Skip to main content Skip to search
01 Sep 2018
2 min 28 sec
Video Overview
Creators: 
Duptho

There were three different ridges just above Changmi village each consist of three different local deities and the name of the ridges are Chorphug, Thongphug and Dungphug, each of the ridges were worshiped by different villages in the under Shongphu community. The Changmi people worship to Dungphug and it is owned by a spirit called Dragpa Wangdi. The shape of his residence resembles like angular ritual cake that was painted with red color. The other two deities were worshiped by other villages under the same community. 

 

༉ འབྲུག་རྒྱལ་ཁབ་ཀྱི་ས་གནས་ག་ཏེ་ཡང་སྐྱེས་ལྷ་ཟེར་ བསྟེན་སྲོལ་ཡོད་དོ་བཟུམ་སྦེ་ བཀྲ་ཤིས་སྒང་འཆང་མི་གཡུས་ཚན་ལུ་ཡང་ གཡུས་ཚན་གྱི་ལྟག་ལུ་ སྤོ་ཏོ་གསུམ་ཡོད་མི་དེ་ཁར་ གཡུས་ལྷ་རེ་རེ་གནས་ཏེ་ཡོདཔ་སྦེ་བཤད་དོ་ཡོདཔ་ཨིན། སྤོ་ཏོ་ཚུ་གི་མིང་དེ་ཡང་ ཅོར་ཕུ་ མཐོང་ཕུ་ དུང་ཕུ་ཟེར་སླབ་དོ་ཡོདཔ་ད་ གོང་རྩི་ཕང་མ་དང་ དགའ་གླིང་པ་ཚུ་གིས་སྐྱེས་བཙན་འདི་ མཐོང་ཕུ་བསྟེན་དོ་ཡོདཔ་བཞིན་དུ་ འཆང་མི་པ་ཚུ་གིས་འབད་བ་ཅིན་ དུང་ཕུ་གནས་བདག་བཙན་དྲེགས་པ་དབང་འདུས་དེ་བསྟེན་དོ་ཡོདཔ་མས། དུང་ཕུ་བཙན་གྱི་ཕོ་བྲང་དེ་ཡང་ དམར་གཏོར་གྱི་དབྱིབས་བཟུམ་སྦེ་ཟུར་གསུམ་འབད་དེ་ཡོདཔ་ད་ དེ་ཁར་བཙན་དྲེགས་པ་དབང་འདུས་ཟེར་མི་འདི་གནས་སྟེ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ཕྱག་ནུ Chanu
    ཏེ་ ད་ ང་གིས་དོན་ཚན་བཞི་པ་ནང་ལུ་ཞུ་སྟེ་འབད་བ་ཅིན་ ང་བཅས་འཆང་མི་གིས་ སྐྱེས་ལྷ་འདི་གིས་སྐོར་ལས་ཞུ་ནི། མ་གཞི་ལས་ ང་བཅས་ཀྱི་ གཡུས་ཁ་ལུ་ ཕུག་འདི་མིང་གསུམ་ཡོད་ཟེར་ཞུ་ནི། ཡར་གི་ཕུག་མཐོ་ཤོས་ ཡར་གྱི་མིང་འདི་སྐྱོར་ཕུག་ཟེར་ཞུ་དོ།
    In chapter four, I would like to narrate about birth god of changmi. We have three hills in our village with different names.the upper most hill is named chorphug.
  • ཕྱག་ནུ Chanu
    ཨ་ནཱི་འོག་ལས་ཀྱི་འདི་ མཐོང་ཕུག་ཟེར་ ཏེ་ མིང་མཐོང་ཕུག་ཟེར་ཞུ་དོ། ཏེ་ མཐོང་ཕུག་འདི་ ད་ལྟོ་ ང་བཅས་ གཅིག་འདི་ ང་བཅས་ད་ལྟོ་ ཁོ་སྐྱེས་བཙན་འདི་ཁོ་བསྟེན་ནི་མེད་ཟེར་ཞུ་ནི། ཁོ་དགོངས་ཙེ་འཕངས་མ་དང་ ཏེ་ རོགས་ དགའ་གླིང་ཚུ་གིས་འདི་ ཁོ་ལུ་ སྐྱེས་བཙན་འདི་ ངོ་མ་མཐོང་ཕུག་ཨིན་མས་ཟེར་ཞུ་ནི།
