཅིག་ ད་ངེ་ངོ་སྤྲོད་ ལོག་ཅི་ལོག་ཅི་ར་ཞུ་ཡི། ད་ ང་ ད་ཡར་གྱི་ ག་ཅིམ་ ང་བཅས་རའི་ བདུད་འཇོམས་གཏེར་རྒྱུན་ཆོས་སྡེ་ནང་ལུ་ ད་ལྟོ་བར་ན་ ཡོན་ཏན་མེད་རུང་ ལོ་ན་ཚོད་རྒས་པའི་ མི་གཅིག་འབདཝ་ལས་ ང་ རྡོ་རྗེ་སློབ་དཔོན་འབད་དེ་གིས།
  • ཡེ་ཤེས་དབང་འདུས་:
    ད་ནཱ་ ང་བཅས་རའི་ མ་འོངས་ཇི་སྲིད་ནམ་གནས་ཀྱི་བར་དུ་ལུ་ ད་ ཁུངས་དང་དགོས་པ་ཚུ་ མདོར་བསྡུས་ཅིག་ སླབ་པ་ཅིན་ ཨ་ཙི་ཅིག་ ཁྱོད་ཀྱིས་ཡང་འགྱོ་སྟེ་ རབ་རུབ་འབད་ཟེར་ བསྐུལ་བ་དང་བསྟུན་ཏེ་ ད་ ང་གིས་ཡང་ ནཱ་ ཁོང་ འཆམ་པ་ ང་བཅས་ཡང་ ཆུང་ཀུའི་བསྒང་ལས་ར་ འཆམ་མཇལ་ཏེ་ ལོ་རྒྱུས་ཚུ་གོ་སྟེ་ ད་ རྣམ་ཐར་ཚུ་ ཨ་ཙི་རེ་ ཆམ་ཆིམ་རེ་ མཇལ་ཏེ་སྡོདཔ་ལས་ ད་ ཧ་ལམ་ ཨ་ཙི་ཅིག་འདི་ ང་བཅས་ཡང་ བཅའ་མར་གཏོགས་སྟེ་ར་ ཤེས་ཟེར་ཞུ་ནི། ད་ལྟོ་ ཁོང་ཚུ་གིས་ ཕུལ་མི་འདི།
  • ཡེ་ཤེས་དབང་འདུས་:
    འ་ནཱི་ ནཱ་ མདོར་བསྡུས་ཅི་ཟེར་རུང་ དེ་ཅིག་ཨིན་ཟེར་ ཞུ་ནི་ལགས། ད་ གནམ་མེད་ས་མེད་ར་ མདོར་བསྡུས་སྟེ་ ད་ག་ཅི་ཡང་མེད་པར་ མདོར་བསྡུས་སྟེ་མེན་ ཁ་ཙ་ འཆམ་ཕུལ་བའི་བསྒང་ལུ་ མ་པ་ར་ འ་ནཱི་ཚུ་ འགོ་རིམ་བཞིན་དུ་ར་ཕུལ་ཡི། ད་དེ་འབདཝ་ད་ གླུ་གཞས་ཀྱི་ཐད་ཁར་ལྷོདཔ་ད་ཡང་།
  • ཡེ་ཤེས་དབང་འདུས་:
    ཏེད་ ནཱ་ ཏ་མ་ མཇུག་ལུ་ ལེའུ་གཅིག་དེ་ཅིག་ ཕུལ་ནི་གི་གོ་སྐབས་ལེན་ནི་ དེ་སྦེ་འབདཝ་ད་ འ་ནཱི་མདོར་བསྡུས་མི་འདི་ ད་ ཤར་ལས་འགོ་བཙུགས་སྟེ་ ལྷོ་ ནུབ་ བྱང་ཚུ་ཐོན་ནི་མེད། འ་ནཱི་ དབུས་ཚུན་ཚོད་ ད་ དགུང་སྟོད་ལས་འབད་བ་ཅིན་ དགུང་སྟོད་ལས་འབད་བ་ཅིན་ དགུང་སྟོད་ཡར་ལྟག་ གངས་སྟོད་ སྤང་སྟོད་ མཚོ་སྟོད་ཟེར་ཐོན་ནི་མིན་འདུག། ད་ ག་ཅིམ་ ང་བཅས་རའི་ ག་ར་ ཕྲང་ཕྲང་ར།
  • ཡེ་ཤེས་དབང་འདུས་:
    དགུང་སྟོད་ལས་འགོ་བཙུགས་སྟེ་ མར་ འཇུག་གི་དབུས་སྟོད་ཐོན་པོ་ཚུན་ཚོད་ དེ་སྦེ་ འགོ་བཙུགས་ནུག་ཟེར་ཞུ་ནི། ཏེ་ད་ ནཱ་སློབ་དཔོན་སྐལ་བཟང་གི་ཧོངས་ལས་ཡང་ ནཱ་ལུ་ དེ་སྦེ་ཕུལ་ཐང་འདི་ ཁོ་ མི་གནགས་པ་ཨིན་ཟེར་ ངོ་སྤྲོད་ཕུལ་ཡི། ནཱ་ ཁོ་གི་ཧོང་ལས་ཡང་ ད་ནཱ་ ཉ་པ་ འཕྲིན་ལས་དབང་འདུས་ཀྱི་ཧོངས་ལས་ཡང་ དེ་བཟུམ་ར་ཕུལ་ཡི།
  • ཡེ་ཤེས་དབང་འདུས་:
    ཁོང་ཚུ་གིས་ ས་བཏུལ་བའི་གི་བཏུལ་ཐངས་ འགོ་འཆམ་ ད་འགོ་བཙུགས་པའི་བཙུགས་ཐངས་ ད་ གཏང་འཆམ་འབག་པའི་འབག་ཐངས་ འ་ནཱི་ཚུ་ མདོར་བསྡུས་བ་ཅིན་ ངེ་ཧོངས་ལས་ཡང་ དེ་སྦེ་རང་ཨིན། གཏང་འཆམ་འདི་ ང་བཅས་ཚུ་ ད་རེས་ནངས་པའི་ སྐབས་སུ་འབབ་པ།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ ང་བཅས་རའི་ ག་ཅི་ལོ་ད་ སྐུ་མགྲོན་ཆེ་གསུམ་ཅིག་འབྱོན་རུང་ གསོལ་རས་ཟེར་ ཧེ་མ་ར་ འ་ནཱི་གནང་ནིའི་ ལམ་སྲོལ་ཅིག་འདུག། ང་བཅས་ཚུ་ ད་ནཱ་ འཇིག་རྟེན་གྱི་ལུགས་སྲོལ་ཅིག་འབད་རུང་ ཧེ་མ་ར་ ག་ཅི་གི་ཨིན་ན་ ཁྱོསམ་ཟེར་མི་ཅིག་ སྤྲོད་ཞིནམ་ལས་ཏེ་ རོགས་ཀྱི་ཁྱིམ་ནང་ གནས་པོ་འཛུལ་ནིའི་ ལམ་སྲོལ་འདུག
  • ཡེ་ཤེས་དབང་འདུས་:
    དེ་སྦེ་ནི་དེ་གིས་ ཁོ་ སྒྲུབ་ཐོབ་ལྕགས་ཟམ་དབང་པོ་གིས་ཡང་ ནཱ་ ང་བཅས་རའི་ ས་ངན་རྡོ་ངན་ཚུ་ལུ་ ཧེ་མ་ར་ ཁོ་གིས་ ཁྱོསམ་ཅིག་གནང་སྟེ་ དེ་ལས་ཏེ་ ཁོ་གིས་ ས་ལེན་ཏེ་ འ་ནཱ་ལས་ འགོ་བཙུགས་ ཁོ་གི་སེམས་ཅན་ལུ་ འགྲོ་དོན་སྐྱོང་བའི་ སྐྱོང་ཚུལ་འདི་ཨིན་མས། འགོ་འཆམ་ཟེར་ སླབ་མི་འདི་ ཁྱོསམ་བཟུམ་སྦེ་་ གཏང་འཆམ་ཟེར་ ད་ལྟོ་ཡང་ དར་ཁྱབ་ཀྱི་ བླ་འབད་རུང་ མ་པ་འདི་ ས་བཏུལ་ནི་ཟེར་ཨིན་མས། འ་ནཱི་འདི་ འགོ་ཐོག་དང་པ་ཐོནམ་ལས་བརྟེན་ཏེ་ འགོ་འཆམ་ཟེར་ ཨིན་མས་ལགས།
  • ཡེ་ཤེས་དབང་འདུས་:
    ད་ དེ་ལས་ མ་པ་ ད་ ང་བཅས་རའི་ འཇིག་རྟེན་གྱི་ཁ་སྐད་ ཧ་མ་གོཝ་ལས་བརྟེན་ཏེ་ མི་ག་ར་ འགོ་རང་གཏང་འཆམ་གྱི་ འཁྱིད་དེ་འབདཝ་ཨིན་ཟེར་ སླབ་པ་མ་གཏོགས་ འཆམ་གཅིག་རང་ཨིན་ལགས། ས་བཏུལ་ནི་ འགོ་འཆམ་གྱི་ གཏང་འཆམ་ཟེར་ སླབ་མི་འཆམ་ཅིག་ཨིན་ལགས།
  • ཡེ་ཤེས་དབང་འདུས་:
    ད་ འདི་ལས་མར་བལྟ་ རིམ་པ་བཞིན་དུ་ ངོ་ཚབ་ཕེ་ལོ་ ད་ ས་བཅད་དགོ། ཁོ་གི་ས་ཁར་ཡང་ ཨོམ་ ང་བཅས་རའི་ ས་ལུ་ ཐལཝ་ཅིག་ཡང་ མ་ཤོང་པའི་བདག་པོ་ཡོད། ང་བཅས་རའི་བཟུམ་སྦེ་ ཁྲམ་དབང་སྡོད་མི་ཡོད། འདི་ལུ་ ང་ ད་རེས་བརྙ་དགོ་པས་ཟེར་ བརྙ་ཞིནམ་ལས་ཏེ་ ག་ཅི་འབད་ནི་ཟེར་ ང་གི་ སེམས་ཅན་གྱི་དོན་ལུ་ འགྲོ་དོན་སྐྱོང་ནི་གི་དོན་ལས།
  • ཡེ་ཤེས་དབང་འདུས་:
    ད་ ཁོང་ བླ་མ་ལྕགས་ཟམ་དབང་པོ་དང་ དེ་ཚུ་ལུ་ འ་ནཱི་ སྐྱབས་འཚོལ་ནི་གི་དོན་དག་ལས་ ས་ངན་བཅད་དོ་ལགས། ད་ དེ་ལས་ཏེ་ ལྷ་བསམ་ཟེར་ ཕུལཝ་མས་ལགས། འ་ནཱི་ ལྷ་བསམ་ཕུལཝ་ད་ལུ་ཡང་ ཧེ་མ་ར་ ད་ དཀོན་མཆོག་གསུམ་ལུ་ ལྷ་བསམ་ཕུལ་ཏེ་ ང་བཅས་རའི་ དཀོན་མཆོག་གསུམ་ལུ་ ལྷ་བསམ་ཕུལཝ་ད་ ང་བཅས་རའི་ སེམས་ཅན་ཚུ་ལུ་ ལུས་ངག་ཡིད་གསུམ་གྱི་ སྒྲིབ་པ་ཚུ་དག་སྟེ།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ ནཱ་ ས་ངན་ཀླུ་ངན་ག་ར་ ལྷ་བསམ་ཕུལ་ཏེ་ ཁོང་ཚུ་ལུ་ གནོད་པ་ཕོག་མི་དང་ ང་བཅས་ཚུ་གིས་ ཙོག་གྲིབ་འགྱོ་མི་ཚུ་ག་ར་དག་སྟེ་ ཁོང་ཚུ་ལུ་ དགཔ་ཅིག་ར་ ང་བཅས་ཚུ་ལུ་ ནཱ་ ནད་ཡམ་མུ་གེ་འཁྲུག་རྩོད་ལ་སོགས་པ་ག་ར་ ཧིང་སངས་ས་དག་པའི་བསངས་ཨིན་མས། དེ་སྦེ་འབད་དེ་ འབད་ནི་གི་དོན་དག་ལས་ དྲོ་པ་ར་ ཁོང་ ལྷ་བསམ་ཅིག་འབ་ད་དེ།
  • ཡེ་ཤེས་དབང་འདུས་:
    ད་ འ་ནཱི་ལྷ་བསམ་འབད་དེ་ དེ་ལས་འདི་ ལྷ་བསམ་ཕུལ་ཚར་ཞིནམ་ལས་ཏེ་ ལྷ་ ཀླུ་ མི་གསུམ་ཚུ་ག་ར་ ལྟདམོ་གཟིགས་ནིའི་དོན་དག་ལས་ ཁོང་ ནཱ་ འབད་ས་ལུ་ འབག་ནི་གི་དོན་དག་ལས་ འགྲོ་ཐག་རེད་གཅིག་ ད་ འ་ནཱི་ གླུ་དང་བཅས་པ་སྦོ་ར་ འཐེན་ནི་གི་འདུག་ལགས།
  • ཡེ་ཤེས་དབང་འདུས་:
    ད་ འདིའི་རྒྱབ་ལས་ ཁོང་གིས་ སྐྱབས་འཚོལ་ཏེ་ ད་ སྐྱབས་འཚོལ་ནི་ཡང་ སྐྱབས་དཀོན་མཆོག་གསུམ་དང་ བླ་མ་ སྒྲུབ་ཐོབ་ལྕགས་ཟམ་དབང་པོ་དང་ ད་ ང་བཅས་རའི་ ནཱ་ ཕུ་ལྷ་ ཕུའི་བཙན་དང་ ཀླུ་ བདུད་ག་ར་ ད་ད་རེས་ ཁྱེད་ཆ་ཁྱབ་ཀྱིས་ འདི་བཟུམ་ ང་བཅས་ར་ཚུའི་ ངན་པ་མེན་ ལེགས་ཤོམ་འབདཝ་ཨིན། ནཱ་ ལྟདམོ་གཟིགས་པར་འབྱོན་ཞིནམ་ལས་ ང་བཅས་རའི་ འགྲོ་བ་མི་ཚུ་ལུ།
  • ཡེ་ཤེས་དབང་འདུས་:
    རུང་བ་ཕྲག་དོག་ག་བཟུམ་ཡོད་རུང་ ཁྱེད་ཚུ་གིས་ མེདཔ་གཅིག་འབད་དགོ་ཟེར་ ཁོང་ཚུ་ལུ་ཡང་ འདི་བཟུམ་ ལྷ་ ཀླུ་ མི་གསུམ་ག་ར་ལུ་ སྐྱབས་འཚོལ་ཏེ་ དེ་ལས་ཏེ་ ད་རུང་ ངོ་མ་ང་ཡོང་ཟེར་མི་ཅིག་འདུག་ ཁོང་གི་ ད་ ང་མ་ང་ཡོང་ཟེར་མི་འདི་ འ་ནཱ་ ད་ག་ཨིན་ན་ ད་ངོ་མ་འདི་ ཁོ་འདི་ ད་ ཉ་པ་དང་ ད་ ཨ་རྒས་ངག་པ་དང་ ཨ་ལྕེ་ལྷ་མོ་འབྱུང་ཚུལ་འདི་ འ་ནཱ་ལས་འབྱུངམ་ལས་ ཁོང་ཚུ་ ད་ངོ་མ་སྦེ་ར་ ཁོང་ཚུ་འོང་སྟེ།
  • ཡེ་ཤེས་དབང་འདུས་:
    དེ་ལས་ཏེ་ ལྷ་མོ་ ཀླ་མོ་གི་ འབད་ས་བརྙ་ནི་ཅིག་འདུག་ལགས་ ད་རུང་་འབད་ས། ད་རེས་ཉིནམ་གཅིག་ མ་པ་ར་ ག་ཅིམ་ ཁྱེད་ཚུ་ ག་བཞུགས་སྟེ་ཡོད་རུང་ ཨ་ཙི་ཅིག་ ཟུར་གནང་ཟེར་ ད་རེས་ཉིནམ་གཅིག་ ང་བརྙ་དགོ་པའི་ཟེར་ ད་ང་བཅས་རའི་ ས་སྟེང་ལུ་ དཔེ་ འདི་བཞིན་དུ་འབད་བ་ཅིན།
  • ཡེ་ཤེས་དབང་འདུས་:
    ག་ཏེ་ར་འབད་རུང་ཏེ་ ད་ལྟོ་ གནས་སྐབས་ཅིག་ ང་བཅས་ཀྱི་ འཁྲབ་སྟོན་ཅིག་འཁྲབ་ནི་ཡོད། ཁྱོད་ཀྱིས་ འ་ནཱ་ ཁྱིམ་ཅིག་བརྙ་དགོ་པས་ཟེར་ བརྙ་དོ་བཟུམ་ཅིག་ཨིན་མས་ལགས།
  • ཡེ་ཤེས་དབང་འདུས་:
    ད་ བརྙ་བའི་ནམ་དུས་ལུ་ ཁོ་ལུ་ ག་ཅི་འབད་དགོ ད་ཨ་ཙི་ཅིག་ བརྙ་རིན་ཅིག་ཕུལ་དགོ་པས་མེན་ན་ ཁོ་ལས་ ཁྱིམ་བརྙ་བརྙཝ་གི་ལགས། ཏེ་རོགས་བཙོག་པ་འགྱོ་འོང་། ཕྱགསམ་འཕྱག་དགོ་པས། བསལ་དགོ་ ཁོ་གི་རྟིང་བདའ་སྟེ་ དེ་འབདཝ་ལས་ འདི་ཅོག་འཐདཔ་ར་ འབད་ས་བརྙ་སྟེ་ ད་རེས་ ཁྱེད་ཀྱི་ འ་ནཱ་ ས་ངན་ཀླུ་ངན་ ག་ཡོད་དེ་རང་འབད་རུང་ ད་རེས་ ཉིནམ་གཅིག་ ང་ལུ་གནང་ཟེར།
  • ཡེ་ཤེས་དབང་འདུས་:
    བརྙ་ཞིནམ་ལས་ ངེ་འཆམ་ འ་ནཱ་ མ་ཚར་བའི་རིང་ཅིག་ ཁྱེད་ཀྱི་གནང་ཟེར་ དེ་ལས་ཏེ་ བརྙ་བའི་ཚུལ་ཨིན་མས་ལགས་དེ་ཏེ། དེ་ལས་ཏེ་ དར་གྱི་མཆོད་པ་ཟེར་ དར་མཆོད་ནི་འདུག། དེ་ལས་ རྟེན་ཚུལ་ཟེར་ དཀོན་མཆོག་གསུམ་ལུ་ སྐྱབས་རྟེན་ནི་གི་གཅིག་འདུག། དེ་ལས་ ད་ཆོས་སྲུང་ ཆོས་སྲུང་གི་རྟེན་ཚུལ་ཅིག་འདུག། ད་བཀའ་ཆོས་སྐྱོང་སྲུང་མ་ སྐྱབས་དཀོན་མཆོག་གསུམ་དང་ བཀའ་ཆོས་སྐྱོང་སྲུང་མ་གི་
  • ཡེ་ཤེས་དབང་འདུས་:
    རྟེན་མཆོད་ཅིག་ཕུལ་ནི་གི་འདུག། ཏེ་ད་ གླུ་གར་གྱི་མཆོད་པ་ཅིག་འཕུལ་ནི་གི་ རྟེན་མཆོད་ཅིག་འདུག། ཏེ་ད་ བསྐོར་ར་ཟེར་འདུག་ལགས། བསྐོར་ར་གཡས་ཀྱི་བསྐོར་ན་ གཡས་ཀྱི་སྒྲི་བ་པ་དག གནས་ཆེན་རྩ་རི་བསྐོར་ནས་འ་ནཱི་ གནས་ཆེན་ རྡོ་རྗེ་གདན་ སྤ་ ང་བཅས་རའི་ གུ་རུ་རིན་པོ་ཆེའི་ བྱིན་གྱི་རླབས་སའི་ སྤ་རོ་སྟག་ཚང་ དོམ་ཚངས་ཟེར།
  • ཡེ་ཤེས་དབང་འདུས་:
    འ་ནཱི་ཚུ་གི་ ཚིག་དང་བཅས་པ་སྦེ་ འཆམ་ལེའུ་ལེ་ཤ་ཡོད། འདི་ནང་ལུ་ དེ་སྦེ་འབདཝ་ཨིན་ལགས། ད་ འ་ནཱི་འདི་ ད་རུང་ ལྷ་བསམ་ འབད་ས་ལུ་ལྷོདཔ་ད་ ལྷ་བསམ་གནངམ་ཨིན་ལགས། འདི་ནང་ལས་ཐོན་འོང་སྟེ་ ནཱ་ལྷོད་དེ་ འབད་ས་ལྷོདཔ་ད་ ལྷ་བསམ་གནང་ནི་ཅིག་ཡོད། ད་ དེ་ལས་ བྲག་ཚང་ཉི་མ་ཟེར་ ཕུལ་ནི་ཅིག་ཡོད།
  • ཡེ་ཤེས་དབང་འདུས་:
    ད་ ད་རུང་ འདི་ལས་ ད་ལྷ་ ཀླུ་བཙན་གསུམ་དང་ སྐྱབས་དཀོན་མཆོག་གསུམ་ལུ་ མཆོད་གཏོར་ནི་ཅིག་འདུག། དེ་ལས་ཏེ་ ད་འདི་ལས་ ཞབས་བྲ་སྦུང་བཤད་ཟེར་མི་ཅིག་འབད་ནི་འདུག་ལགས། ཞབས་བྲ་སྦུང་བཤད་ཀྱི་ ལེའུ་ནང་ལུ་ཏེ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཕ་ལྕེ་ལྷ་མོའི་ཞབས་བྲ་ཅིག་འདུག། ད་ ད་ ལའུ་གི་ན་ཟེར་བའི་ ད་ ག་ཅིམ་ ཞབས་བྲ་ཅིག་འདུག།
  • ཡེ་ཤེས་དབང་འདུས་:
    ཉི་མའི་དྲོད་མཉམ་ཟེར་ཅིག་འདུག། ད་ ཞབས་བྲ་ཨིན་མས་ལགས། ད་ སེང་གེ་གྱེན་ཡ་ཟེར་ཅིག་འདུག། ད་ ཤ་བའི་སྤར་རྩི་ཟེར་ཅིག་འདུག། ད་ ད་ལྟོ་ ག་ཅིམ་ རྐང་གྲངས་ཤ་ར་ར་ཞུ་བཞག་གེ་ལགས། ད་ དོམ་སངས་ དོམ་སངས་དབུ་གཙོས་ཟེར་ དོམ་སྦུད་དབུ་གཙོས་ཟེར་འདུག།
  • ཡེ་ཤེས་དབང་འདུས་:
    ད་ གསུམ་སངས་འཁོར་ལོ་ཟེར་ཅིག་འདུག། ཐང་དཀར་ཕྱོགས་སེ་ཟེར་ ཤོག་སེར་ཟེར་མི་ཅིག་འདུག། ད་ དེམ་ཅིག་སྦེ་ ཉིནམ་དགུང་གི་ ལྟོ་ཚུན་ཚོད་འབད་དེ་ ད་ གསེར་ཉ་མོ་ཟེར་ གླུ་གཞས་དང་ འཆམ་དང་སྦྲགས་ཏེ་འདུག་ལགས། དེམ་ཅིག་འབད་དེ་ ད་ ཉིནམ་གཅིག་གི་ ཉིན་དགུང་ཚུན་ཚོད་ ཆུ་ཚོད་༡༢་ ང་བཅས་རའི་ དགུང་ དགུང་ཚིག་ཚུན་ཚོད་ དེམ་ཅིག་སྦེ་ མཇུག་བསྡུཝ་ཨིན།
  • ཡེ་ཤེས་དབང་འདུས་:
    དེ་ལས་ ལོག་ མཇུག་བསྡུ་ཞིནམ་ལས་ཏེ་ དེ་ལས་ཏེ་ ཏེ་ད་ བཀྲ་ཤིས་ཞལ་འཛོམས། ཏེ་སྨན་ཆུང་གཟིམ་པ། ཏེ་བྱི་བའི་རྩེད་མོ། དེ་ལས་ཏེ་ ལུག་གི་རྩེད་མོ། ཏེ་ལུག་གི་སྤར་རྩིས། རྟ་ཕུག་འགྲོ་ལུགས། ད་ ཉི་ཤུ་དགུར་རྡུང་། དེ་ལས་ཏེ་ ཤ་ན་གྲུབ་བཞི། བཀྲ་ཤིས་རྔ་འཆམ་ཟེར་ བཀྲ་ཤིས་འཆམ་བཅས་སྟེ་ དེམ་ཅིག་སྦེ་ འཇུག་བསྡུཝ་མས་ཟེར་ ཞུ་ནི་ལགས།
  • ཡེ་ཤེས་དབང་འདུས་:
    ད་ ཉིནམ་དང་པ་འདི་ དེམ་ཅིག་སྦེ་ མཇུག་བསྡུཝ་མས་ལགས། ད་ ཉིནམ་དང་པ་འདི་ ཉི་མའི་གསོལཝ་གི་ཤུལ་ལས་ དེ་ལས་ཏེ་ལགས་ ཉིན་མའི་ ལྟོའི་རྒྱབ་ཀྱི་འདི་ ད་དེའི་རྒྱབ་ལས་ཏེ་ འཆམ་སྣ་ཁག་ཟེར་ སླབ་མས་ལགས། ད་སྣ་ཁག་སྣ་ཁག་ཟེར་ སླབ་ད་ ད་ང་བཅས་རའི་ འཆམ་རིམ་པ་ སོ་སོར་ཚུ་ ད་སྤྱི་འཆམ་བཟུམ་ཅིག་ཨིན་མས་ལགས། ད་ག་དེ་སྦེ་སྨོ་ཟེར་བ་ཅིན།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ ད་ལྟོ་ཚུན་ཚོད་དེ་ དེམ་ཅིག་འདི་ ཁོང་ འཆམ་པ་ ཁོང་ རྒྱལ་བ་རིགས་ལྔ་ཟེར་ རྩིས་ནི་ཡང་འདུག། ཁོང་ འཆམ་པ་ལྔ་གི་ འཆམ་པ་ཉ་པ་ ནོར་བཟང་ དེ་ལས་ ལྷ་མོ་ ཀླུ་མོ་ དེ་ལས་ ཉ་རོགས་ཟེར་མི་ཅིག་འདུག་ལགས། ཁོང་ལྔ་རང་ཚངམ་སྦེ་འབདཝ་ཨིན། དེམ་ཅིག་ཨིན། འདི་ལས་མར་བལྟ་འདི་ ཁོང་ འཆམ་པ་ལྔ་ མ་ཚང་བའི་མཐོང་འཁོར་འཛིན་པ་ཟེར་ད།
