Video Overview
Monk Dorji Wangdi of Beyling Village narrates the history of the annual Belying Tshechu in Trongsa. According to him, Bely Tshechu came into existence when the temple was built in the village, which was consecrated in the Male Wood Tiger Year (1954). During that time villagers performed many dances such as the Dance of Male and Female Yamantaka, the Dance of Handsome Men and Beautiful Ladies, the Dance of Beating Drums, Boar Dance and the Lord of Death Dance.
༉ ཀྲོང་གསར་རྫོང་ཁག་ གླང་མཐིལ་རྒེད་འོག་ གཡུས་སྦེ་གླིང་ལས་ དགེ་སློང་རྡོ་རྗེ་དབང་འདུས་ཀྱིས་ བ་/སྦེ་གླིང་ཚེས་བཅུའི་སྐོར་ལས་བཤད་དེ་ཡོདཔ་ཨིན། ཁོ་གིས་འབད་བ་ཅིན་ གཡུས་ཚན་སྦུག་ལུ་ ལྷ་ཁང་ཅིག་བཞེངས་པའི་རྟེན་འབྲལ་ལུ་ སྦེ་གླིང་ཚེས་བཅུ་འདི་འགོ་བཙུགས་གནང་གནངམ་ཨིན་ ཟེར་བཤདཔ་ཨིན་མས། ལྷ་ཁང་དེ་ སྤྱི་ལོ་ ༡༩༥༤ གནམ་ལོ་ཤིང་ཕོ་སྟག་ལོ་ནང་བཞེངས་ཚརཝ་དང་ཅིག་ཁར་ དགའ་སྟོན་དང་རབ་གནས་ཡང་མཛད་གནང་ནུག དགའ་སྟོན་དེའི་སྐབས་ལུ་ གཤིན་རྗེ་ཡབ་ཡུམ་གྱི་འཆམ་དང་ ཕོ་ལེགས་མོ་ལེགས་ རྔ་འཆམ་དང་ གཤིན་རྗེའི་འཆམ་ཚུ་རྐྱབ་དོ་ཡོདཔ་མས། དེ་ལས་འགོ་བཟུང་ ལོ་ཨ་རྟག་ར་བརྩི་སྲུང་ཞུཝ་ལས་ མིང་ཡང་ སྦེ་གླིང་ཚེས་བཅུ་ཟེར་ དར་ནུག
- Trongsa
- རྡོ་རྗེ་དབང་འདུས་/ Dorji Wangdi:ང་བཅས་སྦས་གླིང་ཚེས་བཅུ་གི་སྐོར་ལས་ ཏེ་ནཱ་ཞུ་འདྲཝ་ཅིག་འབད་བ་ཅིན། དང་པ་རང་ང་བཅས་ནཱ་སྦས་གླིང་གི་གཡུས་ཚན་གྱི་སྦུག་ལུ་ ལྷ་ཁང་གཅིག་བཞེངས་སྦེ་ཞིནམ་ལས་ འདི་གི་དགའ་སྟོན་བཟུམ་ཅིག་འབད་ ཧེ་མ་རང་ ཏེ་ཁོང་གི་འཆམ་འ་ནཱི་ཁ་ལས་འགོ་བཙུགསཔ་ཨིན་མས། ནམ་འགོ་བཙུགས་ཅི་ག་ཟེར་བ་ཅིན་ ཏེ་དབྱིན་ལོ་སྤྱི་ལོ་༡༩༥༤ ཤིང་སྟག་ལོ་ལུ་ དེ་ལས་ཁོང་གི་ལྷ་ཁང་དེ་བསྒྲུབས་ཞིན་ན་ སྒྲུབ་སྟོན་འབད་འགོ་བཙུགས་བཙུགསཔ་ཨིན་མས། ཨ་ནཱ་ལས་ཕར་ཁོང་ཕམ་དེ་ཚུ་གིས་ཏེ་འགོ་བཙུགས་ཞིན་ན་ ཏེ་བཀོ་མ་བཞག་པར་ ད་རེས་ནངས་པ་བཙུགས་སྲོལ་ཡོད་མི་གི་ཚེས་བཅུ་འདི་ དེ་ལུ་བརྟེན་ཏེ་ཨིན།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་འབདཝ་ད་ ད་རེས་ནངས་པ་ག་དེམ་ཅིག་ཡར་སོ་ཡི་ཟེར་བ་ཅིན་ ལོ་དྲུག་ཅུ་རེ་གཅིག་ འ་ནཱིམ་ཅིག་ཡར་སོངཔ་ཨིན་མས། དུས་ཅི་གིས་འབདཝ་ད། དེ་འབདཝ་ད་ དེ་ཁ་ལུ་ ཏེ་འཆམ་འདི་ གར་འཆམ་འདི་ ག་ཅི་གི་ཧོང་ལས་གནངམ་སྨོ་ཟེར་བ་ཅིན་ ང་བཅས་བོད་ལུ་འབད་བ་ཅིན་ ལྷ་ལུང་གི་གྲྭ་ཚང་ལྟར་དུ་འབད་ ང་བཅས་ནཱ་ ཧེ་མ་ཡང་ནེ་སྦེ་བཙུགས་སྲོལ་ཡོདཔ་ལས་བརྟེན་ཏེ་སྦེ་ ད་ལྟོ་ནཱ་ལྷ་ལུང་གི་གར་འཆམ་འདི་ ནཱ་གནངམ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་འབདཝ་ད་ ང་བཅས་ཉིནམ་གསུམ་ བཙུགས་སྲོལ་ཡོད་ ཚེས་བཅུ་འདི། ཉིནམ་གསུམ་འབདཝ་ད་ དང་པ་ར་ ཉིནམ་དང་པམ་ལུ་ དང་པ་དང་པ་ག་ཅི་འབད་དགོ་ཟེར་བ་ཅིན་ ང་བཅས་ནཱ་བགེགས་བསྐྲད་ནི་ཡོད་ཟེར་ཞུ་ནི། དེ་འབདཝ་ད་ བགེགས་བསྐྲད་དེ་ མ་བསྐྲད་པ་ཅིན་ ང་བཅས་འཆམ་གྱི་ མཆོག་ཐུན་མོང་གི་དངོས་གྲུབ་འདི་ ང་བཅས་ར་ལུ་འཐོབ་མ་བཅུག་པར་ ཁོང་བགེགས་འདི་ཚུ་འཇུག་ཞིན་ན་ ཏེ་ནང་གི་དངོས་གྲུབ་ཕྱིར་འགྱོ་ནི་གི་ ཏེ་གནད་དོན་ཡོདཔ་ལས་བརྟེན་ཏེ་སྦེ་ བགེགས་བསྐྲད་དགོ་པའི་གནད་དོན་འདི་ དེ་ལས་བརྟེན་ཏེ་ཨིན། དེ་འབདཝ་ད་ གིང་བཞི་འབད་ ཁོང་ ཏེ་བགེགས་བསྐྲད་པའི་སྐབས་འདི་ལུ་ གིང་བཞི་གི་འཆམ་ཅིག་བཙུགས་ནི་ཡོད།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་གི་རྟིང་ཤུལ་བདའ་སྟེ་ ཨ་རྒས་གཅིག་འཐོན་ནི་ཡོད། ཨ་རྒས་འདི་ ཏེ་འཐོན་དགོ་པའི་གནད་དོན་ག་ཅི་སྨོ་ཟེར་བ་ཅིན་ དང་པ་ར་ ང་བཅས་ནཱ་ ཏེ་ས་ཆགས་གནམ་ཆགས་སྐབས་ལུ་ མི་མ་པ་སྤུ་ལས་རང་མེདཔ་ལས་བརྟེན་ཏེ་སྦེ་ ཏེ་རོགས་ཡར་ལྷའི་གཡུས་ལས་ ལྷ་བརྒྱ་བྱིན་དབང་པོ་གི་སྲས་ ལྷ་ཚངས་པ་ ལྷ་ཚངས་པ་གི་སྲས་ ལྷ་དབང་ཕྱུག་ཆེན་པོ་ འ་ནཱི་གིས་ ཡར་ལྷའི་གཡུས་ལས་ ང་བཅས་འཇིག་རྟེན་ལུ་གཟིགསཔ་ད་ ཏེ་ས་སྟོངམ་སྦེ་གཟིགསཔ་ལས་བརྟེན་ཏེ་སྦེ་ ཏེ་ཁོང་ར་གཉིས་ ཏེ་ལྷ་བརྒྱ་བྱིན་དབང་པོ་དང་ ང་བཅས་ལྷ་དབང་ཕྱུག་ཆེན་པོ་གཉིས་ གསུང་གྲོས་མཛད་ཞིནམ་ལས་ མར་ལུ་ས་སྟོངམ་ཅིག་ཨིན་མས། ང་མར་འགྱོ་དགོ་པས་ཟེར།
