Video Overview
Dargo from Yarbi village discusses various medicinal herbs in what is now considered Gasa Dzongkhag. He describes the location of medicinal water sources and their benefits. Gasa Tshachu (hot spring) can cure numerous diseases, and the area is also home to other medicinal waters (Menchu), each of which with its own uses for medical treatment. For example, the Gama menchu cures facial pimples, Baken menchu cures tuberculosis, and Yam menchu can cure Sinusitis.
མགར་ས་རྫོང་ཁག་ནང་ སྨན་ཆུའི་རིགས་མ་འདྲཝ་ལེ་ཤ་ཡོད་པའི་སྐོར་ལས་ ཡར་སྦིས་གཡུས་ཚན་ལས་ དར་མགོ་གིས་ ལོ་རྒྱུས་བཤདཔ་ཨིནམ་ད་ ཁོ་གིས་ སྨན་ཆུ་འདི་ཚུ་ ག་ཏེ་དང་ག་ཏེ་ར་ཆགས་ཏེ་ཡོདཔ་ཨིན་ནའི་ས་གནས་དང་ ལོ་རྒྱུས་ཚུ་སླབ་མས། མགར་ས་རྫོང་ཁག་འདི་ སྤྱིར་བཏང་མགར་ས་ཚ་ཆུ་ལུ་བརྟེན་ ས་གནས་འདི་གནམ་མེད་ས་མེད་ ཡོངས་གྲགས་ཐོན་ཡོདཔ་ད་ ཚ་ཆུའི་འཐའ་འཁོར་ལུ་ ནད་རིགས་མ་འདྲཝ་ཚུ་ དྲག་ཚུགས་པའི་ སྨན་ཆུ་མ་འདྲཝ་ལེ་ཤ་ཅིག་ཆགས་ཏེ་ཡོདཔ་ཨིན། དཔེ་འབད་བ་ཅིན་ སྒ་མ་སྨན་ཆུ་འདི་གིས་ གདོང་གུ་དྭངས་བྱེམ་དང་ བད་ཀན་གྱི་ནད་གཞི་ འདི་ལས་ཡམས་ནད་འདི་ཚུ་ དྲགས་ཚུགསཔ་ཨིན་མས།
- Goenshari
- Punakha
- དར་སྒོ་ཏེ་ད་ སྨན་ཆུ་ཚུ་ ཨ་ནཱི་ད་ཅི་ཨྱོན་གུ་རུ་གིས་ ཏེ་སྨན་གྱི་རྐྱལ་ཅུང་ཁ་ཕྱེ་གཏོར་མི་ཚུ་ ཏེ་ས་ཕྱོགས་ག་ཏེ་ག་ཏེ་ཁྱབ་ཡོད་ག་ འ་ནཱི་ཚུ་ ཏེ་ང་གསལ་ཏོག་ཏོ་སྦེ་ཞུ་ནི་ཟེར་ཞུ་ནི་སྦེ་ཨིན་ལགས།
