Skip to main content Skip to search
27 Aug 2015
4 min 41 sec
Video Overview
Creators: 
Yeshi Wangchuk, Dorji Nima

༉ ཧེ་མ་ལས་ ཕམ་ཆ་ཁྱབ་ཀྱིས་ ཡིད་ཆེས་བསྐྱེད་དེ་ རྨི་ལམ་རྟག་པ་དང་རྣམ་རྟོག་བཟང་ངན་ལ་སོགས་པ་ལུ་ ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན། དེ་ཡང་ དོན་དག་སྦོམ་ཅིག་གི་དོན་ལས་ ས་ཐག་རིང་ས་ཅིག་ལུ་འགྱོ་བའི་ལམ་ཁར་ ཧོད་སྟོངམ་འབག་འབགཔ་དང་ སྤྱ་དང་ ནོར་གྱིས་སྐད་རྐྱབ་པ་ལ་སོགས་པ་ཕྱད་པ་ཅིན་ བསམ་པའི་དོན་ མི་འགྲུབ་ཟེར་བའི་ལོ་རྒྱུས་ཡོདཔ་བཟུམ་སྦེ་ གཞལམ་སྒང་ ངང་ལ་བཀྲོངས་ལས་ ཨཔ་བསོད་ནམས་རྡོ་རྗེ་གིས་ རྣམ་རྟོག་བཟང་ངན་གྱི་སྐོར་ལས་བཤད་པ་རྐྱབ་མི་ཚུ་ ཕམ་རྒན་ཤོས་ཚུ་ལས་ཉན་བཞག་བཞགཔ་ཅིག་རང་ཨིན་ཟེར་བཤདཔ་མས། རྣམ་རྟོག་བཟང་ངན་གྱི་སྐྱེས་ལུགས་དེ་ ལེ་ཤ་ར་འདུག ཨིན་རུང་ ཁོ་གིས་སེམས་ཁར་མི་དྲན་པས་ དེ་སྦེ་འབད་ནི་གིས་ དག་པ་ཅིག་ལས་བཤད་མ་ཚུགས་ཟེར་ཨིན་པས།

 

The belief in good and bad omens is quite pervasive among Bhutanese people. The significance of events such as dreams, encounters with animals and persons while on a trip are often analyzed according to this belief in omens. Sonam Dorji from Ngangla Trong shares some accounts he heard from his elders that express such beliefs. What is the meaning of chance meeting with people carrying empty utensils while on a travel, or an animal crossing a road are some of the themes discussed in this video.

 

Transcript search
No results found for this search
0 of 0
  • བསོད་ནམས་རྡོ་རྗེ་ Sonam Dorji
    ལགས་སོ་ལགས། ང་གིས་ ཨ་ནཱི་ རྣམ་རྟོག་གི་སྐོར་ལས་ དུམ་གྲ་ཅིག་ཞུ་གེ་ལགས། ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་ར་འགྱོ་བའི་ལམ་ཁར་ ཆུ་གི་པ་ལང་སྟོངམ་དང་ དེ་ལས་ ཙེའུ་སྟོངམ་ རུང་(ཚར་གྱི་འཐག་འཐག་པའི་ཧོད་)སྟོངམ་ ཕད་ཅུང་སྟོངམ་དང་ཕྱེད་པ་ཅིན་ དུམ་གྲ་ཅིག་ ནེམ་འབད་བའི་(དོན་མི་འགྲུབ་ནིའི་) དྲན་གསོ་ཨིན་ཟེར་ ཕམ་ཚུ་གིས་ དེ་སྦེ་ སླབ་མས་ལགས།
    Ok. I want to share regarding mystery. The way where we pass an empty jar of water and then empty basket(made of bamboo), with an empty bag if we meet with them then we are not going to fulfill our desire, it is a type of reminder our parents used to say like that.
