Skip to main content Skip to search
01 Sep 2018
5 min 15 sec
Video Overview
Creators: 
Sherig Dentshog

The southern Bhutanese Nepali speaking population has a specific belief system. They live in harmony with the surroundings, the rivers and lakes. They maintain an intimate relationship and attachment to the Isthan site where teen Karniya Devi was believed to be resided. The belief in the Isthan site came into being a long time ago and stopped the sacrificing of animals while seeking blessing from this place. The people come and perform a ritual on this isthan site, when they do not receive rainfall or generally in times of suffering. If they do not perform the ritual, farmers would face an ill fate in the work they do. Whenever one undergoes a harsh situation, people go there to seek blessings to secure their protection and ensure fertility, security and productivity.

ལྷོ་མཚམས་པ་ཚུ་གི་ ཡིད་མོས་བསྐྱེད་ཐངས་རིམ་ལུགས་ཅིག་ཡོདཔ་ཨིན་མས། ཁོང་ཚུ་ གཙང་ཆུ་དང་ མཚོ་གི་མཐའ་སྐོར་ཏེ་ཡོད་པའི་ས་གནས་ཚུ་ནང་ གཞི་ཆགས་ཏེ་སྡོདཔ་ཨིན་མས། ཀར་ཡ་ན་དེ་བཱི་འདི་ས་གནས་འདི་ཁར་གནས་ཆགས་ཏེ་ཡོད་པའི་ ཡིད་ཆེས་བསྐྱེདཔ་ལས་ ཁོང་ཚུ་གི་ཨིས་ཐཱན་ས་གནས་འདི་ རྒྱུན་སྐྱོང་དང་ བདག་འཛིན་འཐབ་དོ་ཡོདཔ་ཨིན། ཧེ་མ་ལས་རང་ ཁོང་ཚུ་གི་ དབང་དང་ དངོས་གྲུབ་ཞུ་བའི་སྐབས་ སེམས་ཅན་ཚུ་སྲོག་བཅད་འབད་ནི་མི་འོང་ཟེར་བའི་ཡིད་ཆེས་བསྐྱེདཔ་ཨིན་མས། ཁོང་ཚུ་གི་ ཆརཔ་དུས་ཚོད་ཁར་མ་རྐྱབ་པ་ཅིན་ ས་གནས་འདི་ཁར་འགྱོ་སྦེ་ རིམ་གྲོ་དང་ ཆོ་ག་བཏངམ་ཨིན་མས། གལ་སྲིད་ རིམ་གྲོ་མ་བཏང་པ་ཅིན་ ལཱ་འབད་བའི་སྐབས་ རྐྱེན་དང་ བར་ཆད་འབྱུངམ་ཨིན་མས། མི་ཚུ་ལུ་ དཀའ་ངལ་དང་ སྟབས་མ་བདེཝ་ནམ་འབྱུངམ་ཅིག་ ས་གནས་འདི་ཁར་འགྱོ་ཞིནམ་ལས་ ཁོང་རའི་དཀའ་ངལ་སེལ་འཐབ་ཀྱི་དོན་ལུ་ གསོལཝ་བཏབ་ཨིན་མས།