- དར་སྒོ་ཏེ་ད་ ཧེ་མ་ར་སྦོ་ལོགས་ཁར་ག་ཡོད་ཟེར་བ་ཅིན་ ད་སྦོ་ལོགས་ཁ་ལུ་ ཏེ་ང་བཅས་ར་ཨ་ནཱི་ སྒ་མ་སྨན་ཆུ་ཟེར་མི་འདི་ཡོད་ལགས། སྒ་མ་སྨན་ཆུ་ཟེར་འདི་ ག་ཏེ་ལྷོང་ཡོདཔ་མོ་ཟེར་བ་ཅིན།
- དར་སྒོ་དང་ཕུ་སྒོ་ར་སྒོ་རྙིངཔ་འདི་གི་མར་འོག་ལུ་ ཏེ་ཚྭ་ཆུ་གི་སྦོ་ལོགས་ཁ་ར་སྒ་མ་ཤིང་གི་ཚང་ནང་ཡོད་ཟེར་ཞུ་ནི། ཏེ་སྒ་མ་ཤིང་གི་ཚང་ནང་འབད་ནི་འདི་གིས་མི་ཚུ་གིས་ ཏེ་སྨན་ཆུའི་མིང་ཡང་སྒ་མ་སྨན་ཆུ་ཟེར་བཏགས་སྦེ་འབད་ ཏེ་འ་ནཱི་སྦེ་འདུག་ཟེར་ཞུ་ནི་ལགས།
- དར་སྒོ་ཏེ་ད་སྨན་ཆུ་འདི་གིས་ ག་ཅི་དང་ག་ཅི་ལུ་དྲགཔ་སྨོ་ཟེར་བ་ཅིན་ ཏེ་ང་བཅས་ར་ གདོང་དྭངས་བྱིམ་ཟེར་ ཏེ་གདོང་ནཱི་བཟུམ་སྤོ་རོ་ཐོནམ་མི་ཚུ་ཡང་སང་ཚུགས་པས་ དེ་ལསན་ལྐོདམ་ན་མི་འདི་ཚུ་ཡང་དྲག་ཚུགས་པས་ཟེར་ཞུ་ནི་ལགས།
- དར་སྒོ་ཏེ་འ་ནཱ་ལས་འབད་ དེ་ལསན་ ད་ཚུར་ང་བཅས་ར་མངའ་བདག་རིན་པོ་ཆེ་གི་མགྱོན་ཁྱིམ་གྱི་ ཏེ་སྒོ་ར་ཁ་གི་སྦོ་ལོགས་ཁ་ལུ་ ཏེ་ད་རུང་སྤྱ་ཚ་ཆུ་ཟེར་མི་ཅིག་ཡོདཔ་ཨིན་ལགས། ཏེ་ཨ་ནཱི་སྤྱ་ཚྭ་ཆུ་འདི་ ག་གི་བཏོན་བཏོནམ་སྨོ་ཟེར་བ་ཅིན་ ཏེ་སྤྱ་འདི་ཚུ་གིས་བཏོན་བཏོནམ་མས་ཟེར་ཞུ་ནི།
- དར་སྒོ་ཏེ་སྤྱ་འདི་ཚུ་གིས་་་་ ལུ་ ཏེ་འབྲུམ་ནད་ཟེར་མི་འདི་ན་ནི་ཡོད་ནི་འདི་གིས་ ཏེ་ད་ཁོང་གིས་འ་ནཱི་བཏོན་སྦེ་འབད་ ཏེ་སྤྱ་འདི་ཚུ་ འ་ནཱ་སྦང་ཡི་སྦང་ཡི་འབད་སྦེ་ ཏེ་དྲག་དྲགཔ་འབད་ནི་འདི་གིས་ ཏེ་ད་རེས་ནངས་པར་ང་བཅས་ར་ མི་འབྲུམ་ནད་ན་མི་ཚུ་ ཁྲག་འབྲུམ་གི་ན་ཚ་ན་མི་ཚུ་ ཏེ་འ་ནཱ་ལས་དྲག་ཚུགས་པས་ཟེར་ཞུ་ནི་ལགས། ཏེ་ང་བཅས་ར་མི་རྒསཔ་ ཚ་ཏ་ཚིགས་ཏོ་ན་སྐེདཔ་ན་འབད་མི་ཚུ་ ག་ར་འ་ནཱ་ལས་དྲག་སྦེ་བྱོནམ་མས་ཟེར་ཞུ་ནི་ལགས།