    The people of Gongsu Phangma and Galing worship and venerate the middle hill by name Thongphu even thought the the people of Chagmi doesn’t.
  • ཕྱག་ནུ Chanu
    ང་བཅས་ཀྱི་འདི་ ད་ མར་གདུང་ཕུག གདུང་ཕུག་བཙན་གྲགས་པ་དབང་འདུས་ཟེར་མི་འདི་ ང་བཅས་ཨ་ནཱ་ ག་ཅི་སྦེ་བསྟེན་ཡི་ཟེར་བ་ཅིན་ ཁོ་འདི་འབད་བ་ཅིན་ ང་བཅས་ཀྱི་ ས་ཕྱོགས་འབད་བ་ཅིན་ བཟོ་རྣམ་འབད་བ་ཅིན་ དམར་གཏོརམ་ཡོད་ཟེར་དོ་བཟུམ་ བཟོ་རྣམ་འབད་བ་ཅིན་ ཨ་ནཱི་བཟུམ་ཅིག་ཡོད་ ཟེར་ཞུ་ནི་ཨིན།
    The lower hill worshiped by Changmipas is called Dungphug Tsendrag as the shape of the hill resember the shape of Religious cake with side angles.
  • ཕྱག་ནུ Chanu
    ང་བཅས་ཀྱི་ བཙན་གྱི་ཕོ་བྲང་འདི་ ཏེ་ ཁོ་གི་མཚན་འདི་གྲགས་པ་དབང་འདུས་ཟེར་ གྲགས་པ་དབང་འདུས་ཟེར་ཞུ་དོ་ཟེར་ཞུ་ནི། ཏེ་ ད་ ཁོ་འདི་གཞན་གྱི་བསྟེན་ནི་མེད། ང་བཅས་འཆང་མི་པ་རྐྱངམ་ཅིག་ཨིན། ད་ལྟོ་ང་བཅས་འཆང་མི་ལས་འགྱོ་སྟེ་ འགྱོ་ཞིནམ་ལས་ཡར་ ཏེ་ རོགས་བུམོ་དང་བུཚ་ཚུ་གིས་ སྐར་ཆ་ ༡༥ དེ་ཅིག་ལུ་ ཁོ་གི་ཕོ་བྲང་ལུ་ལྷོད་འོང་ཟེར་ཞུ་ནི།
    The deity that resides in his palace is called Dragpa Wandi and is not venerated and worship by others except changmipas. by walk,young boys and girls takes only fifteen minutes to reach his palace.
  • ཕྱག་ནུ Chanu
    ཏེ་ ད་ ཨ་ཙི་རེ་ཨ་ཙི་འགྱོ་མ་ཚུགསཔ་རེ་ ཨ་ལོ་ཚུ་ཨ་ནཱི་བཟུམ་ཡོད་པ་ཅིན་ ཏེ་ སྐར་ཆ་ ༢༠ དང་ ༣༠ གི་བར་ན་འགོར་དོ་ཟེར་ཞུ་ནི། ཏེ་ ད་ ང་བཅས་འཆང་མི་པ་ཚུ་ [དུག་པོ་བཙན་] གྲགས་པ་དབང་འདུས་བཙན་ལུ་བསྟེན་དགོ་མི་ ག་ཅི་ལས་བསྟེན་ཨིན་ན་ཟེར་བ་ཅིན་ ཉེ་འདབ་ལུ་ ཨ་ནཱི་ནང་ལས་ཡང་ ཁོ་ལྷ་དྲང་པོ་གི་ཡ་མཚན་ཆེ་ཏོག་ཏོག་འབད་དེ་ བྲག་ཅིག་སྦེ་ནི་དེ་གིས། བྲག་ལུ་འབད་དེ། ཁོ་གི་ཕོ་བྲང་ བྲག་ལུ་ཡོད་ནི་དེ་གིས་ ང་བཅས་བཙན་འདི་ ཁོ་ལུ་བསྟེན་དོ་ཟེར་ཞུ་ནི། བཀྲིན་ཆེ་ལགས།
    It takes maximum of 20 to 30 minutes for few slow walking people. The reason for changmipas to worship and venerate Dugpotsen is that he is wrathful and as his palace is attached to the wonder cliff. Thank you.