Skip to main content Skip to search
28 Aug 2018
2 min 9 sec
Video Overview
Creators: 
Sonam Chophel, Dawa Tshering

༉  ང་བཅས་ར་འབྲུག་པའི་མི་སེར་ཆ་མཉམ་ རྣམ་རྟོག་དང་ཡིད་ཆེས་ལུ་ གནམ་མེད་ས་མེད་ བརྩི་མཐོང་བསྐྱེད་མི་ཅིག་འབདཝ་ལས་ རྒྱལ་ཁབ་ཀྱི་ས་གནས་ཐདམ་ཐད་ཁ་ལས་ཕར་ རང་སོའི་ལམ་ལུགས་དང་རྣམ་རྟོག་གི་སྒོ་ལས་ དུས་སྟོན་ལེ་ཤ་ཅིག་ར་འགོ་འདྲེན་འཐབ་སྲོལ་ཡོད། ནཱི་བཟུམ་སྦེ་ ལ་ཡག་གི་གཡུས་ཚན་ནང་ཡང་ ཨ་ལུ་འབྲང་སྐྱེ་ནི་ཡོད་པའི་ཨམ་སྲུ་ཚུ་ གཡུས་ཁ་ལུ་མ་བཞག་པར་བཏོན་བདའ་ནི་གི་ལམ་སྲོལ་ཡོདཔ་ད་ ཁོང་གི་སེམས་ཁར་ ཨ་པ་བཏོན་ནི་མེད་པའི་ཨ་ལུ་སྐྱེ་བ་ཅིན་ སྤྱིར་བཏང་གི་མི་དང་ ལྷག་པར་དུ་ གཡུས་ཁའི་ལྷ་དང་ཀླུ་བཙན་གཞི་བདག་ཚུ་ལུ་ གྲིབ་ཕོག་སྟེ་གཡུས་ཁ་ལུ་གནོད་ནིའི་ཉེན་ཁ་ཡོདཔ་ལས་ ཨམ་སྲུ་འདི་ཨ་ལོ་མ་སྐྱེས་ཚུན་ཚོད་ཀྱི་རིང་དང་ སྐྱེས་ཚར་ཞིནམ་ལས་ཡང་ ཉིན་གྲངས་ ༡༠ དེ་ཅིག་གི་རིང་ སྔོན་ཞབས་དྲུང་མ་བྱོན་པའི་ས་གནས་ནང་བཞག་དགོཔ་ཨིན་མས། ཏེ་ཉིན་གྲངས་བཅུ་ཐམ་གྱི་རྒྱབ་ལས་ གྲིབ་བསང་ནིའི་དོན་ལས་ བསང་དང་ཁྲུས་གསོལ་འབད་ཞིནམ་ལས་རྐྱངམ་ཅིག་ གཡུས་ཁ་འོང་ཆོག་དོ་ཡོདཔ་ད་ ནཱི་བཟུམ་གྱི་རྣམ་རྟོག་ལས་བརྟེན་ ཨམ་སྲུ་ལེ་ཤ་ཅིག་ལུ་ དཀའ་ངལ་བྱུང་ནུག

Every region of the country has their own customs as Bhutanese people adhere to all sorts of different traditions. Similarly, the Laya community had a tradition of expulsion. They believed that unmarried women who conceive a child, may defile the community because local deities would curse it. These women were thrown out of the village and had to stay in a place where Zhabdrung had never gone (i.e. a place that is not sacred or blessed). The woman would go there right before the delivery of the child and then stay there for ten days. Afterwards a cleansing ceremony had to be performed so that the woman could return to the village. Such a culture had brought much suffering to women in the community.