  • བསོད་ནམས་རྡོ་རྗེ་ Sonam Dorji
    ད་ལྟོ་ ང་གིས་འདི་ ཤེས་ཡང་མ་ཤེས། ཕམ་ཚུ་གིས་ དེ་སྦེ་སླབ་དེས་ཟེར་ ཉན་བཞག་བཞག་པའི་ ལོ་རྒྱུས་ཅིག་ཨིན་ལགས།
    Right now I don't know. It was a type story that was recorded by listening from parents.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: རྣམ་རྟོག་ཟེརཝ་ད་ གཅིགཔོ་འདི་ ང་བཅས་ར་ རྣམ་རྟོག་འབད་ནི་ མང་པ་ཅིན་ ད་དཔེར་ན་ ཙེའུ་སྟོངམ་ཅིག་འབག་སྟེ་ འོང་སར་ཕྱདཔ་ད་ རང་གིས་རང་ རྣམ་རྟོག་འབད་བ་ཅིན་ ད་རུང་ འདི་(དོན)མ་གྲུབ་དོ་བཟུམ་ཅིག་སྦེ་ མི་ཚོར་བས་ག་ མི་མཐོང་མས་ག་ལགས? In case of telling superstition itself was, if we do more superstition the forexample, while we meet with a person carrying an empty basket then if we take it in superstition then you find that you can't fulfill your desire right?
  • བསོད་ནམས་རྡོ་རྗེ་ Sonam Dorji
    མ་པ་འདི་ རང་སོའི་ རྣམ་རྟོག་ཨིན་པས་མེན་ན་ལགས། རོགས་ཕམ་ཚུ་གིས་ཡང་ དེ་སྦེ་སླབ་མས་ མི་བཏུབ་ཟེར་ དེ་མ་ཚད་ སྤྱ་དཀར་དང་ཕྱེད་(འཕྱད)པ་ཅིན་(རྟེན་འབྲེལ་)ལེགསཔ་ཨིན། སྤྱ་དང་ཕྱད་པ་ཅིན་ མི་ལེགས་ཟེར་ རོགས་ཀྱིས་ དེ་སྦེ་སླབ་ནི་འདུག་ལགས།
    Actually, it was our own superstition right. Parents used to say like this it is not good and also while we meet with golden langur then it shows good omen. But if we meet with monkey the it is also bad omen others used to say like thuis.
  • བསོད་ནམས་རྡོ་རྗེ་ Sonam Dorji
    ཕམ་ཚུ་གིས་ དེ་ལས་ ད་རུང་ ཏོར་ཏོ་ལ་ཁ་ཡར་ལྟག་སྟེ་ ཤིང་འབྲས་འདྲཝ་བཟའ་སྟེ་ འགྱོ་བ་ཅིན་ལེགས་ནི་དང་ ལམ་འོག་ལུ་ སྟོངམ་སྦེ་འགྱོ་བ་ཅིན་ མི་ལེགས་ཟེར་ཡང་འདུག་ལགས།
    Parents again used to say that while we see squirrel travelling up taking fruits then its good and while we find it travelling downwards with empty then it is not good.
  • བསོད་ནམས་རྡོ་རྗེ་ Sonam Dorji
    སེམས་ཅན་ཡང་ ག་ཅི་སེམས་ཅན་རང་ཨིན་རུང་ མར་ལམ་འོག་ལྟག་སྟེ་ འགྱོ་མི་འདི་མི་ལེགས། ལམ་ལྟག་ཁ་ཐུག་འགྱོ་མི་འདི་ ལེགས་ཟེར་ དེ་སྦེ་སླབ་མས་ལགས། རོགས་ཀྱིས་ དེ་སྦེ་སླབ་སྲོལ་འདུག་ལགས།
    What type of animals if they travel towards downward was not good. They used to say that animals travelling towards upward is good. Others used to say like that.
  • བསོད་ནམས་རྡོ་རྗེ་ Sonam Dorji
    ང་གིས་འདི་ ཤེས་ཡང་མ་ཤེས་ ད་རུང་ རོགས་ཀྱིས ་སླབ་མི་འདི་ ཨིན་རང་ཨིནམ་འདྲེས་ཟེར།
    I don't know. Again if we believe in other's saying-
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: བྱི་ལི་གིས་ཡང་ ང་བཅས་ར་ ལམ་འགྱོ་བའི་བར་ན་ རང་གི་ ཧེ་མར་ ལམ་གྱི་སྐེདཔ་བཏོག་འགྱོ་བ་ཅིན་ མི་ལེགས་ཟེར་ སླབ་མས་པ་ལགས། དེ་ཡང་ ཁྱོད་ར་གིས་འབད་བ་ཅིན་ གོ་ཡི་ག་ལགས? Even cat used to cut the way while we are travelling and it was considered as it was not good. This was also did you heard it?
