Skip to main content Skip to search
25 Aug 2018
7 min 34 sec
Rating
0
No votes yet
Video Overview
Creators: 
Yeshi Wangchuk

 

Show More

  • ལྷ་དབང་དོན་གྲུབ་/Lhawang Dendup: ངེའི་མིང་འདི་ ལྷ་དབང་དོན་གྲུབ་ ཏེ་ང་ར་ཏེ་ ཨུ་ར་གི་ རྒཔོ་བགྲེསཔ་སྦེ་ ཕྱག་ཞུ་ཡི་ཟེར་ ཞུ་ནི་ཨིན། ད་ལྟོ་ ལཱ་ཟེར་རུང་ ག་ནི་མེད་ མི་གནགཔ་སྦེ་ ཕྱག་ཞུ་དོ་ཟེར་ ཞུ་ནི་ཨིན།
  • ལྷ་དབང་དོན་གྲུབ་/Lhawang Dendup: ཏེ་དང་པ་རང་ ཏེ་ སངས་རྒྱས་ཤ་མུ་གི་སྐོར་ལས་ ཞུཝ་འདྲཝ་ཅིག་འབད་བ་ཅིན་ ཏེ་ད་རེས་ཀྱི་འདི་ སངས་རྒྱས་ཤ་མུ་གི་ དུས་སྟོན་འདི་ ཐེངས་ ༥ པ་ བརྩི་སྲུང་ཞུཝ་ཨིན་ཟེར་ ཞུ་ནི་ཨིན།
  • ལྷ་དབང་དོན་གྲུབ་/Lhawang Dendup: འདི་ད་ ཐེངས་དང་པ་འདི་ དུས་ནམ་ལས་ འགོ་བཙུགས་ཡི་ཟེར་བ་ཅིན་ ཏེ་དབྱིན་ལོ་ ༢༠༠༨ ཀྱི་སྐབས་ལུ་ འགོ་བཙུགས་ཡི་ཟེར་ ཞུ་ནི་ཨིན།
  • ལྷ་དབང་དོན་གྲུབ་/Lhawang Dendup: དེ་ཡང་ འགོ་བཙུགས་དགོ་མི་ གནད་དོན་དེ་ཡང་ ཏེ་དང་པ་ཏེ་ དབྱིན་ལོ་ ༢༠༠༨ འདི་ཏེ་ ག་ར་གིས་ ཀུན་གྱིས་མཁྱེན་ས་དང་ གཟིགས་ས་ཨིན་ཟེར་ ཞུ་ནི་ཨིན། དེ་ཡང་
  • ལྷ་དབང་དོན་གྲུབ་/Lhawang Dendup: ཏེ་ང་བཅས་ར་ འབྲུག་རྒྱལ་ཁབ་ནང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་གི་ ཏེ་ཁྲི་མངའ་གསོལ་བའི་ དུས་སྟོན་གཅིག་ དེ་ལས་ གཉིས་པ་འདི་ ཏེ་མི་ལོ་བརྒྱ་ (རྒྱལ་བརྒྱུད་མི་ལོ་བརྒྱ་) འཁོར་བའི་དུས་སྟོན་
  • ལྷ་དབང་དོན་གྲུབ་/Lhawang Dendup: གསུམ་པ་འདི་ རྒྱལ་ཁབ་ནང་ ཏེ་དམངས་གཙོ་གི་རིང་ལུགས་ འགོ་བཙུགས་བའི་གི་འབདཝ་ད་ རྟེན་འབྲེལ་གསུམ་ རྟགས་མཐུན་ཏེ་གིས་སྦེ་