Transcript search
No results found for this search
0 of 0
  • བསྟན་འཛིན། Tenzin ཨ་ལགས་ དེ་ལས་ང་བཅས་ར་གི་ནཱ་ལུ་ ང་བཅས་ར་གི་ལ་གོང་གསུམ་ལུ་ མ་འདྲཝ་ཟེར་མི་ཅིག་ཡོད་ཟེར་བ་ཅིན་ ག་ཅི་སྨོ་ཟེར་བ་ཅིན། ང་བཅས་ར་གི་ ཏེ་ཨམ་སྲུ་འདི་སྐྱེས་ དེ་ནང་ལས་གཉེན་རེ་རྐྱབ་སྟེ་སྦེ་ ཏེ་གཉེན་དེ་གི་ཕོ་རྒྱ་གིས་ ཨམ་སྲུ་འདི་བཀོ་བཞག
  • བསྟན་འཛིན། Tenzin ཨམ་སྲུ་འདི་ ཨ་ལོ་སྐྱེ་ནི་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ ཕོ་སྐྱེས་འདི་ན་ལུ་མེདཔ་བཟུམ་ཅིག་འབད་བ་ཅིན་ ང་བཅས་ར་གི་གཡུས་ལྷ་འདི་གིས་ མ་བཏུབ་པ་ལུ་བརྟེན་ཏེ་གིས་ ཁ་ལ་ཁ་གོང་གསུམ་འབད་ཞིན་ན་ལས་ ཏེ་ཁོང་ར་ནཱ་ གཡུས་འདི་ནང་ ང་བཅས་ར་གི་ཁྱིམ་ཚང་དེ་ཚུ་ལུ་ ཕར་ཚུར་འགྱོ་ནི་འདི་ཕར་ར་བཞག
  • བསྟན་འཛིན། Tenzin རང་གི་ཁྱིམ་ནང་ཡང་སྡོད་ནི་མེད་པར་ ཨ་ལོ་སྐྱེ་ཅིག་སྐྱེ་གཉིས་ཁར་ལྷོད་པའི་བསྒང་ལས་ ང་བཅས་ར་མར་ gate (མཛུལ་སྒོ)ཞབས་དྲུང་གིས་བྱོན་མ་བཏུབ་པའི་ས་ཅིག་ཡོད། འ་ནཱི་གི་མཇུག་ལུ་བརྟེན་ཏེ་གིས་ ཨ་ལོ་སྐྱེས་ཞིན་ན་སྦེ་ རང་གི་ཁྱིམ་ནང་ དོ་རུང་ཡང་ ལྷ་བསང་བཏང་ ག་ར་རྫོགས་རུང་རྫོགས་སྦེ།
  • བསྟན་འཛིན། Tenzin ཞག་བཅུ་ཐམ་དེ་ཅིག་ ཡར་ལོག་མི་སྟེར་ ཁྱིམ་ནང་འོང་མ་བཏུབ་པར་སྡོད་པའི་དུས་ཚོད་ཅིག་ཡོད། ད་དེ་མིན་པའི་གི་དོ་རུང་ང་བཅས་ར་གི་ གཡུས་ཁ་གི་མི་གིས་ ང་བཅས་ར་གི་ནཱ་ བུ་ཅིག་གིས་བཀྲག་མ་ཤིསཔ་འབདད་དེ་གིས་སྦེ་ ཨམ་སྲུ་ཅིག་ལུ་ཨ་ལོ་བཟོ་བཞག་བཞགཔ་ཡོདཔ་འདྲཝ་ཅིག་འབད་བ་ཅིན།
  • བསྟན་འཛིན། Tenzin ཨ་ལོ་འདི་ ད་མར་ལས་ཕར་ སྤུ་ན་ཁ་འབད་ ཐིམ་ཕུ་འབད་རུང་ ནཱ་མེད་པར་བྱོག་ཡར་སོང་ ཨམ་སྲུ་འདི་ཨ་ལོ་འཁོར་ཆི་བ་ཅིན། ང་བཅས་ར་གི་ནོར་བྱང་ས་ལས་ཕར་འགྱོ་ས་ཅིག་རུང་ ནོར་ཡང་བུ་ར་ཤིག་བཏགས་ཤི་དགོ་པའི་ལམ་ཅིག་ཨིན།
  • བསྟན་འཛིན། Tenzin དེ་ལསན་ དེ་ནང་ན་གཡུས་ཚན་ནང་ན་ཡང་ མ་པ་ལས་རང་སྡོད་ནི་མེད་པར་ ང་བཅས་ནཱ་[ཁ་ལ་ག་ ཅི་ལས་འབདན་ ང་བཅས་ཁ་ལ་ག་?] ཨམ་སྲུ་ཁུངས་ག་ནི་ཡང་མེད་ ག་ར་ཨ་ནཱི་བཟུམ་སྦེ་ཨིན། གཅིག་ལས་འབད་བ་ཅིན་ ང་བཅས་ནཱ་གི་འདི་ འ་ནི་བཟུམ་སྦེ་བཟོ་བ་ཅིན་ ལོ་གཅིག་ལུ་ལྟོ་མ་ཐོབ་ རོགས་འབད་ས་འགྱོ་ནི་མེད་ ལཱ་འབད་ནི་མེད་ འ་ནཱི་དཀའ་བ་དཔག་ཏུ་མེད་པ་སྤྱད་དེ་གིས་སྦེ་ ང་བཅས་ལུ་སྡུག་བསྔལ་ཟེར་རུང་ འཁོར་བ་འཁྱམས་ཟེར་རུང་ འ་ནཱི་བཟུམ་ཅིག་འབད་ནི་གི་ལུགས་སྲོལ་ཅིག་ཡོད་ ཟེར་ཞུ་ནི་ཨིན་ལགས།། །།