- དར་སྒོ་ཏེ་འ་ནཱ་ལས་འབད་ ད་ཡར་ཨ་ཙི་ཙི་ཡར་ ཧེ་མ་སྒོ་ར་སྒོ་རྙིངཔ་གི་ལྟག་ལུ་འགྱོཝ་ད་ མགར་ས་གི་ལམ་གྱི་སྦོ་ལོགས་ཁ་རང་ཡོད་ཟེར་ཞུ་ནི་ལགས། དེ་བསྒང་དང་ཕུ་གི་ལམ་གྱི་སྦོ་ལོགས་ཁ་རང་ཡོད་ ཏེ་ཡམ་གྱི་སྨན་ཆུ་ཟེར་ཞུཝ་ཨིན། འ་ནཱི་འདི་ ཏེ་ད་ཡམ་ཟེརཝ་ད་ ག་དེ་འབད་སྨོ་ཟེར་བ་ཅིན་ ང་བཅས་ར་ལྷ་པ་བསུབ་ ཏེ་ལྷ་པ་(གཡའ་མུ་ཚ་མུ་འཐབ་?) དེ་ལསན་ལྐོལམ་ན་ འ་ནཱི་སྦེ་སྡོད་མི་ལུ་ ཏེ་དྲག་ཚུགས་པས་ ཟེར་ཞུ་ནི་ལགས།
- དར་སྒོ་དེ་ལས་ཨ་ནཱི་གི་ལྟག་ལུ་ང་བཅས་ར་བད་ཀན་སྨན་ཆུ་ཟེར་ ཏེ་ད་རེས་ནངས་པར་མི་ཚུ་གིས་འགྱུར་བཅོས་འབད་སྦེ་ བེར་སྨན་ཆུ་ཟེར་ཡང་ སླབ་ཨིན་མས་ལགས། ཏེ་མ་པ་མིང་ངོ་མ་འདི་ བད་ཀན་སྨན་ཆུ་ཟེར་ ཏེ་ཁ་ནང་བད་ཀན་གྱི་རྨ་འདི་ཚུ་ཐོན་སྦེ་འབདཝ་ད་ དྲག་ནི་གི་སྨན་ཆུ་ཨིན་མས་ ཟེར་ཞུ་ནི་ལགས།
- དར་སྒོ་ཏེ་འ་ནཱ་ལས་འབད་བའི་ཤུལ་ལསན་ ཏེ་ད་ཚ་ཆུ་ལས་འབད་བརྩི་བ་ཅིན་ ང་བཅས་ར་ གཱན་ཏྲ་(ཆུ་ཚོད་)གཉིས་དེ་ཅིག་ དུས་ཡུན་འ་ནཱིམ་ཅིག་གི་ས་སྒོ་ནང་ལུ་ ཏེ་(སྟོང་ཀེ་?)སྨན་ཆུ་ཟེར་ གཅིག་ཆགས་ཏེ་ཡོད་ལགས། ཏེ་འ་ནཱི་(སྟོ་ཀེ་?)སྨན་ཆུ་འདི་གིས་ ག་ཅི་དྲགཔ་སྨོ་ཟེར་བ་ཅིན་ ཏེ་འདི་གིས་ང་བཅས་ར་ཁྲག་ཤུགས་ཡོད་མི་ཚུ་ ཁྲག་ཤུགས་མར་ཕབ་ནི་ མགུ་ཡུ་འཁོར་འ་ནཱི་བཟུམ་སྦེ་སྡོད་མི་ཚུ་ནད་ཞི་ཚུ་དྲགས་པས་ ཟེར་ཞུ་ནི་ལགས།
- དར་སྒོ་དེ་ལས་འ་ནཱི་གི་འོག་ལུ་མར་ བཟའ་མེད་ཐང་ཟེར་ས་ བཟའ་མེད་སྨན་ཆུ་ ཟེར་སླམ་ཨིན་ལགས། བཟའ་མེད་ཐང་ནང་ལུ་འ་ནཱི་བཟའ་མེད་སྨན་ཆུ་འདི་གིས་ ག་ཏེ་ཧོང་ཆགས་ཏེ་ཡོད་ཟེར་བ་ཅིན་ ད་སྣུམ་འཁོར་ལམ་ལས་འབད་བ་ཅིན་ སྣུམ་འཁོར་ལམ་གི་འོག་ལུ་རང་ཡོད་ ཟེར་ཞུ་ནི་ལགས།