  • བསོད་ནམས་རྡོ་རྗེ་ Sonam Dorji
    ག་ཅི་ལགས?
    What?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: བྱི་ལི་གི་ལགས། Cat.
  • བསོད་ནམས་རྡོ་རྗེ་ Sonam Dorji
    འེང་ལགས། བྱ་ལི་གི་འདི་ ང་གིས་ མ་ཤེས་མས་ལགས།
    Ok... I donnot know regarding cat.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ང་བཅས་ ལམ་འགྱོ་བའི་བར་ན་ བྱི་ལི་གིས་ ལམ་སྐེདཔ་བཏོག་འགྱོ་བ་ཅིན།
    While we travelling if cat cross by cutting our way-
  • བསོད་ནམས་རྡོ་རྗེ་ Sonam Dorji
    བྱི་ལི་གི་སྐོར་ལས་ ང་གིས་ ཧ་མ་གོ་ལགས། སེམས་ཅན་ཚུ་དང་ མི་དེ་སྦེ་ཕྱད་མི་ དེ་ལས་ ད་རུང་ རྣམ་རྟོག་འབད་བ་ཅིན་ མནའམ་ལྷངམ་ད་ དེ་སྦེ་འབག་མ་ཕོག་ནི་ཡོད་ཟེར་མི་ཅིག་ ཕམ་ཚུ་གིས་ སླབ་ནི་ཅིག་ཡོད་ལགས།
    I heard about cat before. People and animals meet like that then again if there is superstition while receiving bride, it used to be considered as bad omen parents used to say like that.
  • བསོད་ནམས་རྡོ་རྗེ་ Sonam Dorji
    མནའམ་ལྷངམ་ད་ མཆེཝ་གཅིག་ས་ཁར་ མཆེཝ་གཅིག་གནམ་ཁར་ཟེར་ དེ་སྦེ་འོང་པའི་ཟེར་ དེ་བསྒང་ ང་བཅས་དང་ ཁ་ཐུག་ཀྲིག་ཀྲི་རྐྱབ་ད་ ཤི་ནི་ཨིན་ཟེར་ འདི་ལས་ སྒྱིད་ཐག་སྐྱུགས་ཐབས་མེད་ཟེར་ དེ་སྦེ་ སླབ་ནི་ཅིག་འདུག་ལགས་ མནའམ་ལེནམ་ད་ལགས།
    While begging bride, one cannine teeth is onthe land and one could find in the sky, during that time from our side we used used to do according to it and used to die and then there is in disclined they used to say like that while receiving bride.
  • བསོད་ནམས་རྡོ་རྗེ་ Sonam Dorji
    མནའམ་ལེནམ་ད་ གདོང་ཁར་མི་ཅིག་ཐོན་འོང་ལགས། རོགས་མི་ཅིག་ལགས། ག་དེ་འབད་རུང་ ད་ཁྱོད་ཚུ་ ཟུར་ཤིག་ཟུར་ཤིག་ཟེར་ གདོང་སྐོརཔ་ལུ་མ་ཉན་པར་ ང་ལུ་ ག་ནི་ཡང་འབད་མི་ཚུགས་ཟེར་བ་ཅིན་ འདི་ལུ་ མ་པ་ལས་རྐྱེན་འབྱུང་འོང་ལགས། ཤི་རང་ཤིང་འོང་། ཨ་ནཱི་འདི་ མ་པ་ལས་རང་ཨིན།
    While receiving bride, infront there will be one people. Other one person. However, just you all can give me aside whithout listening to the front and they are not going to do anything and in that case there may be misfortune. Will die by any means. This is like that only.
  • བསོད་ནམས་རྡོ་རྗེ་
    Sonam Dorji: དེ་ལས་ མཆོད་ཤེས་པ་ཅིན་ཨིན་ལགས། མཆོད་མི་འདིནི་ མགྱོགས་པ་མགྱོགས་པ་ མི་ཐོབ། མཆོད་ནི་ཡང་ཡོད་ལགས་ཡོད་ནི་འདི། Then it is ok if they know how to offer. They are not going to get offering person in a faster way. There is way of offering.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་
    Researcher Yeshi Wangchuk: བཟློག་ཐབས? For prevention?
