Skip to main content Skip to search
28 Jun 2018
7 min 31 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • བསོད་ནམས་རྡོ་རྗེ་ Sonam Dorji
    ང་གིས་ད་རུང་རྨི་ལམ་གི་སྐོར་ལས་ དུམ་གྲ་ཅིག་ཞུ་ནི་སྦེ་ཨིན་ལགས་ ག་ཅི་སྦེ་ཟེར་བ་ཅིན་ རྨ་ལམ་ད་ང་བཅས་ར་ དེ་སྦེ་རྨི་ལམ་གནམ་མེད་ས་མེད་ ཞུ་ཡང་མི་ཚུགས་ལགས་ དེ་འབད་རུང་ ང་གིས་དུམ་གྲ་ཅིག་ ཞུ་གེ་ལགས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ག་ཅི་སྨོ་ཟེར་བ་ཅིན་ རྨི་ལམ་རྟག་པ་འབད་བ་ཅིན་ ང་བཅས་ར་དེ་སྦེ་ ཤིང་ཐོག་ཁར་ལས་རྦབ་རིལ་འགྱོ་ དེ་ལས་ དེ་སྦེ་ ཨ་ནཱི་གནམ་ཁར་ལས་འཕུར་འབད་བ་ཅིན་ རང་སོའི་ཕམ་ལུ་གནོད་ནི་ངོ་མ་རང་ཨིན་ལགས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ངེས་བདེན་རང་ཨིན་ལགས་ཨ་ནཱི་ ངེས་བདེན་རང་གནོད་འོང་ ཕམ་ལུ་མ་པ་ལས་རང་གནོདཔ་མས་ལགས་ དེ་སྦེ་འབད་བ་ཅིན་ དེ་སྦེ་ཡོད་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དང་ཕུའི་ཕམ་ཚུ་གིས་དེ་སྦེ་གསུངས་མས་ག་ལགས?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཕམ་ཚུ་གིས་རང་དེ་སྦེ་སླབ་དེས་ ང་བཅས་ར་གནམ་ཁར་ལས་འཕུར་ ཤིང་གུ་ལས་རྦབ་རིལ་འགྱོ་ དེ་ལས་ ག་ཏེ་ཡང་འཕུར་ཏེ་ལྷོད་འབད་བ་ཅིན་ མ་པ་ལས་རང་ཕམ་ཚུ་ལུ་རང་གནོདཔ་མས་ལགས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ངེའི་ཨའི་ཡང་གྱོངས་སོང་ཡི་ལགས་ དེ་བསྒང་ང་རྨི་ལམ་འ་ནཱི་སྦེ་མཐོང་སྟེ་སྡོད་ཅི་ ངེའི་ཨའི་གྱོངསམ་ད་ལགས་ དེ་འབདཝ་ད་ མ་པ་ལས་རང་གནོད་ནི་ཨིན་པས་ལགས་ རྨི་ལམ་གྱིས་འདི་ ཨ་ནཱི་འདི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་རུང་དེ་སྦེ་ གཅིག་ག་དེ་སྦེ་སྨོ་ཟེར་བ་ཅིན་ ད་རུང་ང་བཅས་ར་དེ་སྦེ་ མི་ཤི་ནི་ དེ་ལས་ ལྟོ་བཟོ་ ཀེ་བ་ཟ་འབད་བ་ཅིན་ དང་ཕུ་འབད་བ་ཅིན་ ཤ་བདའ་ནི་དང་ ཉ་བཟུང་ནི་ཚུ་སྡོད་ནུག་སྦ་ཕམ་ཚུ་གིས་ ད་ལྟོ་འབད་བ་ཅིན་ཆོས་ཀྱིས་དབང་སྟེ་ བཟུང་ཡང་མི་བཟུང་མས་ལགས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    དེ་འབདཝ་ད་ དེ་སྦེ་བཟུང་བཟོ་འབདཝ་ད་ ཕམ་ཚུ་གིས་ཨ་ནཱི་མ་པ་ལས་ཐོན་འོང་ལགས་ དེ་སྦེ་མི་ཤི་ དེ་ལས་ ལྟོ་འབད་དེ་ཟ་ དེ་ལས་ དེ་སྦེ་ཤ་འཛོལ་ཡི་ད་ཨནི་ད་ དེ་སྦེ་འབདཝ་ད་ མ་པ་ལས་རང་ཨ་ནཱི་མ་པ་ལས་རང་འོང་ནི་ཨིན་ལོ་ ཨ་ནཱི་གནོད་ནི།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨིན་ཟེརཝ་མས་ གཅིག་ག་ཅི་ཟེར་བ་ཅིན་ ད་ང་བཅས་རའི་རྨི་ལམ་གནམ་མེད་ས་མེད་ རྨི་ལམ་གནམ་མེད་ས་མེད་རྡོ་རྦ་རིལ་འོང་ དེ་ལས་ཨ་ནཱི་དེ་སྦེ་འབད་བ་ཅིན་ རྡོ་རྦབ་རིལ་ཏེ་འོང་ རི་ཆད་དེ་འོང་འབད་བ་ཅིན་ རང་ལུ་མ་པ་ལས་གནོད་ནི་ཨིན་པས་ལགས་འདི་གིས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    གནོད་ནི་ངོ་མ་རང་ཨིན་པས་ རང་ལུ་རྐྱེན་བྱུང་མས་ལགས་ དེ་སྦེ་འབད་བ་ཅིན་ མ་པ་ལས་རང་ཨིན་པས་ལགས་ ང་གིས་བལྟ་ཡང་བལྟ་ཡི་ མཐོང་ཡང་མཐོང་ཡི་ དེ་འབདཝ་ད་ རྐྱེན་མ་པ་ལས་བྱུང་མས་ དེ་བཟུམ་མའི་རྨི་ལམ་གྱིས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ད་རུང་དེ་སྦེ་ ང་བཅས་ར་གནམ་མེད་ས་མེད་ན་ནི་ཚ་ནི་འོང་ རིམས་པ་ཤམས་པ་འོང་པ་ཅིན་ དེ་སྦེ་ཨ་ནཱི་ཐོན་འོང་ལགས་ ཚད་རིམས་ལ་སོགས་པ་ཐོན་ནི་འབད་བ་ཅིན་ ང་བཅས་ར་ཉ་འ་ནི་དང་ དེ་ལས་ ག་ཅི་གུ་ཅི་དེ་སྦེ་ ཤ་ཉ་ཟ་ནི་འོང་ཡི་ཟེར་བ་ཅིན་ རིམས་ཚད་ཀྱིས་ མ་པ་ལས་ང་བཅས་ར་ལུ་ར་གནོད་འོང་ལགས་འདི་གིས་ རང་ལུ་རིམས་ཚད་ཤུགས་ར་ཕོག་འོང་ལགས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    འ་ནེ་ཅིག་ཞུ་གེ་ལགས་ང་གིས་ ག་ནི་ཡང་མེད་ད་རྨི་ལམ་གྱི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བཟང་པོ་གི་འབད་བ་ཅིན་ ག་དེ་སྦེ་འོང་ནི་ཡོད་གོ་ལགས་བཟང་པོ?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ག་ཅི་བཟུམ?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ལྟོ་ཚུ་འབད་བ་ཅིན་ རྨི་ལམ་གི་རྟག་པ་ངན་པ་ཨིན་པས་སྦ་མང་ཤོས་རང་།
  • བསོད་ནམས་རྡོ་རྗེ་ Sonam Dorji
    འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བཟང་པོ་གི་འབད་བ་ཅིན་ད་ ང་བཅས་ར་གིས་ ག་ཅི་འབད་ཅིན་ལེགས་ག་ལགས་རྨི་ལམ་ནང་ལུ?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ད་རུང་ལེགས་ཤོམ་སྦེ་ མེ་འབར་ དེ་ལས་ལེགས་ཤོམ་སྦེ་འབད་ ཕར་ལུ་གནམ་མེད་ས་མེད་མེ་འབར་འབད་བ་ཅིན་ རང་སོའི་བསོད་ནམས་འབརཝ་ཨིན་པས་ལགས་ འདི་གིས་རང་ལུ་ བཏུབ་ལགས་ འདི་གིས་ཡང་བཟང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རྨི་ལམ་ནང་ལུ་ གྱེན་འཛེག་ནི་དང་ རྨི་ལམ་མཐོང་འབད་བ་ཅིན?