- དར་སྒོ་ཆོས་རྟེན་ཅིག་གི་ལྟག་ལུ་ སྣུམ་འཁོར་ལམ་གི་འོག་ལུ་ ཚ་ཆུ་ལས་འབད་བ་ཅིན་ ལྷོདཔ་ཅི་གཱན་ཀྲ་(ཆུ་ཚོད་)ཕྱེད་ཀ་ ལྷག་འཚམས་ཅིག་གི་ལམ་ནང་ཡོད་ཟེར་ཞུ་ནི་ལགས། ཏེ་འ་ནཱི་སྨན་ཆུ་འདི་གིས་ག་ཅི་དྲགཔ་སྨོ་ཟེརན་ ཏེ་ང་བཅས་ར་མི་ ད་མི་རྒསཔ་འདི་ཚུ་པུ་མོ་ན་ སྦེ་འབད་ ཏེ་སྡོད་མི་ཚུ་ལུ་ འ་ནཱི་རྡོ་བཙོ་རྐྱབ་སྦེ་འབདཝ་ད་ པུ་མོ་ན་མི་འདི་ཨ་ནཱ་དྲག་ཚུགས་པས་ ཟེར་ཞུ་ནི་ལགས།
- དར་སྒོ་དེ་ལསན་ ཨ་ནཱ་ལས་འབད་ ཏེ་ད་ཡར་ འ་ནཱི་གུ་རུ་སྨན་ཆུ་འདི་ ག་ཏེ་ཧོང་སྨོ་ཟེར་བ་ཅིན་ ཏེ་ང་བཅས་ར་ད་ཅི་ཞུ་མི་ (སྟོ་ཀེ་?)སྨན་ཆུ་གི་ཨ་ཙི་ཡར་ལྟག་ལུ་ སྤང་ནང་ར་ཡོད་ ཟེར་ཞུ་ནི་ལགས། ཏེ་འ་ནཱི་གིས་འདི་ ཏེ་ད་གྲིབ་འདི་ག་ཅི་དགཔ་ཨིན་ན་མི་ཤེས་པས་ གྲིབ་དག་ནི་གི་སྨན་ཆུ་ཨིན་མས་ ཟེར་ཞུ་ནི་ལགས། ཏེ་ང་བཅས་ར་གྲིབ་ཕོགཔ་ འབད་མི་ཚུ་ག་ར་ འ་ནཱ་ལུ་ ཏེ་མགུ་ཏོ་འཁྱུ་ གཟུགས་བཤལ་སྦེ་ འ་ནཱ་བྱོནམ་མས་ཟེར་ཞུ་ནི།
- དར་སྒོ་དེ་ལས་འ་ནཱ་ལས་འབད་ ཏེ་ད་ཚ་ཆུ་ལས་འབད་བརྩི་བ་ཅིན་ ཞབ་སི་དགོན་བ་ཟེར་མི་འདི་ ཏེ་ཡུབ་ཅི་ཚྭ་ཆུ་ལས་འབདན་ གན་ཊྲ་གཉིས་དེ་ཅིག་ དུན་གན་ཊྲ་གཉིཤ་དེ་ཅི་གི་ས་གོ་ནང་ཨིན་མས་ཟེར་ཞུ་ནི་ལགས། འ་ནཱི་ཡང་གྲིབ་བདག་ནི་གི་ཨིན་མས་ཟེར་ཞུ་ནི། ཏེ་འ་ནཱི་ག་གི་སྒྲུབ་ཆུ་འདི་གི་གྲིབ་ག་ཅིག་རང་ཕོགཔ་རུང་བདག་ཚུ་འབད་ཟེར་ཞུ་ནི་ལགས།