  • ཡེ་ཤེས་དབང་འདུས་:
    མཐོང་གྲོལ་མ་ཟེར་ མཐོང་འཁོརའཛིན་པ་ཟེར་ བློ་སླབ་ཐངས་ དེ་སྦེ་འདུག། མཐོང་གྲོལ་མ་ཟེར་ དེ་སྦེ་ཨིན་པས། ད་ ཁོ་གི་ འཆམ་ཅིག་སོ་སོར་སྦེ་ཡོད། ད་ དེའི་རྒྱབ་ལས་ ད་རུང་ བྱ་མོ་ཁྲུང་ཁྲུང་དཀར་མོ་ཟེར་མི་ཅིག་ཐོན་ནི་ཡོད། དེ་ལས་ཏེ་ བྱོ་མོ་ཁྲུང་ཁྲུང་དཀར་མོའི་རྒྱབ་ལས་ཏེ་ ཏེ་ད་ སྔགས་པ་རྒྱལ་པོ་ཟེར་ ཨ་ལྕེ་ལྷ་མོའི་ འཆམ་གྱི་བྱུང་ཚུལ་ར་ སྔགས་པ་རྒྱལ་པོ་ལུ་ བརྟེན་ཏེ་འབྱུང་ནུག་ལགས། སྔགས་པ་རྒྱལ་པོའི་འཆམ་ཟེར་མི་ཅིག་ཡོད་ལགས།
  • ཡེ་ཤེས་དབང་འདུས་:
    དེ་ལས་ཏེ་ ད་ གསེར་སྐྱེམས་གཏོར་ནི་གི་ཡོད། ཁོ་གི་ ཤར་ ལྷོ་ ནུབ་ བྱང་ལུ་ ལྕགས་ཕུར་བཙུགས་ནི་གི་ཡོད། ཁོ་ སྔགས་པ་རྒྱལ་པོ་གི་ ད་ ནོར་བུའི་རིགས་ཚུ་ ག་ཅི་ལོ་ ཀླུའི་ ནོར་བུའི་རིགས་ཚུ་ ཕར་ བདའ་ནི་གི་འདུག། ད་ དེའི་རྒྱབ་ལས་ ཁོ་གི་ ལཱ་འབད་ནིའི་ ང་བཅས་རའི་ འཇིག་རྟེན་ཁམས་ལུ་ ཟས་ཀྱི་ ད་ང་བཅས་ཀྱི་ ནཱ་ ཚངས་ལའི་སྐད་ནང་ སླབ་འོང་། ཀ་ཀུ་མུ་ལེ་ མུ་ནང་(འབྲུ་སྣ་རྔོ་བའི་རིགས)ཨིན་མས། འ་ནཱི་ཨིན་མས།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ ཀ་ཀུ་མུ་ལེ་གི་ཡོད། ཏེ་ ཁོང་གི་ ཏེ་ད་ ལམ་རྒྱགས་ ཆུ་ཐག་ནང་ འགྱོ་ནི་ཡོད། དེ་ལས་ཏེ་ དེམ་ཅིག་འདི་ ཁོ་ སྔགས་པ་རྒྱལ་པོ་ དེ་སྦེ་སྡོདཔ་ད་ར་ སྔགས་པ་རྒྱལ་པོ་མཚོ་བདའ་བའི་ ལོ་རྒྱུས་ལེ་ཤ་ཡོད་ལགས་འདི་ནང་། ད་ལོ་རྒྱུས་སླབ་རུང་ སླབ་མ་ཚར་སྦེ་ཡོད་ལགས། སྔགས་པ་རྒྱལ་པོའི་བརྟེན་ཏེ་བྱུང་སྟེ་ཡོད། འ་ནཱི་ ལོ་རྒྱུས་འདི་ མདོར་བསྡུས་ཅིག་ ཞུ་བཞག་དགོ་པས་ད།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ བྱང་ཕྱོགས་མངའ་ལྡན་རྒྱལ་པོ་དང་ ལྷོ་ཕྱོགས་རིགས་ལྡན་རྒྱལ་པོ་དང་ རྒྱ་གར་ཤར་གླིང་ཕྱོགས་ལུ་ ཧེ་མ་ རྒྱལ་པོའི་མངའ་ལྡན་ གཉིས་སྡོད་ནུག་ལགས།
  • ཡེ་ཤེས་དབང་འདུས་:
    རྒྱལ་པོའི་མངའ་སྡེ་གཉིས་ དེ་སྦེ་ཆགས་སྡོད་པའི་བསྒང་ལུ་ རྒྱལ་ཁབ་ཡང་ གནམ་མེད་ས་མེད་ མཐོ་དམན་ག་ནི་ཡང་མེད་པར་ ཁོང་གཉིས་ཀྱི་ གཟིམ་ཅུང་ཡང་ མཐོ་སྨད་ག་ཅི་ཡང་མེད་པར་ ད་ ཁོང་གཉིས་ཀྱི་ འབངས་མི་སེར་ཡང་ མང་ཉུང་ག་ཅི་ཡང་མེད་པར་ གཅིག་གི་འོག་ལུ།
  • ཡེ་ཤེས་དབང་འདུས་:
    འབངས་མི་སེར་ བྱི་བ་ སྟོང་ཕྲག་གཅིག་ཡོད་པ་ཅིན་ གཞན་མི་གཅིག་གི་ཡང་ སྟོང་ཕྲག་གཅིག་ཡོདཔ་ཨིན་མས་ལགས། ད་ ས་ཆགས་རྒྱ་ཁྱེད་ཚད་ཡང་ ས་མང་ཉུང་ ང་བཅས་རའི་ ད་རེས་ནངས་པ་འབད་བ་ཅིན་ ས་ཁྲབ་ ད་ ཨོམ་ དཔེར་ན་ འདྲན་འདྲ་ཡོདཔ་ཨིན་མས། ཁོང་གཉིས་ཀྱི་ ཨེ་ཀར་འབད་བ་ཅིན་ ཡང་ན་ ག་ཅི་སླབ་ནི་ད་ལགས། ད་རེས་ནངས་པ་འབད་བ་ཅིན་ ང་བཅས་ཀྱི་ མི་ཤེས་པས་ད།
  • ཡེ་ཤེས་དབང་འདུས་:
    ཨེ་ཀར་ཏེ་ རྒྱང་བསྒྲགས་སྟེ་ ག་དེམ་ཅིག་ཡོདཔ་ཨིན་ན་ སའི་རྒྱ་ཁྱོན་ཡང་ འདྲན་འདྲ་ཡོདཔ་ཨིན་མས་ལགས། ད་ དེ་ལས་ ཕྱུག་པོ་དང་ ཞན་པ་ཟེར་མེད་པར་ དེ་ཡང་འདྲན་འདྲ་ཡོདཔ་ཨིན་མས་ལགས། ཉིནམ་གཅིག་འབདཝ་ད་ ད་ བྱང་ཕྱོགས་མངའ་ལྡན་རྒྱལ་པོའི་སྲས་ རྒྱལ་པོ་ ནོར་བཟང་བྱོན་ནུག་ལགས།
  • ཡེ་ཤེས་དབང་འདུས་:
    ད་ ནཱ་ ད་རུང་ ལྷོ་ཕྱོགས་རིགས་ལྡན་རྒྱལ་པོའི་སྲས་ རྒྱལ་པོ་བཤགས་པ་གཞོན་ནུ་ཟེར་ བྱོན་ནུག་ལགས། ད་ བྱང་ཕྱོགས་མངའ་ལྡན་རྒྱལ་པོའི་སྲས་ ད་ ག་ཅི་ལོ་ ཆོས་རྒྱལ་པོ་ནོར་བཟང་ཟེར་བྱོན་མི་ ཁོ་ བྱང་ཆུབ་སེམས་པའི་སྤྲུལ་པ་ ཁོ་འདི་ གནམ་མེད་ས་མེད་ ཆུང་ཀུའི་བསྒང་ལས་ར་ སེམས་ཅན་གྱི་ འགྲོ་དོན་འགྱོ་སྟེ།
  • ཡེ་ཤེས་དབང་འདུས་:
    ད་ ཁོ་གི་ འབངས་མི་སེར་ཚུ་ལུ་ བྱམས་བརྩེ་དང་ལྡན་པའི་ཐུགས་སྟོབས་ དེ་བཟུམ་མཁོ་ན་ཡོདཔ་ལས་ ཁོ་དེ་ ཆ་མཉམ་གྱིས་ ག་ར་གིས་ར་ མ་དགའ་མི་མེད་པར་ ལྷ་ ཀླུ་ མི་གསུམ་ག་ར་གིས་ ཁོ་ལུ་ དགའ་སྡོད་སྡོདཔ་ཨིན་པས། ཏེ་བྱང་ཕྱོགས་ ལྷོ་ཕྱོགས་རིགས་ལྡན་རྒྱལ་པོའི་སྲས་ བཤགས་པ་གཞོན་ནུ་ཟེར་མི་འདི་ ཁོ་འདི་ ཨ་ཙི་ཅིག་ རིགས་ངན་པ་ སྐྱབས་དཀོན་མཆོག་གསུམ་ལུ་ ལོག་བལྟ་བསྐྱེད་མི།
  • ཡེ་ཤེས་དབང་འདུས་:
    དེ་ལས་ཏེ་ ད་ལྟོའི་ དྲིན་ཆེན་ཕམ་ཚུ་ལུ་འདི་ བསྐུར་འདེབས་་ཞུ་མི། དེ་ལས་ ཁོང་ བླམ་ཆོས་པ་དང་ འདི་བཟུམ་ལུ་དེ་ ཆོས་དང་ཚུལ་མཐུན་ཚུ་ལུ་ཏེ་ དམར་རབས་འབད་མི་ འདི་བཟུམ་ཅིག་འཁྲུངས་པ་ལས་བརྟེན་ཏེ་ ཁོའི་སྐབས་ལུ་དེ་ ཏེ་ད་ ག་བཟུམ་འགྱོ་ཡི་ཟེར་བ་ཅིན་ ཧེ་མའི་ཡོད་མི་ ཕུ་གི་ལྷ་ཤིང་བདུན་ཟེར་ ལྷ་ཚོགས་སྡོད་སྡོདཔ་མས།
  • ཡེ་ཤེས་དབང་འདུས་:
    ད་ ཏེ་ད་ འདི་ཚུ་ག་ར་ དང་ཕུ་ རོགས་ཕམ་ཞལ་བཞུགས་པའི་བསྒང་ལུ་དེ་ ད་ དཀོན་མཆོག་གསུམ་ལུ་ སྐྱབས་དཀོན་མཆོག་གསུམ་ལུ་ གསོལ་བ་ཡང་ལས་ཡང་དུ་ དུས་རྒྱུན་དུ་བཏབ་སྡོད་སྡོདཔ་ཨིན་མས་ལགས། ད་ འདི་ལས་ ཁོ་གི་ ལྷ་ཤིང་ལྷ་མཚོ་ཚུ་ལུ་ ལྷ་དང་ཀླུ་ག་ར་ མཆོད་པའི་དུས་བཟང་ལུ་ ད་ གདོང་གྲོགས་མཛད་ནི་གིས་ཨ་རྟག་ར།
  • ཡེ་ཤེས་དབང་འདུས་:
    ཀླུ་གསོལ་ནིའི་ཡོདཔ་དང་ ལྷ་གསོལ་ནིའི་ཡོདཔ་ ཡོདཔ་ཨིན་མས་ལགས། འ་ནཱི་ཚུ་ཆ་མཉམ་ བཀོ་བཞག་སྟེ་ ཁོ་གིས་ བོན་པོ་འི་ཧོངས་ལུ་ ཤུགས་སྟོན་ཏེ་ ཏེ་ད་ གསད་ནི་ དྲང་ནི་ རྡུང་ནི་ འཁྱོག་ནི་ བཅོམ་ནི་ འདི་བཟུམ་གྱི་ ལཱ་ལུ་ ཙ་ཙ་བརྩམས་སྡོདཔ་ལས་བརྟེན་ཏེ་ འ་ནཱི་ཧོངས་ལུ་སྡོད་མི་འདི་ ཀླུ་ པདྨའི་ཀླུ་མཚོ་ཟེར་ཡོད་མི་དེ།
  • ཡེ་ཤེས་དབང་འདུས་:
    ད་ ཀླུ་ཡང་ཧ་ལམ་ བཙོག་པ་བླུག་ནི་མངམ་ལས་ ད་ ཕར་ བྱང་ཕྱོགས་མངའ་ལྡན་ཧོངས་ལུ་ བྱོག་འབྱོན་ནུག་ལགས། དེ་ལས་ཏེ་ བྱོག་བྱོནམ་མ་ཚད་ ཁོའི་ཕར་ཁ་ཐུག་ ནད་ཡང་མུ་གེ་ འཁྲུག་རྩོད་དམག་དང་ ཁམས་ཆུ་ལ་སོགས་པ་ བསམ་གྱི་མི་ཁྱབ་པར་བྱུང་སྟེ།
  • ཡེ་ཤེས་དབང་འདུས་:
    མི་སེར་ དྲག་ཞན་ཆེ་ཆུང་ག་ར་ བྱང་ཕྱོགས་རྒྱལ་པོའི་ཕྱོགས་ལུ་ བྱོག་འགྱོ་སྟེ་ ད་ མེདཔ་མེདཔ་ ག་ཅི་ཡང་མེད་པར་ སྤྱང་ཀ་སོང་ནུག་ རྒྱལ་པོ་གི་ རྒྱལ་ཁབ་གཅིག། འ་ནཱི་ འདི་དེ་ རྒྱུ་རྐྱེན་ག་ཅི་ལས་བྱུང་ཡི་ག་ཟེར་བ་ཅིན་ ཉིནམ་གཅིག་ཟེརཝ་ད་ བློན་པོ་ཚུ་འཛོམས་སྟེ་བལྟཝ་ད་ བློན་པོ་ཚུ་ག་གི་ཡང་ ཞུ་མ་ཚུགས་མས་ལགས།
  • ཡེ་ཤེས་དབང་འདུས་:
    ད་ དེ་འབདཝ་ད་ ཉིནམ་གཅིག་ཟེརཝ་ད་ ད་ ག་ཅི་ལོ་ ད་ བློན་པོའི་མ་ཚད་ ད་ འབངས་མི་སེར་ སྐྱབས་འོག་ལུ་སྡོད་མི་ འབངས་མི་སེར་ག་ར་ བཀུག་སྟེ་ ཏེ་ད་ དང་ཕུ་ལུ་འདི་ འདི་བཟུམ་སྡོད་ནུག་ལགས། ང་བཅས་གཉིས་ བྱང་ཕྱོགས་དང་ ལྷོ་ཕྱོགས་རྒྱལ་པོ་གཉིས་ རྒྱལ་པོ་གཉིས་ཀྱི་མངའ་འོག་ལུ་ འདྲན་འདྲ་སྡོད་ནུག་ལགས།
  • ཡེ་ཤེས་དབང་འདུས་:
    ད་ལྟོ་འབདཝ་ད་ ཁོ་གི་ ཕར་ལུ་འདི་ གནམ་མེད་ས་མེད་ རྒྱས་ཞིང་རྒྱསཔ་སོང་ཡི། ཡང་རྒྱས་གོང་འཕེལ་ཡང་ གནམ་མེད་ས་མེད་འགྱོ་ཡི། ག་ར་ མི་ག་ར་ སེམས་ཟད་ ཕང་སེམས་མེད་པར་ གནམ་མེད་ས་མེད་ སྡུག་བསྔལ་ལས་གྲོལ་ཏེ་ གནམ་མེད་ས་མེད་ ལེགས་ཤོམ་འགྱོ་ནུག་ཟེར་ཨིན་མས། ང་བཅས་རའི་ ནཱ་འདི།
  • ཡེ་ཤེས་དབང་འདུས་:
    ད་ ག་དེ་སྦེ་སྨོ་ ལོ་རེ་ལོ་རེ་བཞིན་དུ་ སྐྱོ་སུ་སྐྱོ་སུ་འགྱོཝ་མས། ག་ཅི་ཨིན་ན་ དེའི་ རྒྱུ་རྐྱེན་ག་ཅི་ཨིན་ན་ཟེར་ སླབ་ད་ ག་གི་ཡང་ སླབ་ནི་མིན་འདུག་ཟེར་ཨིན་མས་ལགས། གཅིག་འདི་ ཁོ་རེ་ ཡབ་རྒྱལ་པོའི་སྐམས་ལུ་ ད་ བློན་པོ་བཞུགས་མི་ བློན་པོ་མཛད་མི་ བློན་པོ་བགྲེསཔ་གཅིག་འདུག། གུང་ལོ་ ༡༨༠་འགྱོ་མི་གཅིག་འདུག་ལགས།
  • ཡེ་ཤེས་དབང་འདུས་:
    འ་ནཱི་འདི་ ཁོ་ རུ་ཏོག་གསིག་སྟེ་ར་ ད་ དབུ་སྐྲ་དཀརཔོ་ དཀརཔོ་དཀརཔོ་སྦེ་ འདི་བཟུམ་ ད་ སོ་མུ་ཏིག་དང་འདྲ་བ་ འདི་བཟུམ་འགྱོ་མི་ཅིག་གི་ རུ་ཏོག་ཡོ་ཡོརཝ་སྦེ་ ཕྱག་འཚལ་ཏེ་ ཁོ་གི་ ཟུར་ཅིག་ཁར་སྡོད་དེ་ ཞུ་ནུག་ལགས།
  • ཡེ་ཤེས་དབང་འདུས་:
    ད་ ང་བཅས་རའི་ ནཱ་ ལྷོ་ཕྱོགས་ཧོངས་ལུ་མེདཔ་འགྱོ་མི་འདི་ ག་ཅི་ རྒྱུ་རྐྱེན་ག་ཅི་ལས་བྱུང་ཡི་ག་ཟེར་ ངའི་ བློ་ཁྱོད་ཀྱིས་ ཉན་ར་མ་ཉད་ད་ ཁྱོད་ཀྱིས་ ཉན་གསན་རང་མི་གསན་ཟེར་ རྒྱལ་པོ་ ཁྱོད་མཇལ་ནི་ཟེར་རུང་ ད་རེས་མ་གཏོགས་ ནམ་ཡང་མཇལ་མ་ཚུགས་ཟེར་ ཁྱོད་མཇལ་བའི་ཞོར་ཁ་ ངེ་ འ་ནཱི་འདི་ ཡང་ན་ བདེན་ག་མི་བདེན་ག་ ཁྱོད་ཀྱི་གསན་ག་ མི་གསན་ག་ གསན་དགོ་མི་མནོ་ ཨིན་རུང་ ང་ ཨ་རྒས་ཀྱིས་གཏམ།
  • ཡེ་ཤེས་དབང་འདུས་:
    བདེན་པ་དེ་ཡོདཔ་འོང་། ཁྱེད་སྙན་གསན་ཟེར་ཞུ་སྟེ་ ཁོ་གི་ ག་ཅི་ཞུ་ཡི་ཟེར་བ་ཅིན་ ཏེ་ད་ ཁོ་གི་ཧོངས་ལས་ ཡབ་རྒྱལ་པོ་བཞུགས་པའི་བསྒང་ལུ་དེ་ ཡར་ རྒྱལ་པོའི་ལྷ་ཤིང་ཟེར་ཡོད། ད་ རྒྱལ་པོའི་ལྷ་མཚོ་ཟེར་ཡོད། ལྷ་ཤིང་དང་ལྷ་མཚོ་ཚུ་ལུ་ ད་ ཚེས་བཟང་དུས་བཟང་ཨ་རྟག་ར་ ཀླུ་གསོལ་ནི། ཀླུ་མཆོད་ནི་ ལྷ་གསོལ་ནི་ ལྷ་མཆོད་ནི་ཟེར།
  • ཡེ་ཤེས་དབང་འདུས་:
    ད་ སྐྱབས་དཀོན་གསུམ་ལུ་ ང་བཅས་རའི་ ནཱ་ མངའ་སྡེ་ལུ་ཡོད་མི་ ཆོསཔ་ཚུ་ལུ་ ཡོན་ཕུལ་ཏེ་ ཁོང་ཚུ་ལུ་ ད་ རིམ་གྲོ་འབད་ནི་ཟེར་ ཁོང་ཚུ་ལུ་ གུས་བཏུད་ཞུ་ནི་ཟེར་ ཚུལ་དང་ལྡན་མ་ ཆོས་དང་མཐུནམ་ ད་ ཁོང་ཚུ་གི་ ལྷ་ཁང་དགོན་སྡེ་ཚུ་ ཉམས་སུ་ཞུ་སྟེ་ ད་ ཉམས་པ་སོར་ཆུད་དང་ མི་མཉམ་གོང་འཕེལ་ ཧེ་མ་ཡོད་མི་ཚུ་ཡང་ ཧེང་བཀལ་ཧེང་བཀལ་བཟོ་འོང་།
  • ཡེ་ཤེས་དབང་འདུས་:
    ཁྱོད་ཀྱི་ རྒྱལ་པོ་ཁྱོད་ཀྱི་ སྐུ་ཚེའི་རིང་ལུ་འདི་ འདི་ཚུ་ག་ར་ ཉམས་སོང་ནུག། ཕུའི་ལྷ་ཤིང་ཡང་གཡོ་ནུག་ལགས། ལྷ་མཚོ་ཡང་སྐམ་སོང་ནུག་ལགས། འདི་ལས་བརྟེན་ཏེ་ཨིན་མས་ལགས། འདི་ཚུ་ཏེ་བཙུགས་སྟེ་ འབག་འོང་པ་ཅིན་ ད་ལོག་འབག་འོང་པ་ཅིན་ འོང་ནི་མ་གཏོགས་ འོང་ཐབས་ཅིག་ ཁྱོད་ཀྱི་རྒྱལ་ཁབ་ནང་ ཕྱུག་པོ་འགྱོ་ཐབས་ཅིག་ མ་པ་ལས་རང་ མིན་འདུག་ཟེར་ དེམ་ཅིག་ཞུ་སྟེ་ ཁོ་འགྱེལ་ཡར་སོང་ནུག་ལགས། བུད་སོང་ཡར་ནུག་ཨ་རྒས།
  • ཡེ་ཤེས་དབང་འདུས་:
    ད་ དེ་སྦེ་འབད་བའི་བསྒང་ལུ་ ཡ་ བདེན་ནི་ཨིན་མས་ཟེར་ དེ་ལས་ཏེ་ ང་བཅས་ཚུ་ ནངས་པ་ལས་ ཡར་ཕུ་ལུ་ལྷ་ཤིང་ ལྷ་མཚོ་བསྐོར་བ་འགྱོ་གེ་ཟེར་ རྒྱལ་པོ་ཁོ་གི་ འཁྱིད་དེ་ བློན་པོའི་སྡེ་ཚན་ཁག་གཅིག་དང་བཅསཔ་སྦེ་ ཡར་བྱོན་བལྟ་ད་ བདེན་ལས་ར་་ སེམས་སྐྱོ་སི་སི་སྦེ།
  • ཡེ་ཤེས་དབང་འདུས་:
    ད་ ཕུའི་ལྷ་མཚོ་ཡོད་མི་ཡང་ སྐམ་སོང་ནུག་ཟེར་ཨིན་མས། ད་ ལྷ་ཤིང་ཡང་ བདུན་ཡོད་ས་ལས་ ལྔ་ གཡོ་སྟེ་ ཆག་ཡར་སོང་ནུག་ཟེར་ཨིན་མས། མིན་འདུག་ཟེར་ཨིན་མས། ད་ ཡབ་རྒྱལ་པོ་བཞུགས་པའི་བསྒང་ལུ་ཡོད་མི་ག་ར་མེད་པར་ རམ་སྟེ་ དེ་ལས་ཏེ་ དེ་སྦེ་འབད་དེ་ མར་ ལྷོད་དེ་མཚོ་བལྟཝ་ད།
  • ཡེ་ཤེས་དབང་འདུས་:
    འདི་ཚུ་ཏེ་ ང་བཅས་ཚུ་གིས་ བཅོས་ཐབས་ཅིག་མེད་པར་ དེའི་མངའ་སྡེ་ནང་ལུ་ཡོད་མི་དྲང་སྲོང་། ད་ ཁོང་ གྲུབ་ཐོབ་ཚུ་བཀུག་སྟེ་ ཁོང་ཚུ་གིས་འབདན་མ་ཤེས་ ད་ང་བཅས་ཚུ་གི་འདི་ ག་ཅི་ཡང་འབད་མི་ཚུགས་པས་ཟེར་ དེ་ལས་ཏེ་ འ་ནཱི་ གྲུབ་ཐོབ་ ད་སྔགས་པ་རྒྱལ་པོ་འདི་ སྔགས་པ་ཧཱུཾ་ལས་མེ་འབར་འདི་ གདན་འདྲན་ཞུ་དགོ་པས་ཟེར་ ཁོང་ཚུ་གིས་ གྲོས་ཚོགསཔ་ད་ལུ།
  • ཡེ་ཤེས་དབང་འདུས་:
    ད་ ཁོང་ སྔགས་པ་ཕྱ་མ་ཕྱི་མེད་ཚུ་གིས་ ད་རེས་ནངས་པ་ ང་བཅས་བཟུམ་མའི་ སྒོམ་ཆེན་ཕྱ་མ་ཕྱི་མེད་ཚུ་གིས་ ང་བཅས་ཚུ་གིས་ འ་ནཱི་འདི་ བཀུག་ཐབས་འདི་ འབད་མི་ཚུགས་ཟེར་ འ་ནཱི་བཀུག་ཚུགས་མི་འདི་ གུ་རུ་པདྨ་དང་འདྲ་བའི་ ཐུགས་སྟོབས་ཅན་ཅིག་གིས་མ་གཏོགས་ བཀུག་ནི་རྩ་དང་པུ་ལས་ར་མི་ཚུགས་ཟེར།