  • བསོད་ནམས་རྡོ་རྗེ་ Sonam Dorji
    འ་ནཱི་ཡང་ལེགས་ལགས་ ཁ་ཡར་འཛེགས་ ག་ཅི་རེ་འབད་བ་ཅིན་ འ་ནཱི་འབད་བ་ཅིན་ ད་རུང་རང་ལུ་ ལེགས་ཤོམ་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ད་རུང་རྨི་ལམ་འབད་བ་ཅིན་ ཆུ་ཚོད་ ཨ་ནཱི་ཕྱི་རུ་མཐོང་མི་འདི་མི་བརྩི་ལགས་ ཆུ་ཚོད་ ༣ དང་ ནུབ་ཕྱད་ཀྱི་ཤུལ་ལས་མཐོང་མི་འདི་ རྟག་པ་ཨིན་ལགས་ ནུབ་ཕྱད་ཚུན་ཚོད་འདི་ ང་བཅས་ར་ཨ་ནཱི་ལཱ་འབད་དེ་ ཉི་མ་ལཱ་གི་བག་ཆགས་ཨིན་པས་ལགས་ ཨ་ནཱི་མི་བརྩི་ལགས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    རྨི་ལམ་ཨ་ནཱི་ མ་པ་ལས་རང་མི་བརྩི་ལགས་ ཉི་མའི་བག་ཆགས་ཨིན་ལགས་ཨ་ནཱི་ ང་བཅས་ར་ལཱ་འབད་བའི་ཨ་ནཱི་ལགས་ འ་ནཱི་མ་པ་ལས་མི་བརྩི་ལགས་ ཨ་ནཱི་ད་རེས་ཆུ་ཚོད་ ནུབ་མོ་ཆུ་ཚོད་ ནུབ་ཕྱད་ཀྱི་ཤུལ་ལས་ མཐོང་མི་འདི་རྐྱངམ་གཅིག་ (རྟག་པ་)ཨིན་ལགས་ ཨ་ནཱི་འདི་ལགས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨ་ནཱི་འདི་ ཨ་ནེ་ཅིག་ཞུ་གེ་ལགས་ད་ ང་ལུ་མེད་ད་ གནམ་མེད་ས་མེད་ཞུ་མི་ཚུགས་པས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    གཞན་ད་རུང་?
  • བསོད་ནམས་རྡོ་རྗེ་ Sonam Dorji
    (speaker laughs) རྨི་ལམ་རྟག་པ་འདི་ གནམ་མེད་ས་མེད་ཡོད་ དེ་འབདཝ་ད་ ང་ལུ་དཔྱད་རིག་མི་འོང་མས་ལགས་ གནམ་མེད་ས་མེད་ཅིག་ཤ་ར་ར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རྨི་ལམ་འདི་ ཨོ་ལོ་ཚུ་གིས་ འཕྲལ་འཕྲལ་བཤད་ནི་འདུག་ག་ལགས་ནཱ་ལུ་ ཁྱོད་རའི་ཨ་ལོ་ཚུ་གིས་ཡང་ ཨ་པ་ང་རྨི་ལམ་དེ་སྦེ་མཐོང་ཡི་ཟེར་འཕྲལ་འཕྲལ?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨ་ལོ་ཚུ་གིས་ཡང་ འཕྲལ་འཕྲལ་བཏང་མས་ལགས་ དེ་སྦེ་འབད་བའི་སྐབས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་བསྒང་?
  • བསོད་ནམས་རྡོ་རྗེ་ Sonam Dorji
    དེ་འབདཝ་ད་ དེ་སྦེ་ཨིན་ དེ་སྦེ་ཨིན་ཟེར་སླབ་ཨིན་ང་གིས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བསོད་ནམས་རྡོ་རྗེ་ Sonam Dorji
    དེ་སྦེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་ར་རང་མཁྱེན་མས་ག་ལགས་ ལ་ལུ་ཅིག་འདི?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ལ་ལུ་ཅིག་ མི་བདེན་པས་ལགས་ ཨ་ནཱི་ཨ་ལོ་ཚུ་གིས་འདི་ ཉལཝ་ཅིག་ད་རུང་ཕྱི་རུ་ལས་བརྩི་དོ་མས་ལགས་ དེ་གིས་སྦེ་ ད་མེན་སྨ་རེད་ཟེར་ སླབ་ཨིན་ད་རུང་ང་གིས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལ་ལུ་ཅིག་ལུ་འདི་ ངན་པ་ཨིན་ན་ བཟང་པོ་ཨིན་ན་ག་ནི་ཡང་ མེན་པའི་རྨི་ལམ་ཡང་མཐོང་དོ་འོང་ལ་ལུ་ཅིག་འདི?