Transcript search
No results found for this search
0 of 0
  • པཱལ་མན་སཱུ་རེན་མང་གཱར་ Paul Man Surang Manga
    ཧེ་མ་འབདན་དི་ཝི་ཨིསི་ཐཱན་འདི་ནཱ་བཞུགས་ནུག་ དེ་གིས་སྦེ་ སྦོ་ལོགས་ཁར་ལུ་མཚོ་ཅིག་ཡང་ཆགས་ཏེ་ཡོད་ དེ་འབདཝ་ད་ཤུལ་ལས་ མཚོ་འདི་སྐམ་ཡར་སོང་ཡི། འདི་ནང་ང་བཅས་ཀྱིས་ ཏིན་ཀཱར་ནི་དི་ཝི་བརྩི་སྟེ་ ལོ་ ༡༡༠ ཡར་སོང་ནུག་ འདི་ཡང་རྒཔོ་བུ་ར་ཐོ་ཀི་གི་སྐབས་ལས་ བརྩི་ནི་འགོ་བཙུགས་ནུག།
    Long ago our Devi Isthan located here had lake nearby and it got dried afterwards. Then we started devoting to teen Karniyi Devi, who’s isthan is here and Hindu community, since Ex-Gup Burathoki we started believing this place as isthan and it is now almost 110 years.
  • པཱལ་མན་སཱུ་རེན་མང་གཱར་ Paul Man Surang Manga
    ཧེ་མ་འབདན་ཨིསི་ཐཱན་འདི་གསོལཝ་ད་ བྱ་དང་ར་བསད་དེ་སྦེ་ བརྩི་སྲུང་ཞུཝ་ཨིན། དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ བསད་ནི་ཚུ་སྤང་ད་ཡི། ད་དཀར་མཆོད་སྦེ་གསོལཝ་ཨིན་པས།
    At beginning when we started devoting to this isthan, we used to sacrifice hens, goats and then as a time changed, we discussed the matter regarding our religion about how we should be done or practiced and we agreed not to sacrifice. We even agreed to do it according to Ved.
  • པཱལ་མན་སཱུ་རེན་མང་གཱར་ Paul Man Surang Manga
    ཆརཔ་ཚུ་དུས་ཚོད་ཁར་རྐྱབ་ནི་མེད་པའི་སྐབས་ལུ་ཡང་ ནཱ་འོང་ཞིནམ་ལས་ གསོལཝ་བཏབ་ད་ ཆར་ཆུ་འབབ་ནི་ཡོད་ དེ་བཟུམ་སྦེ་ ན་ཚ་ཕོག་པའི་སྐབས་ལུ་ཡང་ གསོལ་ཁ་ཚུ་ཕུལ་ཏེ་འབད་བ་ཅིན་ བདེ་སྐྱིད་ཚུ་འབྱུང་ནི་ཡོད་ དེ་འབདཝ་ལས་ ཕམ་ཚུ་གི་མཛད་ཤུལ་འདི་ལུ་ཡིད་ཆེས་བསྐྱེད་དེ་ ད་ལས་ཕར་རང་འབད་རུང་ འཕྲོ་མཐུད་དེ་རང་གསོལཝ་བཏབ་ནིའི་རེ་བ་ཡོད་ དེ་གིས་རང་གི་ལམ་སྲོལ་ཚུ་བདག་འཛིན་འབད་བཞག་ཚུགས་ནི་མས།
    When we don’t receive rainfall, we come here and pray. We do receive rainfall then. And in time of suffering we do get peace by making offering here. Therefore, we still believe what our forefather did. And my wish is to continue doing this, so that our culture and believe is preserved.
  • པཱལ་མན་སཱུ་རེན་མང་གཱར་ Paul Man Surang Manga
    ང་བཅས་ཀྱིས་ གསོལ་ཁ་ཚུ་མ་ཕུལ་བ་ཅིན་ ང་བཅས་ལུ་གནོད་འོང་ དེ་འབད་ནི་དེ་གིས་ ང་བཅས་ཀྱི་འདི་ལུ་དད་པ་དང་ཡིད་ཆེས་ཡོད། དི་ཝ་ཨིསི་ཐཱན་ཟེར་རུང་རང་གི་དད་པ་འདི་ཨིན། དད་པ་ཡོད་པ་ཅིན་ལྷ་འདི་ ག་ཏེ་ཡང་ཡོད་ དེ་འབད་ནི་དེ་གིས་ ང་བཅས་རའི་ཕམ་ཚུ་གིས་ དད་པ་འདི་བསྐྱེད་ཡོདཔ་ལས་ ང་བཅས་ཚུ་གིས་ཡང་ དད་པ་བསྐྱེད་ཡི།
    If we don’t perform ritual here, farmers here would face ill-fate in work they do. And we believed and devoted so long before. Though it is called Devi isthan, the main thing is our faith. God prevail if faith prevails and god is absent in absence of faith. And we do believed in Teen-karnia Devi as it was believed since our forefather.
  • པཱལ་མན་སཱུ་རེན་མང་གཱར་ Paul Man Surang Manga
    འཕྲལ་འཕྲལ་ར་ཆརཔ་མ་རྐྱབ་ད་ ང་བཅས་ཚུ་ནཱ་འོང་སྟེ་ གསོལ་ཁ་ཕུལཝ་ཨིན། དེ་མ་ཚད་གཡུས་ཁ་ལུ་ སྒྲིབ་ཕོགཔ་ལ་སོགས་པའི་ ངན་པའི་རྟགས་མཚན་རེ་བྱུང་པའི་སྐབས་ལུ་ཡང་ ནཱ་འོང་སྟེ་གསོལ་ཁ་ཕུལཝ་ཨིན།
    Sometimes we get no rainfall and has to undergo harsh situation, so that’s when we come here to seek blessing and sometimes when we dirty village the ill fate befalls on us. So we again turn here to make everything right by praying before this Isthan.
  • དཔོན་ཆེ་ལ་ penchela
    ནཱ་གི་འདི་དི་ཝི་འདི་ག་ཅི་བཟུམ་ཅིག་སྨོ?
    What kind of devi isthan is here?
  • པཱལ་མན་སཱུ་རེན་མང་གཱར་ Paul Man Surang Manga
    ཏིན་ཀཱར་ནི་དི་ཝི།
    It is Devi Isthane for Teen-karnia Devi.
  • དཔོན་ཆེ་ལ་ penchela
    ཏིན་ཀཱར་ནི་དི་ཝི? ཨ་ནཱི་ཏིན་ཀཱར་ནི་དི་ཝི་ཟེར་མི་འདི་ག་ཅི་བཟུམ་ཅིག་སྨོ?
    What is teen karnia devi actually.
  • པཱལ་མན་སཱུ་རེན་མང་གཱར་ Paul Man Surang Manga
    ཏིན་ཀཱར་ནི་དི་ཝི་གི་བཤད་པ་ལེ་ཤ་ཡོད་ ལྷ་ཤི་བཱ་གིས་ སཱཏ་ཏེ་ཡ་དི་ཝི་ཟེར་མི་འདི་ མེ་ནང་བཙུགས་རུང་མེ་གིས་མ་འཚིགསཔ་ལས་ དེ་ལས་ ལྷ་ཝིཤཱ་ནུ་གིས་ མེ་གིས་འཚིགས་མ་བཏུབ་མི་གཟུགས་འདི་ རུལ་བཅུག་ནིའི་ཐབས་ཤེས་བཏོན་པ་ལས་ འདི་ནང་སཱཏ་ཏེ་ཡ་དི་ཝི་གི་ རུ་ཏོ་ཡོད་འབད་བརྩིཝ་ཨིན་པས། དེ་འབད་ནི་དེ་གིས་ ང་བཅས་ད་ལྟོ་ས་གོ་འདི་ན་ལུ་ གསོལ་ཁ་ཕུལཝ་ཨིན།
    There is long story behind Teen-karnia Devi. Shiva put Satya Devi inside the fire but couldn’t be burnt. After that lord Vishnu did something to rot the unburned body of Satya Devi. And we believe here the bone of Satya Devi has fallen and even did Shaman say so. So we started devoting this place.