  • ཡེ་ཤེས་དབང་འདུས་:
    དེ་ལས་ཏེ་ གུ་རུ་པད་འབྱུང་དང་འདྲ་བའི་ སྔགས་པ་ག་ཏེ་ཡོད་ཟེར་ སླབ་ད་ལུ་ ནཱ་ལས་ཕར་ ད་དཔག་ཚད་ ༣༤༠ འི་ས་སྒོ་ནང་ ནགས་ཚལ་སྟུག་པོ་ནང་ལུ་ འདི་ནང་བཞུགས་སྟེ་ཡོད། ཁོ་རེ་མངའ་སྡེ་ནང་ལུ་ཡོད་ཟེར་ ཤེས་ཞིནམ་ལས་ ཁོང་ཚུ་ ནཱ་ ད་ སྔགས་པ་ཆུང་ཀུ་བཅུ་ཐམ་དེ་ཅིག་སེལ་ཏེ་ ཕར་བཏང་སྟེ་ ད་ ཕར་ལས་ཞུ་མ་ཚུགས་པར་ གནམ་མེད་ས་མེད།
  • ཡེ་ཤེས་དབང་འདུས་:
    ཐུགས་སུན་ཏེ་ འོ་བརྒྱལ་ཏེ་ཕར་ ནཱ་ ད་ གཅན་གཟན་སྡུག་པ་ཅན་དང་ ལྷ་འདྲེ་མི་གསུམ་ཚུ་གིས་ གསད་གསད་ཇོབ་ཇོབ་ནང་ལུ་ གནམ་མེད་ས་མེད་ འོ་བརྒྱལ་ཏེ་ ཨིན་རུང་ ཁོང་ རྒྱལ་པོ་ལུ་ ད་ཚུར་བལྟ་ ཞུ་འབག་འོང་ནི་གི་ གོ་མ་ཆོད་པ་ཅིན་ ཁོང་ཚུའི་ སྲོག་དང་འབྲལ་ནི་ཨིན་མས་ལགས།
  • ཡེ་ཤེས་དབང་འདུས་:
    འདི་སྦེ་ནི་དེ་གིས་ ཐབས་མེད་པར་ ཁོང་ཚུ་ལུགས་སྲོལ་ བོན་གྲལ་བཙུགས་སྟེ་ ད་ སྔགས་པ་རྒྱལ་པོའི་སྐུ་མདུན་ལུ་བཅརཝ་ད་ སྔགས་པ་རྒྱལ་པོ་གིས་ ཞལ་ལན་རང་མ་གནང་བར་ གནམ་མེད་ས་མེད་ འོ་བརྒྱལ་ཏེ་ ད་ སྔགས་པ་རྒྱལ་པོ་ཡང་ ཁོ་དེ་ ཐུགས་རྗེ་ཐུགས་སྟོབས་ཅན་ཅིག་ ཨིན་ཏེ་འབད་རུང་ རང་རང་སོ་སོའི།
  • ཡེ་ཤེས་དབང་འདུས་:
    སྔོན་གྱི་ལས་ཀྱིས་དབང་གིས་ འདི་བཟུམ་སྦེ་ སྲོག་ལུ་ཐུག་ནི་གི་ དུས་ཚོད་གུ་ འབབ་འབབ་ཡོདཔ་ཨིན་མས། ད་ འདི་ལས་ ཁོང་ཚུ་གིས་ ཧ་ལམ་ མངམ་ཞུ་དེ་བསན་ཏེ་ ད་ ཁོ་གིས་འབྱོན་ནི་གི་ ཞལ་གྱིས་བཞེས་ཏེ་ ཁོ་རའི་ མངའ་སྡེ་ནང་ཡང་ ད་ཁོ་རའི་ སྲོག་གི་བར་ཆད་འོང་ནི་མས་ཟེར་འབད་རུང་ སེམས་ཅན་གྱི་འགྲོ་བའི་དོན་ཨིན་མས། ངེ་སྲོག་འདི་ ག་ནི་ཡང་ ཕང་བའི་ ཕང་སེམས་དང་ བློས་བཏང་སྟེ་ ཚུར་འབྱོན་ནི་གི་ རྒྱས་ཞིང་རྒྱས་པ་ཡོད་ལགས།
  • ཡེ་ཤེས་དབང་འདུས་:
    ད་ ད་ལྟོ་ སྔགས་པའི་སྐོར་ལས་འཕྲོ་མཐུད་འདི་ དེ་སྦེ་ཞུ་བཞག་གེ། ཚུར་བྱོན་ཏེ་ ང་ ཁོ་གི་ ལྷོ་ཕྱོགས་ལུ་ཡོད་པའི་་ལྷ་མཚོ་དང་ ལྷ་ཤིང་ཚུ་སྐམ་མི་ ཚུར་བཀུག་ནི་གི་ཐབས་ཤེས་འབད་དེ་ བྱང་ཕྱོགས་པདྨ་འི་འདབ་ལུ་གནས་ནུག་ཟེར་ ད་ ཉ་པ་འདི་ རིགས་ངན་པ་འབདཝ་ལས་ ད་ པདྨའི་འདབ་ལུ་ འ་ནཱི་ མཚོའི་མཐའམ་བསྐོར་ཏེ་ ཨ་རྟག་ར་ ལྟོ་ཉ་ ཉ་བཟུང་བཟའ་སྡོད་ནུག་ལགས།
  • ཡེ་ཤེས་དབང་འདུས་:
    ད་ ཁོ་གི་ ཐབ་ཤིང་ཟེར་རུང་ ཉ་གི་རུ་ཏོག་ཚུ་ ལག་ལེན་ཐབས་སྡོད་སྡོདཔ་ཨིན་མས་ལགས། ད་ ཁ་སྐོམ་རུང་ ཉ་གི་ འ་ནཱི་འཐུང་ ཁོ་གི་ མཚོའི་ཆུ་འཐུང་སྡོད་དེ་ ཨ་རྟག་ར་ མཚོ་དང་བྲལ་བ་མེད་པ་སྡོད་པའི་ ཉ་པ་ཅིག་ཨིནམ་ལས་ ལྟོ་ ལྟོ་གོས་ཆོས་གསུམ་ག་ར་ ཁོ་ མཚོ་ལུ་བརྟེན་ཏེ་ བཟའ་སྡོད་མི་ ཁོ་ ནཱ་ལྷོད་དེ་ ཕར་ གཡུས་ཟེར་ཡང་མེདཔ་ཨིན་མས་ ཁ་ོགི།
  • ཡེ་ཤེས་དབང་འདུས་:
    ཕམ་སྤུན་ཆ་ཟེར་ཡང་མེདཔ་ཨིན་མས་ ཕར་འོང་སྡོད་སྡོདཔ་འབད་ནི་དེ་གིས། དེ་ལས་ཏེ་ ད་ ཉིནམ་གཅིག་ཟེརཝ་ད་ ད་ སྔགས་པ་རྒྱལ་པོའི་ ཕར་ལས་ཚུར་ ད་ ལྷོ་ཕྱོགས་ཧོངས་ལས་འོང་ནི་གི་མཁྱེན་ཏེ་ ད་ དེ་སྦེ་འབད་དེ་ ཁོ་ ཉ་པ་ལུ་ ཀླུ་མོ་གི་ ད་དུས་ཚོད་དེམ་ཅིག་གི་བར་ན་ ནཱ་ མཚོ་ལུ་ བར་ཆད་རྐྱབ་མི་ཅིག་འོང་དོ། ཁྱོད་ཀྱིས་ སྲུང་སྐྱོབ་འབད་ཚུགས་ག་ཟེར་སླབ་ད།
  • ཡེ་ཤེས་དབང་འདུས་:
    ད་ སྲུང་སྐྱོབ་ ག་ཅི་སྦེ་འོང་ནི། ང་ ལོ་མང་རབས་ཅིག་ ནཱ་སྡོད་ཅི། ཨིན་རུང་ ད་ད་ལྟོ་ཚུན་ཚོད་མ་འོང་། ད་ ད་ལྟོ་འོང་རུང་ ང་གིས་འབད་འོང་ཟེར་ ཁས་ལེན་འབད་ཞིནམ་ལས་ཏེ་ ཁོ་ལུ་ མར་ ཀླུའི་ནོར་བུ་ཏེ་ རེགཔ་ཅིག་ར་ འདི་བཟུམ་འབད་ཚུགས་མི་ ཁོ་ལུ་ མཚོན་ཆ་རྡར་ནིའི་ རྡར་རྡོ་ཅིག་གནང་སྟེ་ དེ་སྦེ་འབད་བའི་ ལོ་རྒྱུས་ཅིག་འདུག།
  • ཡེ་ཤེས་དབང་འདུས་:
    ད་ སྔགས་པ་རྒྱལ་པོ་ཡང་ ནཱ་ ལྷོ་ཕྱོགས་རིགས་ལྡན་རྒྱལ་པོ་གི་ བཀའ་ལུ་མ་བཅག་པར་ བྱང་ཕྱོགས་ཧོངས་ལུ་སོང་སྟེ་ ད་ ཁོ་གིས་ཕར་ ག་ཅི་ལོ་ བྱང་ཕྱོགས་ཧོངས་ལུ་སོང་སྟེ་ ཁོ་གི་ མཚོ་བཀུག་ནི་གི་ ཞེ་ས་འབད་དེ་ ད་ཁྱོད་ ལྷོ་ཕྱོགས་ཧོངས་ལུ་བྱོན་གེ་ཟེར་ ཨ་རྟག་ཧ་ལུགས་ ཧེ་མའི་ལྷག་སྦེ་ བཟོ་སྟེ་ཡོད་ཟེར།
  • ཡེ་ཤེས་དབང་འདུས་:
    དེ་སྦེ་འབད་བལྟཝ་ད་ མ་པ་ལས་ར་ ང་མི་འགྱོ་ཟེར་ ད་ལྷོ་ཕྱོགས་ཧོངས་ལུ་ ཧེ་མ་ལས་ལྷག་སྟེ་ཡོད་རུང་ ང་ ལྷོ་ཕྱོགས་ལུ་འགྱོ་ནི་མེད། ང་ བྱང་ཕྱོགས་ལོག་ལུ་རང་ཨིན། མ་གསན་པར་ ཀླུ་གིས་ཡང་ ག་དེ་སྦེ་ཨིན་རུང་ མ་གསན་ལས་བརྟེན་ཏེ་ ད་ ཧ་ལམ་ སྔགས་པ་རྒྱལ་པོ་ཡང་ ཁོ་ཡང་ ད་ལོག་ཕར་བལྟ་ ལྷོ་ཕྱོགས་རྒྱལ་པོ་གིས་ ད་ཁོ་ལུ་ བཀའ་ཆད་འབྱུང་ནི་གི་འདྲོག་སྟེ་ ད་ ཁོ་ལུ་ ད་ནཱ་ མཚོ་ལུ་གནོད་པ་བཀལ་ནུག་ལགས།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ ལྕགས་ཕུར་བཞི་འདབ་མིའི་ ཁུངས་འདི་ཨིན་མས་ལགས། ཤར་ ལྷོ་ ནུབ་ བྱང་ བཞི་ལུ་ ལྕགས་ཕུར་འདབ་སེྟ་ མཚོ་ཚུ་ག་ར་ ད་དུག་དང་སྨན་ཚུ་བླུག་སྟེ་ ག་ར་ ད་ལྟོ་ སེམས་ཅན་གི་ ད་ ག་ཅི་ལོ རྣམ་པ་བཟོ་སྟེ་ འཆམ་ཐོན་མི་ཡང་འདི་ཡང་ དེ་སྦེ་ཨིན་མས་ལགས། ཏེ་ད་སེམས་ཅན་ཚུ་ག་ར།
  • ཡེ་ཤེས་དབང་འདུས་:
    ཕྱེད་ཀ་ཅིག་ ད་ བདའ་བཏང་ནུག་ཁོ་གིས། བཀུག་བཏང་ནུག་ཕར་བལྟ་ ད་ ལྷོ་ཕྱོགས་ཧོངས་ལུ། དེ་སྦེ་འབདཝ་ད་ བྱང་ཕྱོགས་ཧོངས་ལུ་ ཀླུ་གི་ཧ་ལམ་ཅིག་ལས་ ཁོ་ལུ་ འཚུབས་ཀྱི་འབད་མ་ཚུགས་པར་ དེ་ལས་ཏེ་ ཉ་པ་གཉིད་ལོག་སྡོད་མི་ལྷོང་སྟེ་ ད་ ཁོང་གཉིས་དམག་རྐྱབ་པའི་བསྒང་ལུ་ ཁོ་གིས་ ཉ་པའི་ཕྱག་ལུ་ཏེ་ མཚོན་ཆ་འདི་ ད་ ག་ཅི་སྨོ་ཟེར་བ་ཅིན་ ཀླུའི་ཡུལ་ནས་ ནོར་བུ་ རྡར་རྡོ་འདི་ སྤྲོད་པ་ལས་བརྟེན་ཏེ་ ཁོའི་མཚོན་ཆ་གུ་ལུ་ ག་ཅི་རེག་ཚད་ག་ར།
  • ཡེ་ཤེས་དབང་འདུས་:
    འདི་བཟུམ་ཐོབ་ནི་མ་གཏོགས་ ཁོའི་ གཟུགས་ལུ་ རེག་ནི་འདི་ གནམ་མེད་ས་མེད་ མེད་པར་ འདི་བཟུམ་ སྲུང་ཐུབ་ཅིག་སྡོད་སྡོདཔ་མས་ལགས། དེ་ལས་བརྟེན་ཏེ་ ད་ ཁོ་ སྔགས་པ་རྒྱལ་པོའི་སྲོག་ལུ་ཐུག་སྟེ་ འདི་བཟུམ་སྦེ་ བྱུང་བའི་བྱུང་ཚུལ་འདི་ ཨ་ལྕེ་ལྷ་མོ་ངོ་མ་ར་ ད་ ཕར་ སྔགས་པ་རྒྱལ་པོ་གི་སྦེ་ ཕུ་བཏུག་དེ་ དེ་སྦེ་བྱུང་མས་ཟེར་ ཞུ་ནི་ལགས།
  • ཡེ་ཤེས་དབང་འདུས་:
    གསེར་སྐྱེམས་ཕུལ་དགོ་མི་འདི་ ཤར་ཕྱོགས་དང་ ལྷོ་ཕྱོགས་ ནུབ་ཕྱོགས་ ད་ དེ་ལས་ ལྕགས་ཕུར་འདབ་སྟེ་འབད་ཐངས་འདི་ དཔེ་ དེ་སྦེ་ཨིན་མས་ལགས། དེ་ཅིག་ཏེ་ དེམ་ཅིག་ མདོར་བསྡུས་ཅིག་ཨིན་ལགས། ད་ལྟོ་འདི་ རྒྱས་ཞིང་རྒྱསཔ་སྦེ་ ཞུ་ནི་གི་ཨིན་མས་ལགས། ཨིན་རུང་ ང་བཅས་རའི་ དུས་ཚོད་ཡང་མིན་འདུག་ལགས།
  • ཡེ་ཤེས་དབང་འདུས་:
    ད་ ལོག་སྟེ་ར་ ནོར་བུའི་འཁྱིད་དེ་ བཏངམ་ད་ཏེ་ ཁོང་གི་ འ་ནཱི་ ལས་རིམ་ཚུ་འབད་དེ་ ད་ ཁོ་ལུ་ ལོག་སྟེ་ མཚོ་ཨ་རྟག་ཧ་ལུགས་ཐོན་ཏེ་ ད་ སྔགས་པ་རྒྱལ་པོ་འདི་ཡང་ ད་ ཁོ་དེ་ སྲོག་ལུ་ཐུག་སྟེ་ ཏེ་དེ་ལས་ འ་ནཱི་མཚོ་ཡང་ ལོག་ཐོན་རུང་རང་ སྔགས་པ་རྒྱལ་པོ་འདི་ དཀྲོངས་ནུག་ལགས། ཁོ་ ཉ་པ་གིས། ད་ ཁྱོད་ཀྱིས་ སེམས་ཚུ་ལུ་ གནོད་པ་བཀལ་མི་ཨིན། ཁྱོད་ཚེ་ཐར་བཏངམ་ད་ མ་པ་ལས་ར་མི་བཏུབ་ཟེར་ ད་ ཁོ་གི་ དཀྲོངས་སྟེ་ དེ་སྦེ་འབདཝ་ལས་ ད།
  • ཡེ་ཤེས་དབང་འདུས་:
    ཀླུ་མོའི་འཆམ་ཅིག་འདུག་ལགས་འདི་ནང་ ད་ ཉ་པ་གི་དྲིན་ལན་ ནོར་བུ་འབག་ནི་གི་ ཀླུ་ ཀླུ་ཡུལ་ལུ་ཞུ་འཁྱིད་དེ་ དྲིན་ལན་འབག་སྟེ་ ཉ་པ་གི་ ད་ལྟོ་ མགུ་ཏོག་གུ་ ནོར་བུ་བཀལ་ཏེ་ འཆམ་རྐྱབ་མི་འདི་ ཀླུ་ཡུལ་ལས་ཡར་བལྟ་ ནོར་བུ་ དགོས་འདོད་སྤུང་འཇོམས་འདི་ གནང་སྟེ་འབག་པའི་ ལོ་རྒྱུས་ཨིན་ལགས།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ནོར་བུ་ ད་རུང་ སྤྲོད་ལེན་འབད་ནི་གི་ཡོད། ཉིནམ་དང་པ་ དེམ་ཅིག་སྦེ་ ནཱ་འབྱུང་ ད་ མཇུག་ཡི་ལགས་ ཉིནམ་དང་འདི་ལགས། ཉིནམ་དང་པ་ ཉིནམ་གཉིས་རྐྱབ་དགོ་མི་འདི་ཏེ། ད་ ཉིནམ་གཉིས་པ་ལུ་ ད་ ད་རུང་ ཡ་ ད་ཅི་ ནཱ་ ཉ་པ་ འཕྲིན་ལས་དབང་འདུས་ཀྱི་ཞུ་མི་ ཅོག་འཐདཔ་ར།
  • ཡེ་ཤེས་དབང་འདུས་:
    ད་ ཉིནམ་ཕྱེད་ཀ་ཚུན་ཚོད་ འ་ནཱི་ སྐྱབས་འཚོལ་ཐངས་དང་ ངོ་མ་ ང་ཡོང་འབད་ནི་དང་ ཀླུ་མོ་འབད་ས་ལྷང་ནི་དང་ འ་ནཱི་ཚུ་ དར་མཆོད་ཕུལ་ནི་ རྟེན་མཆོད་ཕུལ་ནི་ ད་ ཆོས་སྲུང་ཕུལ་ནི་ ཆོས་སྲུང་རྟེན་མཆོད་དང་ གླུ་གར་མཆོད་པ་ རྟེན་མཆོད་དང་ འ་ནཱི་ བསྐོར་བ་དང་ ལྷ་བསམ་ འབད་ས་ག་ར་ ད་ ག་ཅི་ལོ་ ཁ་ཙ་བཟུམ་སྦེ་ར་ ཆ་འདྲཝ་ཅིག་ཨིན་མས་ལགས།
  • ཡེ་ཤེས་དབང་འདུས་:
    མདའ་སངས་ཉི་མ་དང་ འ་ནཱི་ ད་ ཞབས་བྲ་བུང་བཤད་དང་ ཞབས་བྲ་ འ་ནཱི་ཚུ་ག་ར་ ཁྲུང་ཁྲུང་དཀར་ འ་ནཱི་ ཁྲུང་ཁྲུང་དཀར་མོ་ག་ར་ ཁ་ཙ་ཐོན་མི་ཅོག་འཐདཔ་ར། དེ་ལས་ཏེ་ ད་ ཕུན་སུམ་ཚོགས་པ། གདན་དྲང། ད་ ཉི་མའི་དྲོ་མཉམ། རྟ་ཕུག་འགྲོ་ལུགས། ད་ ཞབས་བྲོའི་ལེའུ་ ད་ ག་ར་ཨིན་ལགས། དེམ་ཅིག་ ཁ་ཙ་བཟུམ་སྦེ་ ཉིནམ་ཕྱེད་ཀ་ལུ་ཞུ་མི་དེ།
  • ཡེ་ཤེས་དབང་འདུས་:
    འ་ནཱི་གི་ཤུལ་ལས་ ད་ དེ་ལས་ཏེ་ དགུར་རྡུང་དང་ ད་ བཤགས་སྣ་གྲུབ་བཞི་ གཤགས་སྣ་གྲུབ་བཞི་ཟེར་འབད་དེ་ བཀྲ་ཤིས་འཆམ། ལས་སྐྱིད་ཉི་མ། དེམ་ཅིག་ ཉི་མའི་གསོལཝ་བམ་དེམ་ཅིག་སྦེ་ གྲོལཝ་ཨིན་ལགས། དེ་ལས་ཏེ་ གསོལཝ་གི་ཤུལ་ལས་ ག་ཅི་ཡོད་ཟེར་བ་ཅིན།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ གསོལཝ་གི་ཤུལ་ལས་ ད་ ནོར་བཟང་ལུ་ སྐུ་ཁྲུས་ཅིག་ཕུལ་ནི་གི་འདུག་ལགས། ནོར་བཟང་གི་སྐུ་ཁྲུས། ཁོ་འདི་ ད་ལྟོ་ཁོ་གི་ བཙོག་གྲིབ་དང་ ཉམས་གྲིབ་པ་ག་ར་ཁྲུས་ཕུལ་ནི། དེ་ལས་ འ་ནཱ་ལས་ ཞག་པ་འཆམ་ཟེར་ བློ་དེ་སྦེ་ སླབ་ནི་ ཞག་པ་འཆམ་ཨིན་མས་ལགས། ནོར་བུ་དོན་ཡོན་ཞག་པ་ ལྷ་མོ་ཡིད་འཕྲོག་མ་ བཟུང་ནི་གི་དོན་ལས་ ད་ཅི་ཡར་ལས་ཐོན་མི།
  • ཡེ་ཤེས་དབང་འདུས་:
    ནོར་བུ་ དགོས་འདོད་ཀུན་འཇོམས་འདི་ མིའི་ནོར་བུ་ཨིན་པས། ནོར་བུ་དོན་ཡོན་ཞག་པ་འདི་ ཀླུའི་ནོར་བུ་ཨིན་པས། བཙུགས་སྣ་རིན་ཆེན་འདི་ ལྷའི་ནོར་བུ་ཨིན་པས། ཀླུའི་ནང་ན་ལས་ ནོར་བུའི་རིགས་ བྱེ་བ་ ས་ཡ་དུང་ཕྱུར་སྦེ་ཡོད་པའི་ནང་ལས་ གནམ་མེད་ས་མེད་ ཁག་ཆེ་ཤོས་ ལྷ་ ཀླུ་ མི་གསུམ་གྱི་ནོར་བུ་ཡོདཔ་ཨིན་ལགས།
  • ཡེ་ཤེས་དབང་འདུས་:
    བཙུགས་སྣ་ ནོར་བུ་བཙུགས་སྣ་རིན་ཆེན་འབག་བ་ཅིན་ ལྷ་ཡུལ་ལུ་ཐོག་པ་ ལྷ་ཡུལ་དང་མཉམ་པའི་ ཐོག་པ་ག་ཅི་ཡང་མེད་པར་ ལྷ་ག་ར་ བཏུག་ཚུགས་པའི་ ནོར་བུ་ཨིན་པས་ལགས། ད་ ནོར་བུ་དོན་ཡོན་བཞག་པ་འདི་ འ་ནཱི་དོན་ཡོན་ཞག་པ་གིས་ འ་ནཱི་ བཞག་པ་ ད་ ཐགཔ་ཅིག་ཡོད། འ་ནཱི་ བྱེམ་འདི་གི་བཟོ་མི་ འ་ནཱི་ཐག་པ་འདི་ དོན་ཡོན་པའི་ཚུལ་ཨིན་མས་ལགས།
  • ཡེ་ཤེས་དབང་འདུས་:
    འ་ནཱི་འདི་ ནོར་གཞན་ ནོར་བུ་དོན་ཡོན་ཞག་པ་གིས་ ག་ཅི་འབདཝ་སྨོ་ཟེར་བ་ཅིན་ ཀླུ་ཡུལ་ལུ་ ཀླུ་ག་ར་ ཡར་བཀུག་སྟེ་ ཀླུའི་ནོར་བུ་ག་ར་ ནོར་བུའི་རིགས་ག་ར་ སྣ་དྲངས་སྟེ་ ད་ནམ་རང་ ཁོ་གི་ ག་ཏེ་འཁྱིད་སར་ འགྱོ་ཚུགས་པའི་ འདི་བཟུམ་ བཟུང་ཚུགས་མི་ ལྷ་ ཀླུ་ མི་གསུམ་ག་ར་ བཟུང་ཚུགས་པའི་ ཞག་པ་ཨིན་མས་ལགས།
  • ཡེ་ཤེས་དབང་འདུས་:
    ཏེ་ད་ ནོར་བུ་དགོས་འདོད་སྤུང་འཇོམས་འདི་ ག་ཅི་ཨིན་ན་ཟེར་བ་ཅིན་ ནོར་བུ་དགོས་འདོད་སྤུང་འཇོམས་འདི་ ང་བཅས་རའི་ མིའི་ནོར་བུ་ཨིན་ཟེར་ ཨིན་མས་ལགས། ད་ ནོར་བུ་དགོས་འདོད་ཀུན་འབྱུང་གི་ ནཱ་ སྤྱི་བསམ་པའི་དོན་ ང་ ད་རེས་ བཟའ་དགོ་པའི་ཟེར་ སླབ་ཅིག་ བཟའ་ནི་ཐོབ་ནི་ཡོདཔ་ ང་ལུ་ཏེ་ བང་མཛོད་རྒྱུ་ནོར་ལོངས་སྤྱོད་ཚུ་ཐོབ་དགོ་པས་ཟེར་ སླབ་ཅིག་ ཁོ་ལུ་ བསམ་མ་ཐག་ཏུ་ མནོ་སབམ་བཏངམ་ཅིག་རང་ གདོང་ཁར་ལྷོད་དེ་ ཐོབ་ནི་གི་ འདི་བཟུམ་ སྤྱི་བསམ་ཡིད་བཞིན་གྲུབ་པའི་ ནོར་བུ་དོན་གཞན་ཞག་པ།