- དར་སྒོ་ཏེ་འ་ནཱ་ལས་འབད་ད་རུང་ཡང་ དུས་ཡུན་འདི་ད་ལས་ ཚ་ཆུ་ལས་འབད་བརྩི་བ་ཅིན་ ད་ཨིན་ནི་འདི་ལམ་འདི་གཅིག་ཨིན་ དེ་འབདཝ་ད་ལུ་ (ཨེ་ཀེ་?)སྨན་ཆུ་ཟེར་ ཏེ་ཡར་ཡུདཔ་ཅིག་ ལ་ཁ་བ་ལུ་སུ་ལུ་གི་ཚང་ནང་ར་འགྱོ་དགོ་པས་ ཟེར་ཞུ་ནི་ལགས།
- དར་སྒོ་འ་ནཱི་ཅིག་གི་ས་སྒོ་ནང་ལུ་ ཏེ་ནཱ་ལས་འབད་དུས་ཡུན་རྩིས་འབད་བ་ཅིན་ ཡུདཔ་ཅིག་ཆུ་ཚོད་ ནཱ་ལས་ཡར་ལྷོད་ལྷོད་བར་ན་ཡུདཔ་ཅིག་ གཱན་ཏྲ་(ཆུ་ཚོད་)གསུམ་དེ་ཅིག་འགོར་ནི་མས་ལགས། འ་ནཱིམ་ཅིག་གི་ས་སྒོ་ནང་ལུ་ ཏེ་ཨ་ལོ་འདི་ཚུ་གླེན་གོ་འགྱོ་ ཁ་འཐོན་མ་ཚུགས་སྦེ་འབདཝ་ད་ ཏེ་དྲག་ནི་གི་སྨན་ཆུ་ཅིག་འདུག་ཟེར་ཞུ་ནི་ལགས། འདི་སྨན་ཆུ་གི་མིང་ཡང་ཧེ་ཀེ་སྨན་ཆུ་ཟེར་ འ་ནཱི་སྦེ་སླབ་མས་ལགས།
- དར་སྒོ་དེ་ལསན་ད་རུང་ནཱ་ཚ་ཆུ་ལས་འབད་བྱོནམ་ད་ལུ་ཡར་ ད་རུང་གྲིབ་དག་ནི་གི་སྨན་ཆུ་ཅིག་འདུག་ལགས། འདི་མཁའ་འགྲོ་སྨན་ཆུ་ཟེར་ ཏེ་མིང་ཡང་མཁའ་འགྲོ་སྨན་ཆུ་ཟེར་སླབ་མས། ཏེ་རོགས་ འ་ནཱི་ལྷ་ཆགས་སྦེ་སྡོད་མི་ཚུ་གིས་ ཏེ་འ་ནཱ་ལུ་ཨ་རྟག་རང་གྲིབ་བཤལ་བར་ འ་ནཱ་ལུ་བྱོནམ་མས་ ཟེར་ཞུ་ནི་ལགས།
- དར་སྒོ་ཏེ་འ་ནཱ་ལས་འབད་ད་རུང་ ད་ནཱ་ཚ་ཆུ་ལས་འབད་བརྩི་བ་ཅིན་ ང་བཅས་ར་རྐངམ་གིས་འགྱོ་བ་ཅིན་ དུས་ཡུན་གཱན་ཏྲ་(ཆུ་ཚོད་)ཕྱེད་ད་གཉིས་དེ་ཅིག་འགོར་འོང་ལགས། ཏེ་ད་རེས་ནངས་པར་འདི་ད་སྣུམ་འཁོར་ལམ་ཐལ་ནི་འདི་གིས་ ཏེ་ལ་ཡག་ལུ་སྣུམ་འཁོར་ལམ་འདི་ སྦོ་ལོགས་ཁ་ར་བཏོན་ཏེ་འདུག་ ཟེར་ཞུ་ནི་ལགས། སྨན་ཆུ་དཀར་པོ་ཟེར་ ཏེ་ད་འ་ནཱི་སྨན་ཆུ་འདི་གིས་ཡང་ ཏེ་གྲིབ་དག་ནི་གི་ཨིན་མས་ ཟེར་ཞུ་ནི་ལགས།
- དར་སྒོ་དེ་ལསན་ ད་རུང་ནཱ་ལས་ཡར་ དུས་ཡུན་འདི་འདྲན་འདྲ་ཨིན་མས་ ཏེ་འ་ནཱི་གི་མར་འོག་ལུ་ ཏེ་རྨ་གི་སྨན་ཆུ་ཟེར་ གློཝ་གི་སྨན་ཆུ་ཟེར་སྨན་ཆུ་གཉིས་འདི་ འ་ནཱ་ཡུདཔ་ཅིག་སྦོ་ལོག་ཁ་སྦེ་རང་ཡོད་ཟེར་ཞུ་ནི་ལགས།