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ལ་ལུ་ཅིག་དེ་སྦེ་འོང་ནི་འདུག་ལོ་མེན་ན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འོང་དོ་འོང་ལགས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    འོང་ ལུ་ལུ་ཅིག་འདི་ ག་ནི་ཡང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལ་ལུ་ཅིག་ང་བཅས་རའི་རྨི་ལམ་འདི་ཚུ་ལ་ལུ་ཅིག
  • བསོད་ནམས་རྡོ་རྗེ་ Sonam Dorji
    གཞན་ཚུ་འདི་རྨི་ལམ་ག་ནི་ཡང་མི་བདེན་ལགས་ ཨ་ནཱི་ངན་པ་ངན་པ་ཅིག་ང་གིས་ཞུ་མི་འདི་ཨིན་ལགས་ ངན་པ་དང་ དེ་ལས་ བཟང་པོ་ཨ་ནཱི་ གཅིག་གྱེན་འཛེག་ དེ་ལས་ ཁ་མར་འགྱོ་བ་ཅིན་མི་ལེགས་ལགས་ང་བཅས་ར་མར་རང་འགྱོ་འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རྨི་ལམ་ནང་ལུ་ སྦུལ་གྱིས་སོ་བཏབ་ནི་འདྲཝ་འབད་བ་ཅིན་ ག་དེ་སྦེ་སྨོ་ལགས་འདི་འབད་བ་ཅིན་ལགས?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨ་ནཱི་འདི་དུམ་གྲ་ཅིག་ ང་བཅས་ར་སྦུལ་གྱིས་སོ་བཏབ་ སྦྱངམ་པོ་ཏོམ་གྱིས་བརྡུང་ ཨ་ནི་སྦྱང་ནག་ཚུ་གིས་བརྡུང་འབད་བ་ཅིན་ དུམ་གྲ་ཅིག་ མི་ཁ་གཏམ་ཁ་ དེ་ལས་ དགྲ་ཁ་ ཕུར་ཁ་ཨ་ནཱི་ཨིན་ལགས་ ཨ་ནཱི་དེ་སྦེ་ཨིན་ཟེར་ ཞུ་གེ་ལགས་ དེ་སྦེ་མཐོང་པ་ཅིན་རྨི་ལམ་ནང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ང་བཅས་ར་ད་ འཕྲལ་འཕྲལ་ཉི་མ་ལཱ་ག་ཅི་འབདཝ་ཅིག་ ད་སྤྲོ་བ་ཆེ་ཏོག་ཏོ་གི་ལཱ་ཅིག་འབད་བ་ཅིན་ ཨ་ནཱི་ཡང་ཕྱི་རུ་རྨི་ལམ་མཐོང་ནི་འདུག་ ཨ་ནཱི་འདི་ད་ང་བཅས་རའི་རྨི་ལམ་གྱི་གྲལ་ཁར་ཡང་མི་ཚུད་ནི་མས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨ་ནཱི་འདི་ གྲལ་ཁར་མི་ཚུད་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    བག་ཆགས་ཀྱི་ཨིན་པས་སྨོ?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཨིན་ཨ་ནཱི་འདི་ རང་སོའི་བག་ཆགས་ ང་བཅས་ར་ལཱ་འབད་ཡོད་པའི་ ཨ་ནཱི་བག་ཆགས་འོང་དོ་མས་་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ཨ་པ་ཁྱོད་ར་གིས་འབད་བ་ཅིན་ ད་རྨི་ལམ་གྱི་རྟག་པ་འདི་ ག་ཅི་ལུ་བལྟ་དགོཔ་སྨོ་ཟེར་བ་ཅིན་ དྲོ་པ་ཁམས་མཐོང་མི་འདི་ཨིན་པས་སྨོ?
  • བསོད་ནམས་རྡོ་རྗེ་ Sonam Dorji
    དྲོ་པ་ད་ཆུ་ཚོད་ ནུབ་ཕྱད་ཀྱི་ཤུལ་ལས་ ཆུ་ཚོད་ ༡ དེ་ལས་ ཆུ་ཚོད་ ༣ འདི་ལས་མར་ཨིན་པ་ཅིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • བསོད་ནམས་རྡོ་རྗེ་ Sonam Dorji
    འདི་ལས་མར་འབདནི་ཨིན་ གཅིག་དང་གཉིས་ལས་མར་འབད་བ་ཅིན་ ཨ་ནཱི་ནུབ་ཕྱད་མ་རན་ཚུན་ཚོད་འབད་བ་ཅིན་ རོགས་ཉི་མའི་བག་ཆགས་ལགས་ ཨ་ནཱི་རྟག་པ་རང་མི་བརྩི་ལགས་ག་ནི་ཡང་ ག་ནི་ཡང་མེད་ལགས་འདི་ ལགས་སོ་ལགས།