  • ཡེ་ཤེས་དབང་འདུས་:
    དགས་འདོད་ཀུན་འབྱུང་འདི་ དེ་ཨིན་ཟེར་ཨིན་ལགས། ཨིན་རུང་ ནོར་བུ་ དགོས་འདོད་ཀུན་འབྱུང་འབག་འོང་ནུག་ ཀླུ་ཡུལ་ལས་ཡར་བལྟ།། ནཱ་ལྷོད་དེ་ དྲི་ཟའི་བུ་མོ་ ད་ ལྷ་མོ་ཡིད་འཕྲོག་མ་འདི་ གནམ་མེད་ས་མེད་ གཟུགས་མཛེས་པ་ གཟུགས་མཛེས་མ་ བལྟ་ན་སྡུག་པ་ ཡིད་སྡུག་ ཡིད་འཕྲོག་པ་འདི་བཟུམ་ཡོདཔ་ལས་ ཁོ་གི་ འ་ནཱི་གསང་ཡུམ་ བཤེད་ནི་གི་དོན་དག་ལས་ ནོར་བུ་དོན་ཡོན་ཞག་པ་འདི་ བཟུང་མ་ཚུགས་པས།
  • ཡེ་ཤེས་དབང་འདུས་:
    ལོ་རྒྱུས་ལེ་ཤ་ཡོད། ད་ལས་ཏེ་ ནོར་བུ་དེ་ དོན་ཡོན་ཞག་པ་ ག་ཅི་ལོ་ དགོས་འདོད་ཀུན་འབྱུང་གི་ འ་ནཱི་ ནོར་བུ་འདི་ ག་ཅི་ལོ་ ཁོ་གི་ ལྷ་མོ་ཡིད་འཕྲོག་འདི་བཟུང་མ་ཚུགས་པར་ ལོག་སྟེ་ར་ ཀླུ་ལུ་བྱིན་ཏེ་ ཁྱོད་ཀྱི་ འ་ནཱི་ཁྱོསམ་ ང་ལུ་ སྔགས་པ་རྒྱལ་པོ་བསད་ཡི་ཟེར་ ཁྱོད་ཀྱི་ ཁྱོསམ་ནོར་བུ་གནང་ཡི། ཁྱོད་ཀྱི་ འ་ནཱི་འདི་ གནམ་མེད་ས་མེད་ ང་གིས་ བསམ་དོན་མི་གྲུབ་པས་ཟེར།
  • ཡེ་ཤེས་དབང་འདུས་:
    ད་ ནོར་བུ་དགོས་འདོད་སྤུང་འཇོམས་འདི་ ལོག་མར་ཀླུ་ མར་ཡུལ་ལུ་ རྩིས་སྤྲོད་དེ་ ནོར་བུའི་ ཀླུའི་ འ་ནཱི་ དོན་ཡོན་ཞག་པ་མེད་པ་ཅིན་ ང་བཅས་ར་ ཀླུ་ལུ་མེད་ཐབས་མེད་ཅིག་ མེད་པར་ ཐབས་མེད་པའི་ནོར་བུ་ཅིག་ཨིན། ཨིན་རུང་ ང་ སྲོག་ལུ་ཐུག་བའི་སྐབས་ལུ་ ཁྱོད་ཀྱིས་ ང་ལུ་ སྲོག་སྐྱབས་འབད་ཡི། ཁྱོད་ལུ་ བཀའ་དྲིན་གྱི་ ཁྱོསམ་དང་དྲིན་ལེན་འདི་ མ་བྱིན་པར་ཐབས་མེད།
  • ཡེ་ཤེས་དབང་འདུས་:
    ད་ དོན་ཡོན་ཞག་པ་བྱིན་ཞིནམ་ལས་ཏེ་ དོན་ཡོན་ཞག་པ་འབག་སྟེ་ ཁོ་གིས་ ནཱ་ད་ ལྷ་མོ་ཡིད་འཕྲོག་མ་འདི་ བཟུང་ཚུགས་པའི་ ལོ་རྒྱུས་ཨིན་ལགས། དེ་སྦེ་ དྲིས་ཟའི་བུ་མོ་ ལྷ་མོ་ཡིད་འཕྲོག་མ་བཟུང་ཚུགས་པའི་ ནོར་བུ་དོན་ཡོན་ཟེར་ཡོད་ལགས། ད་ འ་ནཱི་ ཞག་པ་འཆམ་ཟེར་ འ་ནཱི་འབད་དགོ་པའི་ ཞག་པ་འཆམ་ཨིན་མས་ལགས། འ་ནཱི་ཞག་པ་འཆམ་ཕུལ་ནི་ཡོད་ལགས།
  • ཡེ་ཤེས་དབང་འདུས་:
    ཏེ་དེ་ལས་ བཙུན་མོ་ལྔ་བརྒྱ་སྦེ་ ཁོ་ལུ་འབད་དེ་ ཆོས་རྒྱལ་པོ་ནོར་བཟང་འདི་ བྱང་ལུ་ བྱང་ཕྱོགས་ཧོངས་ལུ་ དམག་ལུ་བྱོན་སྡོད་པའི་སྐབས་ལུ་ བྱང་ལས་བྱང་ལུ་ཨིན་མས་ ད་རུང་ལགས། བྱང་ཕྱོགས་མངའ་ལྡན་རྒྱལ་པོའི་འོག་ལུ་ དེ་ལས་ བྱང་གི་ ཤར་ ལྷོ་ ནུབ་ བྱང་ཕྱེད་དེ་འོངམ་ད། ང་བཅས་རའི་ འབྲུག་འབད་བ་ཅིན་ བྱང་ཕྱོགས་འདི་བོད་ ད་ ལྷོ་ཕྱོགས་འདི་ རྒྱ་གར་བཟུམ་ཅིག་ ད་ཡུལ་འདི་ ང་བཅས་རའི་ འབྲུག་བཟུམ་ཅིག་བཞག་སྟེ།
  • ཡེ་ཤེས་དབང་འདུས་:
    འདི་ཅོག་འཐདཔ་རང་ ད་ཁོ་གི་ བྱང་ཕྱོགས་ཧོངས་ལུ་ ད་རུང་ར་ བྱང་ཕྱོགས་ཧོངས་ལུ་ ད་ ཁྱོད་ཀྱི་ ཨ་པ་བཞུགས་པའི་བསྒང་ལུ་ཡང་ དམག་རྐྱབ་ཏེ་ཨིན་མས། ང་ ད་ ཨ་རྒས་འགྱོཝ་ད་ ཁོ་ལུ་ ཅ་ལག་ཚུ་ སྤྲོད་དེ་འབད་ནི་ཡོད། དེ་སྦེ་འབད་ཞིནམ་ལས་ ཁོ་ བུ་ དམག་ལུ་བྱོན་སྡོད་པའི་བསྒང་ལུ་ ཏེ་ད་ ཁོ་གི་ ལྷ་མོ་འདི་ གནམ་མེད་ས་མེད་ འཇའ་རིམ་ཡོདཔ་ལས་ གཞན་ བཙུན་མོ་ཚུ་གིས་ ཕྲག་དོག་འབད་དེ།
  • ཡེ་ཤེས་དབང་འདུས་:
    ད་ གཞན་ ད་ཕོ་ལེགས་མོ་ལེགས་ཚུ་གིས་ ཨ་ཙི་རེ་ འ་ནཱི་ དམ་ཚིག་ལུ་ བསྲེ་ཞུགས་ནི་འབདཝ་ད་ ཨ་ནེ་གིས་བཞེངས་ཏེ་ ཨ་ནེ་ མ་འཆམ་འདི་ཡོད་ལགས། བཙུན་མོ་ ལྔ་བརྒྱ་དང་ ཨ་ནེ་མ་གཉིས་ དམག་རྐྱབ་ཏེ་ ཁ་ཙ་ བཟོ་ཆས་འདི་བཟུམ་ཚུ་གིས་ འ་ནཱ་ བློན་པོ་ཚུ་ཐོན་ཏེ་ འདི་བཟུམ་ཡོད་མི་དེ་ ཀ་བལ་གྱི་ མིག་ཏོག་བསུབས་ཏེ་ འདི་བཟུམ་བཟོ་ནི་གི་དཔེ་ འདྲ་མི་འདྲ་ཡོད་མི་འདི་ འ་ནཱི་ཨ་ནེ་གིས་ ཨ་ནེ་གིས་ མོ་རའི་གནའམ་གྱི་དོན་དག་ལས།
  • ཡེ་ཤེས་དབང་འདུས་:
    དམག་རྐྱབ་པའི་ཚུལ་ཨིན་མས་ལགས། ད་ ཆོས་རྒྱལ་པོ་ནོར་བཟང་གི་ཡུམ་གྱིས་ དེ་ལས་ ཨ་རྒས་ གླངམོ་ཆེ་ཟེར་ སླབ་མི་འདི་ ཆོས་ནས་ཧ་རི་ བྱང་ཕྱོགས་ཧོངས་ལུ་ ཆོས་གནས་པ་ སྦོམ་ཅིག་ཨིན་མས་ལགས། ཁོ་གི་ ཁོ་ལས་ དངོས་ཤེས་ཡང་ ཕཊ་ཕོད་ ཐབ་ཐོབ་ ག་ཅི་ཡང་མེད་པར་ ཁོ་གིས་ ཁོ་རའི་ མ་འོངས་བུ་བརྒྱུད་ལུ་ འདི་བཟུམ་འོང་ནི་ཨིན་མས་ཟེར་ ཧེ་མ་ འདི་བཟུམ་སྡོད་ནུག་ཟེར་ ཁོ་གིས་ག་ར།
  • ཡེ་ཤེས་དབང་འདུས་:
    མོ་པ་རྩིས་པ་མཁས་དྲགས་ཅིག་ཨིན་མས་ལགས། དེ་ལས་ཏེ་ ཧ་རི་གིས་ ད་ དཀྲུགས་ཏེ་ར་ ཁོ་གི་བུ་འདི་ ཉི་མ་ བྱང་ཕྱོགས་ཧོངས་་ལུ་ དམག་ལུ་བཏང་སྟེ་ དྲག་འོང་ཟེར་ ཡབ་ལུ་ཡང་ལས་ཡང་དུ་ཞུ་སྟེ་ ད་ ཡབ་ཆེན་རྒྱལ་པོ་སྦེ་ བྱོན་ནི་ཡོད་སྨོ་ལགས? འ་ནཱི་ ཡབ་ཆེན་རྒྱལ་པོ་ལུ་ ཞུ་ནི་མངམ་ལས་ ད་ ཡབ་ཆེན་རྒྱལ་པོ་གིས།
  • ཡེ་ཤེས་དབང་འདུས་:
    དེ་ལས་ཏེ་ ཆོས་རྒྱལ་ནོར་བཟང་ལུ་ ད་ཨཔ་གཞོན་པའི་ དུས་ཚོད་ལུ་ཡང་ དགྲ་འདི་བཟུམ་བཏུལ་ཏེ་འབད་ཡི། ཁྱོད་ ད་བུ་ཁྱོད་ཡོད་ཟེར་ ཕ་ཤུལ་བུ་གི་མ་བཟུང་བར་ ག་གིས་བཟུང་ནི་ ཁྱོད་ཟེར་ ང་གིས་འདི་ ད་དམག་ཆས་འདི་མིན་འདུག། ཁོ་གི་ སྤྲོད་ནི་གི་ ལེ་ཤ་ཡོད། ནཱ་ད།
  • ཡེ་ཤེས་དབང་འདུས་:
    གྱི་ཅུ་སྤྲོད་ནི་གི་ཡོད། ད་ ཁོ་གིས ཏེ་ད་ དགྲ་བྱང་ཕྱེད་འབད་ནི་གི་ ད་གཞུ་དང་ འ་ནཱི་ སོ་རས་པ་ལང་ ག་ཅི་ཡང་སྤྲོད་ནི་ཡོད། ད་ མཇུག་ལུ་ཁོ་གིས་ སྐྱེས་ཆང་དེ་ ད་རྒྱ་གར་ཆང་ཐོན་མི་གི་ནང་ལས་ གྲོལ་ཆང་དེ་ རྒྱ་གར་གྱི་ གྲོལ་ཆང་ཟེར་ ད་ང་བཅས་རའི་འབད་བ་ཅིན་ ཆང་བཀལ་ ཆུམ་གྱི་བཟོ་བའི་ཆང་ དཀར་མོ་ཨིན་མས་ལགས།
  • ཡེ་ཤེས་དབང་འདུས་:
    བོད་ཀྱི་འབད་བ་ཅིན་ ནས་ཆང་ཟེར་ སེརཔོ་སྦེ་ ང་བཅས་རའི་ འབྲུག་ལུ་བཟུམ་སྦེ་ མོན་ཡུལ་འབད་བ་ཅིན་ འབྲུག་བཟུམ་ཅིག་འབད་བ་ཅིན་ ཀོང་པུ་ཆང་ ཀོང་ཆང་དམར་མོ་ཟེར་ འདི་བཟུམ་སྦེ་ ཁོ་གི་ དཀར་ སེར་ དམར་ ལྗང་སྦེ་ ཁོ་གི་ ད་ སྐྱེས་ཆང་དྲངས་སྟེ་ ཡ་ ཁྱོད་འདི་ ཕ་བཟང་གི་བུ་ཨིན། ཁྱོད་ ག་ཅི་ལོ་ ད་ མི་བཟང་ཕར་ གཏབ་བཟང་ཚུར་ ལོག་ཤོག་ཟེར་ སྨོན་ལམ་བཏབ་སྟེ།