- དར་སྒོ་ཏེ་རྨ་གི་སྨན་ཆུ་འདི་གིས་ག་ཅི་དྲགཔ་སྨོ་ཟེར་བ་ཅིན་ ཕོཝ་ནང་རྨ་ཡོད་མི་ཚུ་དྲག་པས་ ཟེར་ཞུ་ནི་ལགས། ཏེ་དེ་ལསན་ གློཝ་གི་སྨན་ཆུ་འདི་གིས་ ཏེ་ང་བཅས་ར་གློཝ་གི་ན་ཚ་ གློ་འབར་ནི་ དེ་ལས་བུང་འགམ་ནི་ འ་ནི་ཚུ་ག་ར་ ཏེ་འ་ནཱི་བཞེས་པ་ཅིན་སངས་ཚུགས་པས་ ཟེར་ཞུ་ནི་ལགས།
- དར་སྒོ་འ་ནཱ་ལས་མར་འབད་འབདཝ་ད་ལུ་ ཏེ་ད་ ད་རུང་བྱ་རྒོད་སྨན་ཆུ་ཟེར་ ཚ་ཆུ་ལས་འབད་བ་ཅིན་དུས་ཡུན་ཡུདཔ་ཅིག་ མི་ཎཌ་(སྐར་མ་)གསུམ་ཅུ་དེ་ཅིག་གི་ས་སྒོ་ནང་ལུ་ འ་ནཱིམ་ཅིག་ནང་ལུ་ ཏེ་བྱ་རྒོད་སྨན་ཆུ་ཟེར་ དང་ཕུ་རོགས་བྱ་རྒོད་གིས་བཏོན་བཏོནམ་ཨིན་ཟེར་མས་ལགས། ཏེ་ད་རེས་ནངས་པར་བྱ་རྒོད་སྨན་ཆུ་ཟེར་ དར་དགོ་མི་འདི་འ་ནཱི་ཨིན་མས་ལགས།
- དར་སྒོ་ཏེ་བྱ་རྒོད་འདི་ ཡར་དང་ཕུ་འ་ནཱི་ཤ་རོགསཔ་ཚུ་གིས་ཤ་བདའ་སྡོདཔ་ད་ ཤ་གི་ནང་ལུ་གྱི་ཅུང་བཙུགས་བཞགས་སྦེ་འབད་ ཏེ་བྱ་རྒོད་འདི་གསད་ནི་སྦེ་ འ་ནཱི་སྦེ་བཞགསཔ་ད་ལུ་ བྱ་རྒོད་འདི་འཕུར་འོངམ་ད་ ཤ་འདི་བཟའ་བར་འོངམ་ཨིན་ཟེར་ ཤ་འདི་ཟཝ་ད་ ཏེ་གྱི་ཅུང་འདི་ལྐོལ་མར་གསོབ་སྦེ་འབད་ ཏེ་ཡར་ལས་མར་སྨན་འཚོལ་ཏེ་འོངམ་ད་ ཏེ་འ་ནཱི་ཁར་བྱ་རྒོད་སྨན་ཆུ་འདི་ཡོདཔ་ཤེས་ཏེ་ ཏེ་ཁོ་ར་གིས་འ་ནཱི་ཁར་བཏོན་སྦེ་འབད་ ཏེ་ཞག་ཁལ་གཅིག་གཅིག་ལངམ་ད་ ཏེ་གི་ཅུང་འདི་ག་ར་བཞུ་སྦེ་ཡར་སོངཔ་ཨིན་ཟེར།
- དར་སྒོ་ཏེ་ཨ་ནཱི་སྨན་ཆུ་འདི་ཡང་རྩ་ཆེ་ཏོག་ཏོ་འབད་ར་རྩིསཔ་མས་ ཟེར་ཞུ་ནི་ལགས། ལགས་སོ། །ཏེ་ད་ང་གིས་ཤེས་མི་ཟེར་རུང་ འ་ནཱིམ་ཅིག་རང་ཨིན་མས།། །།