  • ལྷ་དབང་དོན་གྲུབ་/Lhawang Dendup: ཏེ་འགོ་བཙུགས་བཙུགསཔ་ཨིན་ཟེར་ ཞུ་ནི་ཨིན། ཏེ་འ་ནཱེ་ འབད་ནི་དེ་གིས་ ཏེ་ང་བཅས་ ཨུ་ར་རྒེད་འོག་ནང་ལུ་ དེ་བསྒང་ ང་ར་རྒཔོ་སྦེ་ ཕྱག་ཞུཝ་ད་ལུ་
  • ལྷ་དབང་དོན་གྲུབ་/Lhawang Dendup: ཏེ་ད་རྒེད་འོག་ནང་ ག་ཅི་འབད་ནི་ཟེར་ མནོ་བ་ཅིན་ མི་སེར་ཚུ་དང་ བསྟུན་གྲོས་འབདཝ་ད་ལུ་ཏེ་ མི་སེར་གྱིས་ ཏེ་དུས་སྟོན་ཅིག་ ང་བཅས་ལ་མཐོ་ས་གི་ མི་སེར་འདི་ཚུ་ལུ་ ཕན་ཐོགས་ཤོས་ར་ཏེ་
  • ལྷ་དབང་དོན་གྲུབ་/Lhawang Dendup: ཨ་ནཱི་ ཤ་མུ་ལུ་བརྟེན་ཏེ་ དངཔ་ཅིག་ ཏེ་ཨུ་ར་རྒེད་འོག་གི་ མི་སེར་འདི་ ཏེ་ཀེ་བ། གཉིས་པ་ སྒོ་ནོར། གསུམ་པ་འདི་ ཤ་མུ་ལུ་བརྟེན་སྡོད་མི་འབད་ནི་དེ་གིས་ ཏེ་མི་སེར་གྱིས་ སླབ་ཨིན་པས།
  • ལྷ་དབང་དོན་གྲུབ་/Lhawang Dendup: དེ་བསྒང་ ཤ་མུ་གི་ དུས་སྟོན་ཅིག་ བརྩི་སྲུང་ཞུ་འདྲཝ་ཅིག་འབད་བ་ཅིན་ ཏེ་ང་བཅས་ར་ ནཱ་ཨུ་ར་ལུ་ ཏེ་ཤ་མུ་གི་རིགས་ཏེ་ཡུདཔ་ཅིག་ འེ་་་བཟའ་བཏུབ་དང་ མ་བཏུབ་འབདཝ་ད་ལུ་ ༦༠ ལྷགཔ་ཅིག་
  • ལྷ་དབང་དོན་གྲུབ་/Lhawang Dendup: ཏེ་ཡོད། འདི་ནང་ལུ་ ཏེ་ བཟའ་བཏུབ་པའི་རིགས་ ཕར་ལུ་ སྟོན་བཏུབ་ཅིག་དང་ གཉིས་ཟེརཝ་ད་ བཟའ་མ་བཏུབ་པའི་ ག་ཅི་ཨིན་ན་ ཏེ་འབྲུག་རྒྱལ་ཁབ་ཀྱི་ མི་སེར་ག་ར་ལུ་ གོ་བ་སྤྲོད་ནི་དང་
  • ལྷ་དབང་དོན་གྲུབ་/Lhawang Dendup: གཉིས་ཟེརཝ་ད་ལུ་ ང་བཅས་ར་ མི་དབང་མངའ་བདག་རིན་པོ་ཆེ་ལུ་ མི་ལོ་ བརྒྱ་འཁོར་བའི་ དུས་སྟོན་དང་འབྲེལ་ཏེ་གིས་སྦེ་ ཏེ་དེ་བཟུམ་མའི་ ལས་རིམ་ཅིག་ འགོ་བཙུགས་ཚུགས་པ་ཅིན་ མནོ་སྟེ་སྦེ་ འགོ་བཙུགས་བཙུགསཔ་ཨིན་ཟེར་ ཞུ་ནི་ཨིན།
  • ལྷ་དབང་དོན་གྲུབ་/Lhawang Dendup: ཏེ་འ་ནཱེ་སྦེ་ནི་དེ་གིས་ ཏེ་ད་རེས་འབདཝ་ད་ ཐེངས་ ༥ པ་ཨིན། ད་ཧེ་མ་གི་འདི་ གཙོ་བོ་ར་དམིགས་ཡུལ་འདི་