  • བསོད་ནམས་རྡོ་རྗེ་ Sonam Dorji
    འོང་་་ བཟློག་ཐབས་ཡང་། རོགས་མནའམ་ལྷང་པར་འོང་མི་ ག་ར་འཛོམས་སར་ མཆོད་ནི་ཡོད་ལགས། བོན་པོ་ཚུ་དང་ མཁས་པ་ཚུ་གིས་ གཞན་ང་བཅས་ ལ་ལུ་ཅིག་གིས་འདི་ མི་ཤེས་ལགས། རོགས་བོན་པོ་ཚུ་ཨིན་པས།
    Yes.... Prevention also. At the gathering of begging bride they used to offer it. Bon religion and well known person will not know. They were Boenpo.
  • བསོད་ནམས་རྡོ་རྗེ་ Sonam Dorji
    དེ་སྦེ་འབད་ནི་ཅིག་ཡོད་ རོགས་མནའམ་ལྷངམ་དང་ ལམ་ཁར་མ་སྡོད་ཤིག་ཟེར་ དེ་སྦེ་འབད་ནི་ཅིག་ཡོད་ལགས། འ་ནཱེ་ཡང་ རྣམ་རྟོག་དེ་སྦེ་ཡོད་ལགས་ གཞན་་།
    Actually because of that, while begging bride and wait on the way they used to do like that. For this there is superstition.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ དེ་ལས་ ད་ཁྱོད་ར་ རྟག་བུ་ན་བུ་ཟེར་རུང་ འཕྲལ་འཕྲལ་རང་ ད་ནོར་འདི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་བཞུགསཔ་ད་ ད་ནོར་གྱིས་ཡང་ འཕྲལ་འཕྲལ་ རྟགས་མཚན་མ་འདྲཝ་མ་འདྲཝ་སྟོན་ནི་ཡོད་དོ་འོང་པ་ལགས། འ་ནཱེ་གི་རྣམ་རྟོག་ཡང་ མི་མཁྱེན་པས་ག་ ནཱ་གི་ལགས། ནོར་གྱི་འབད་གཞག་དང་བསྟུན་ཏེ་ འཕྲལ་འཕྲལ་ ད་སེམས་ཅན་སྟག་འོངམ་ཨིན་ཟེར་བ་ཅིན་ ནོར་གྱིས་ཡང་ འབད་གཞག་མ་འདྲཝ་མ་འདྲཝ་འབད་དོ་འོང་པ་ལགས།
    Researcher Yeshi Wangchuk: Then now you can always or often now with cattle by staying and linking with them now cattle also often they will show diffferent expression if tiger come to attrack them.
  • བསོད་ནམས་རྡོ་རྗེ་ Sonam Dorji
    དེ་བཟུམ་ཡང་ འབད་ནི་ཡོད་ཟེར་ ཕམ་ཚུ་གིས་ སླབ་ནི་ཡོད་ལགས། དེ་སྦེ་ ད་ནོར་བཟའ་ནི་ཨིན་ཟེར་བ་ཅིན། སེམས་ཅན་འོང་པའི་ཟེར་བ་ཅིན་ ནོར་གྱིས་སྐད་རྐྱབ། དེ་ལས་ གནམ་མེད་ས་མེད་ བྱེལཝ་ལངས་ དེ་བསྒང་ ཁྱོད་ནོར་རྫིཔ་ རིག་པ་སྒྲིམ་དགོ་ཟེར་ སླབ་ནི་ཅིག་ཡང་ཡོད་ལགས། ང་བཅས་ཀྱི་ ཕམ་ཚུ་གིས་ དེ་སྦེ་གསུངས་ཏེ་ སྡོད་ཅི་ལགས།
    Like that also they used to do it parents used to say. Like that now if cattle is going to eat. If animal is coming then cattle is going to shout. Then they will create many cases and during that time if you the herder should be very careful it used to say like that also. Our parents used to say like that.
  • བསོད་ནམས་རྡོ་རྗེ་ Sonam Dorji
    གཞན་ག་ནི་ཡང་མེད་ད་ འ་ནཱེམ་ཅིག་རང་ཨིན་པས་མེན་ན་ལགས།
    There is no other thing to say now only this much.