  • ཡེ་ཤེས་དབང་འདུས་:
    ད་ ཁོ་གི་ ཨ་པ་གིས་ ཁོ་ དམག་ལུ་བཏང་ནུག་ལགས། ད་ དམག་ལུ་བཏང་སྟེ་ དམག་གི་བྱང་ཕྱད་རྐྱབ་སྟེ་ ཁོ་ ལས་རིམ་ ལེ་ཤ་ཡོད། ཨིན་རུང་ དེམ་ཅིག་སྦེ་ མདོར་བསྡུས་བཞག་ནི། ཏེ་ད་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་རའི་ དུས་ཚོད་དང་ སྟབས་བསྟུན་དགོ་པས། ཏེ་ད་ མཐོང་སྣང་ནང་ལུ་འདི་ དེམ་ཅིག་ཕུལ་ཡ། འཆམ་དང་འདི་ཚུ་ཡང་ དེམ་ཅིག་ར་ཨིན་ལགས།
  • ཡེ་ཤེས་དབང་འདུས་:
    ད་ ད་ལྟོ་ ནཱ་ འ་ནཱི་དང་འཁྲིལ་ཏེ་ ཨ་ཙི་རེ་ ཨ་ཙི་རེ་ཞུ་བཞག་དོ། ད་ ཁོ་གི་ དམག་ཆས་དང་ གྱོན་ཆས་ཚུ་ སྤྲོད་ལེན་འབད་དེ་ ཏེ་ད་ ཆོས་སྦྱང་ཟེར་མི་ ལས་རིམ་ཅིག་འདུག། འ་ནཱི་ ཆོས་སྦྱང་ལུ་ལྷོདཔ་ད་ལུ་འདི་ འཆམ་པ་ག་ར་ རྐྱབ་ཚུལ་མེད་ལགས། ཁོ་ ཆོས་རྒྱལ་པོ་ནོར་བཟང་འདི་ ཁོ་འདི་ ཏེ་ད་ ལས་རིམ་ དམག་ལུ་བྱོན་པའི་ ལས་རིམ་ཨིན་མས་ལགས།
  • ཡེ་ཤེས་དབང་འདུས་:
    དེ་ལས་ཏེ་ ཆོས་རྒྱལ་པོ་ནོར་བཟང་གིས་ དགྲ་ཚུ་ག་ར་བཏུལ་ཏེ་ ག་ཅི་ཡང་ ཁོ་འདི་ གནམ་མེད་ས་མེད་ རྒྱས་ཞིང་རྒྱས་སྟེ་ རྒྱལ་ཁ་ཐོབ་སྟེ་ ད་ ལོག་བྱོནམ་ད་ དེ་ལས་ཏེ་ ནཱ་ ལྷོད་དེ་ ཁོ་འདི་ དེ་ལས་བཞུགས་སྟེ་ ལོག་སྟེ་ཡར་བལྟ་ ད་ ལྷ་ཡུལ་ལུ་ ཁོ་གི་ ལྷ་མོ་ཡིད་འཕྲོག་མ་འདི་ ཨ་ནེ་གིས་ གཡིབ་སྟེ་ ཡར་བལྟ་ ལོག་སྟེ་ ཁོ་གི་ དྲི་ཟའི་ཡུལ་ལུ་ སྨོན་ལམ་འབད་བའི་བསྒང་ལུ་(ཉི་ཤུ་ཙ་གཅིག)།
  • ཡེ་ཤེས་དབང་འདུས་:
    ཁོ་གི་ འ་ནཱི་ ཆོས་རྒྱལ་པོའི་ནོར་བཟང་ལུ་ སེམས་བརྟན་ཟེར་ མ་བཞག་པར་ དབུ་བཙུགས་སྦོམ་ཡོད། ངེ་རྟིང་བདའ་འོང་པ་ཅིན་ འ་ནཱི་འདི་ ཁོ་གི་ ལྷ་མོ་ཡིད་འཕྲོག་མ་གིས་ ད་ འ་ནཱི་ ག་ཅི་ལོ་ རྟགས་མ་ཅིག་མ་བཞག་པ་ཅིན་ དྲི་ཟས་ཡུལ་ལུ་ འདིའི་བར་ན་ གནམ་མེད་ས་མེད་ ད་ ལྷོད་ནི་གི་ཡང་ལ་ཁག་ ལྷོད་དེ་རང་འབད་རུང་ ཕར་ཚུ་གིས།
  • ཡེ་ཤེས་དབང་འདུས་:
    ནཱ་ མི་དང་དྲིས་ཟ་འདི་ འདྲ་རང་མི་འདྲ་ མི་འདི་བཙོག་གྲིབ་ཅན་ཨིན། དྲིས་ཟ་འདི་ གནམ་མེད་ས་མེད་ གཙང་སྦྲ་ཨིན། འདི་འབད་ནི་དེ་གིས་ ཁོ་ མི་བཞག་ཟེར་ ཁོང་ སྒོ་སྲུང་དང་ སྐུ་སྲུང་དང་ འདི་ཚུ་གིས་ མ་བཞག་ དེ་ལས་ ངེ་འ་ནཱི་རྟགས་མ་འདི་ བཏོནམ་ད་ལུ་ ཧ་ལམ་བཞག་འོང་ཟེར་ མོ་ ལྷ་མོ་ཡིད་འཕྲོག་མ་གིས དངོས་ཤེས་མཁྱེན་ཏེ།
  • ཡེ་ཤེས་དབང་འདུས་:
    ཆོས་རྒྱལ་པོ་ནོར་བཟང་ལུ་ ང་བཅས་རའི་ མཛུབ་དཀྱི་ཟེར་སླབ་མས། ནཱ་ ད་ང་བཅས་ཀྱི་ མཛུབ་དཀྱི་ཅིག་ཕུལ་ཏེ་ ད་ བཏངམ་ལས་ ཨ་ནེ་གི་ འ་ནཱ་ ཁོ་ ཆོས་རྒྱལ་པོ་ནོར་བཟང་ མར་དགྲ་ལས་རྒྱལ་ཏེ་ ལོག་སྟེ་ ཁོང་གཉིས་ ཡར་ ཞལ་མཇལ་གསུང་ཐོས་་ བཀྲ་ཤིས་བདེ་ལེགས་ཡོད། ཁོང་གཉིས་ལུ་ དེ་འབད་རུང་ དེམ་ཅིག་ རྒྱལ་ཞིང་རྒྱས་སྟེ་སླབ་ནི་མིན་འདུག
  • ཡེ་ཤེས་དབང་འདུས་:
    འདི་གི་ མཇུག་ལས་འདི་ ད་ས་བཏུལ་ཏེ་ ཁོ་གི་ལས་རིམ་ ད་ ཆོས་རྒྱལ་པོ་ནོར་བཟང་ ལྷ་མོ་ཡིད་འཕྲོག་མ་ ལོག་སྟེ་ ཞལ་མཇལ་གསུང་ཐོས་པའི་ཡོད། དེ་ལས་ཏེ་ གཤེགས་གསོལ་ཟེར་ ད་ཏེ་ ལྷ་ ལྷ་གདན་འདྲེན་ཞུ་སྟེ་ཡོད། ནཱ་ ང་བཅས་རའི་ འཇིག་རྟེན་མི་ཡུལ་ལུ་ ནད་ཡམ་མུ་གེ་འཁྲུག་རྩོད་ལ་སོགས་པ་ ཞི་ནི་གི་དོན་དག་ལས།
  • ཡེ་ཤེས་དབང་འདུས་:
    ཁོང་ཚུ་གིས་ ཐུགས་སྨོན་གནང་ནི་གི་དོན་དག་ལས་ ནཱ་ མཆོད་པ་རེ་ཕུལ་ནི་གི་ ལྷ་ཞུ་མི་དེ་ ལྷ་ཡུལ་ཕོ་བྲང་ལུ་ གཤེགས་སུ་གསོལ་དགོ། ཀླུ་ཞུ་མི་འདི་ ཀླུ་ཡུལ་ལུ་གཤེགས་སུ་གསོལ་དགོ། སྐྱབས་དཀོན་མཆོག་གསུམ་ལུ་ ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ་དགོ།་ དེ་སྦེ་ནི་དེ་གིས་ ཏེ་ནཱ་ ཏེ་ད་ འབད་ས་འདི་ལ་གནས་པའི་ ལྷ་ ཀླུ་ བཙན་གསུམ་ཟེར་ཡོད། འབད་ས་འདི་ནང་བཞུགས་མི་ཡང་།
  • ཡེ་ཤེས་དབང་འདུས་:
    ཁོང་ལུ་ ད་ཅི་སླབ་དོ་བཟུམ་སྦེ་ བསུབས་ནི་མེད་པར་ ཁོང་ལུ་བདག་པོ་ཅིག་ཡོད། ང་བཅས་ཚུ་གི་འབད་བ་ཅིན་ ད་ལྟོ་ ས་སྟོང་ རི་སྟོང་ཅིག་ཨིན་མས་ཟེར་མནོ་དོ། ཁོ་ལུ་ སླབ་སྲིད་ ང་བཅས་ལུ་ཡང་ བརྟན་པ་ག་ཅི་ཡང་མེད། ང་བཅས་རའི་ མི་ཁྲམ་ཡོད། ངེ་ཁྱིམ་ཨིན་ཟེར་ བཟུང་སྡོད་མི་ཅོག་ར་འཐད།
  • ཡེ་ཤེས་དབང་འདུས་:
    ང་བཅས་ཚུ་ཡང་ ཤིཝ་ད་ལུ་འདི་ ག་ནི་ཡང་མེདཔ་འགྱོ་འོང་། འདི་བཟུམ་སྦེ་ར་ ཁོང་ འབད་ས་ནང་ལུ་ཡང་ ཁབ་ཅིག་ཤོང་ནི་གི་ས་སྒོ་མེད་པའི་ བདག་པོ་ཡོདཔ་ཨིན་མས། འ་ནཱི་ བདག་པོ་ཚུ་ལུ་ དྲོ་པ་ བསངས་ ཁྲུས་ གསེར་སྐྱེམས་ཕུད་གཏོར་ཏེ་ འབད་ས་བརྙ་སྟེ་ འདི་བཟུམ་སྦེ་ བཞག་མི་འདི་ ཁོང་ཚུ་ ཟུར་སྡོད་དེ་ཡོད།
  • ཡེ་ཤེས་དབང་འདུས་:
    འ་ནཱི་ཚུ་ ཁོང་ཚུ་ཡང་ སྡོད་ས་མེད་པར་ ང་བཅས་ཚུ་གིས་ བཀོ་བཞག་སྟེ་འགྱོཝ་ད་མི་བཏུབ་ ད་ ལོག་སྟེ་ར་ ཨ་རྟག་ཧ་ལུགས་སྦེ་ ནཱ་འབད་ས་ལུ་ ད་ ག་ཅི་ལོ་ ཁོང་ཚུ་ ལྷོད་ཚུགསཔ་ཅིག་འབད་དེ་ ཡར་འབྱོན་མི་ཚུ་ཡར་འབྱོན། མར་འབྱོན་མི་ཚུ་མར་འབྱོན་ཏེ་ བཅད་ཆང་ཟེར་བཏང་སྟེ་ ད་ ནཱ་ འབད་ས་ནང་བཞུགས་མི་ཡང་།
  • ཡེ་ཤེས་དབང་འདུས་:
    ད་ བཀྲ་ཤིས་ཕབ་སྟེ་ ཡ་ ཁྱོད་ཀྱི་དེམ་ཅིག་བྱིན་ཡི། བཀའ་དྲིན་ཆེ་ཟེར་ ཁྱོད་ལུ་ འདི་ནང་ བཀྲ་ཤིས་པ་ བདེ་ལེགས་པ་འོང་བཅུག་ཟེར་ བཀྲ་ཤིས་ཕབ་སྟེ་ དེམ་ཅིག་སྦེ་ ནཱ་ ཉིནམ་གཉིས་པ་འདི་ འཇུག་བསྡུ་དེས། ད་ འབད་ས་ལས་ནང་ན་འཛུལ་ནི་ཡོད་ལགས།
  • ཡེ་ཤེས་དབང་འདུས་:
    ད་ ནང་ན་འཛུལཝ་ད་ བཀྲ་ཤིས་ཀྱི་ བཀྲ་ཤིས་ཀྱི་འཆམ་དང་བཅས་པ་སྦེ་ཕུལ་སྟེ་ མཇུག་ལུ་ ཉ་རོགསཔ་གིས་ ལྷག་མཇུག་འཆམ་དང་བཅས་པ་སྦེ་ཕུལ་ཏེ་ དེམ་ཅིག་སྦེ་ ཁ་ཙ་མཐོང་སྣང་དང་དེམ་ཅིག་སྦེ་ཕུལ་སྟེ་ འཇུག་བསྡུ་ཡི་ཟེར་ཞུ་ནི།