- རྡོ་རྗེ་དབང་འདུས་/ Dorji Wangdi:གནད་དོན་འ་ནཱི་ལས་བརྟེན་ཏེ་སྦེ་ ཡར་ལས་མར་ ལྷ་དབང་ཕྱུག་ཆེན་པོ་ནཱ་འཇིག་རྟེན་ལུ་བྱོན་ཏེ་ ཏེ་ལོ་བརྒྱ་གཅིག་འགྱོ་རུང་ གནས་སྐབས་ག་ནི་ཡང་མ་མཐོང་པར་ ས་སྟོངམ་འབད་ནི་དེ་གིས་ ཏེ་ལོག་སྟེ་ར་ཡར་ལྷ་དབང་ཕྱུག་ཆེན་པོ་ ལྷ་བརྒྱ་བྱིན་དབང་པོ་ལུ་ཞུཝ་ད་ ཁྱོད་ར་མཁའ་འགྲོ་ལུ་གསོལཝ་བཏབ་ཟེར་ ཡར་ལས་བཀའ་གནངམ་ལས་བརྟེན་ཏེ་སྦེ་ ཏེ་འ་ནཱི་ཨ་རྒས་འདི་གིས་ ཏེ་ཡར་ ལྷ་མཁའ་འགྲོ་གི་ཡུལ་ལུ་ མཁའ་འགྲོ་འདི་ཚུ་ལུ་གསོལཝ་བཏབ་ལས་བརྟེན་ཏེ་སྦེ་ ཡར་ལས་མར་ད་ལྟོ་མཁའ་འགྲོ་དེ་ཚུ་གིས་གཟིགསཔ་ད་ ཏེ་ཕོ་ལེགས་མོ་ལེགས་འཐོན་པའི་སྐབས་ལུ་ ཨ་རྒས་ཨང་རྒས་ཟེར་འཐོན་མི་གི་གནད་དོན་ ཏེ་ཡར་ལས་མར་ མཁའ་འགྲོ་གིས་གཟིགསཔ་ད་ ཁོ་ཨ་རྒས་སྦེ་མཐོངམ་ལས་བརྟེན་ཏེ་སྦེ་ ཏེ་ཡར་ལས་མར་ མཁའ་འགྲོ་དེ་ཚུ་གིས་ ཨང་རྒས་སྦེ་བྱོནམ་ཨིན་མས་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:འ་ནཱི་འབདཝ་ལས་བརྟེན་ཏེ་ ད་རེས་ནངས་པར་ ཨ་རྒས་ཀྱིས་ས་བཅགས་དགོ་པའི་གནད་དོན་འདི་ ཏེ་དང་པ་ས་སྟོང་གནམ་སྟོང་སྦེ་སྡོད་པའི་སྐབས་འདི་ལུ་ ཏེ་དང་པ་ར་ཨ་རྒས་འདི་ནཱ་ ཏེ་ལྷ་དབང་ཕྱུག་ཆེན་པོ་གི་སྤྲུལ་པ་འདི་ ང་བཅས་སའི་ས་སྟེང་ལུ་བྱོནམ་ལས་བརྟེན་ཏེ་སྦེ་ ད་ལྟོ་ ས་བཅགས་དགོ་པའི་གནད་དོན་ ཨ་རྒས་འདི་གིས་ ས་བཅགས་དགོ་པའི་གནད་དོན་འདི་ལུ་བརྟེན་ཏེ་ཨིན། དེ་འབདཝ་ད་ འདི་གི་གནད་དོན་ག་ཅི་ནང་ལས་ ས་སྟོང་གནམ་སྟོང་ག་དེ་སྦེ་ཡོད་གོ་ཟེར་བ་ཅིན་ ང་བཅས་ ཏེ་གཞུང་ཆེན་བཅུ་གསུམ་ནང་ལས་ཡང་ སྤྱོད་འཇུག་གི་ལེའུ་བཅུ་གཅིག་པའི་ནང་ལས་འཐོན་ནི་ཡོད་ ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་འདི་གི་རྟིང་ཤུལ་བདའ་སྟེ་ ང་བཅས་ལྷ་ལུང་པའི་གཤིན་རྗེ་ ཟེར་རྐྱབ་ནི་ཡོད། གཤིན་རྗེ་ཕོ་མོ་ ཏེ་ལ་ལུ་གིས་ ས་ཆགས་གནམ་ཆགས་ཟེར་ཞུ་བའི་གི་སྲོལ་ཡོད་ཟེར་ཞུ་ནི། ང་བཅས་ནཱ་ཀྲོང་སར་དང་བུམ་ཐང་གི་ཁ་ཐུག་ལུ་ ཏེ་ལ་ལུ་གིས་ ད་ཆོས་ཀྱི་ཁ་ཐུག་ལས་འབད་བ་ཅིན་ གཤིན་རྗེ་ཕོ་མོ་ཟེར་ གཤིན་རྗེ་ཕོ་མོ་ཟེར་དགོ་པའི་གནད་དོན་འདི་ ང་བཅས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ མི་དང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ག་ར་སྲོག་གཅད་ནི་གི་དོན་དག་ལུ་ གཤིན་རྗེ་ འཆི་བདག་གཤིན་རྗེ་ ཟེར་སླབ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་འབདཝ་ད་ ཏེ་དང་པ་ར་ས་བཅགས་དགོ་པའི་གནད་དོན་ ང་བཅས་མི་འབད་རུང་ སེམས་ཅན་འབད་རུང་ ང་བཅས་ར་གཅིག་ཁ་འདི་ འཆི་བདག་འདི་ རྟག་བུ་ན་བུ་གཅིག་ཁར་ཡོདཔ་ལས་བརྟེན་ཏེ་སྦེ་ ཧེ་མ་ཨའི་གི་མངལ་ལས་སྐྱེཝ་ད་ལུ་ཡང་ ཏེ་མངལ་ལུ་ཡང་ ཁོང་གི་འཆི་བདག་འདི་གཅིག་ཁར་ཡོད། དེ་ལསན་ མ་ཤི་ཚུན་ཚོད་ ང་བཅས་གཅིག་ཁར་ ཤི་སོ་རུང་ ཏེ་སྲོག་གཅད་པའི་གི་འདྲེ་འདི་ འ་ནཱི་གཤིན་རྗེ་འབདཝ་ལས་བརྟེན་ཏེ་སྦེ་ ད་ལྟོ་གཤིན་རྗེ་ཕོ་མོ་གིས་ ཏེ་ས་བཅགས་དགོ་པའི་གནད་དོན་འདི་ལས་བརྟེན་ཏེ་ཨིན་མས་ ཟེར་ཞུ་ནི་ དང་པ་ར།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་འདི་གི་རྟིང་ཤུལ་བདའ་སྟེ་ ནམ་བར་(ཨང་)གསུམ་པ་ལུ་ལྷོདཔ་ཨིན་མས། དེ་འབད་ད་ འདི་པདྨ་མ་གླིང་པ་གི་ཕག་འཆམ་ཟེར་ འདི་ཡང་ས་བཅགས་ཀྱི་ཧོངས་ལུ་ཚུདཔ་ཨིན་མས་ ཟེར་ཞུ་ནི། འདི་ཕག་འཆམ་འདི་ ག་ཏེ་ལུ་ཚུདཔ་སྨོ་ཟེར་བ་ཅིན་ དང་པ་ར་པདྨ་གླིང་པ་ ཡར་གཏམ་ཞིང་ལུ་ ས་བཅགས་ནི་གི་ཐུགས་བཞེད་གནངམ་ད་ལུ་ མཁའ་འགྲོ་རྡོ་རྗེ་ཕག་མོ་གིས་ རྣལ་ལམ་ནང་ལུ་ ཕགཔ་ཅིག་ལུ་སྤྲུལ་ཏེ་ ཏེ་ཁོང་གིས་ས་བཅགསཔ་ལས་བརྟེན་ཏེ་ ད་རེས་ནངས་པར་ པདྨ་གླིང་པ་གི་གཏེར་འཆམ་ ཏེ་རྡོ་རྗེ་ཕག་མོ་གི་གར་འཆམ་ཟེར་ཞུཝ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:འདི་པད་གླིང་གི་ཕག་འཆམ་ཟེར་ཞུཝ་ཨིན། འདི་ཡང་ས་བཅགས་ཀྱི་འཆམ་ ཏེ་ནང་གསེས་ཀྱི་དབྱེ་བ་འབད་བ་ཅིན་ བདུན་ལུ་ཁག་དབྱེ་སྟེ་སྦེ་ཡོད། དེ་འབདཝ་ད་ ཏེ་ཞུ་ནི་གི་དུས་ཚོད་ཡང་མིན་འདུག་ཟེར་ཞུ་ནི། ཏེ་ཕག་འཆམ་ཟེར་མི་འདི་ཡང་ ཏེ་པདྨ་གླིང་པ་གི་གཏེར་འཆམ་ ཡར་གཏམ་ཞིང་གི་ས་བཅགས་ཀྱི་སྐོར་ལས་ ཕག་འཆམ་གནངམ་ཨིན་མས། འདི་ཡང་ང་བཅས་ཀྱི་ནཱ་ ས་བཅགས་ཀྱི་ཧོངས་ལུ་སྦེ་ཚུདཔ་ཨིན་མས་ ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་དོན་ཚན་ལྔ་པ་ ཞྭ་ནག་རྔ་འཆམ་ཟེར་རྐྱབ་ནི་ཡོད། ཞྭ་ནག་རྔ་འཆམ་འདི་ནང་ལུ་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་ ཕྱི་ལྟར་དུ་ཞྭ་ནག་རྔ་འཆམ་ཟེར་ཞུཝ་ཨིན། ནང་ལྟར་དུ་ང་བཅས་པདྨ་གླིང་པ་གི་སྒྲུང་འཆམ་ཟེར་ཞུཝ་ཨིན། དེ་འབདཝ་ད་ འདི་སྒྲུམ་འཆམ་འབད་དགོ་པའི་གནད་དོན་འདི་ ཏེ་པདྨ་གླིང་པ་གི་གདན་ས་འདི་ ངོ་མ་ གཅིག་ཡར་འཁྲུངས་ཡུལ་འདི་ང་བཅས་ ཏེ་བུམ་ཐང་ཀུན་བཟང་བྲག་ལུ་ ཏེ་ཀུན་བཟང་བྲག་ཟེར་དགོ་པའི་གནད་དོན་འདི་ རོགས་ཀུན་བཟང་ཡབ་ཡུམ་གྱི་གདན་ས་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:ཀུན་བཟང་ཡབ་ཡུམ་གྱི་གདན་ས་འབདཝ་ལས་བརྟེན་ཏེ་སྦེ་ ཤུལ་ལས་པད་གླིང་འཁྲུངས་ཞིན་ན་ ཏེ་ལོ་བརྒྱད་དགུ་ ཏེ་དགུང་ལོ་བཅུ་ཐམ་ བཅུ་གཅིག་དེ་ཅིག་ཁ་ལུ་ ང་བཅས་ཡར་ལྷ་ལུང་གི་གྲྭ་ཚང་ནང་ལུ་ཞུ་ཞིནམ་ལས་ ཡར་ལྷ་ལུང་གི་གྲྭ་ཚང་འགོ་བཙུགསཔ་ད་ལུ་ རྟེན་འབྲེལ་ལུ་ ཏེ་ང་བཅས་ལུ་ ཏེ་ནཱ་ལས་པདྨ་གླིང་པ་གི་གར་འཆམ་ཅིག་དགོ་པས་ཟེར་ ཡར་ལས་གསོལཝ་བཏབ་བཞིན་དུ་ ཏེ་ཕྱི་རུ་རྣལ་ལམ་ནང་ལུ་ཀུན་བཟང་ཡབ་ཡུམ་གྱི་ ཏེ་ཐུགས་ཀྱི་དགོངས་པ་ ཏེ་པད་གླིང་ལུ་གསུང་གནངམ་ལས་བརྟེན་ཏེ་སྦེ་ ནངས་པ་ལས་ ཏེ་ཡར་ལྷ་ལུང་ལུ་འགོ་དང་པ་ར་ ཏེ་འགོ་བཙུགསཔ་ཨིན་མས་ ཟེར་ཞུ་ནི། འདི་ཕྱི་ལྟར་དུ་ཞྭ་ནག་རྔ་འཆམ་ ནང་ལྟར་དུ་སྒྲུང་འཆམ་ཟེར་ཞུ་མི་འདི་ གནད་དོན་ག་ཅི་ལས་བརྟེན་ཏེ་སྨོ་ཟེར་བ་ཅིན་ དང་པ་ར་ ཞྭ་ནག་གི་ཕོད་གོ་དང་སྔགས་ཆང་བཞེས་ཞིནམ་ལས་ ཏེ་རྔ་འཆམ་སྦེ་འཐོན་ནི་ཡོད་ ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:འདི་གི་ནང་ན་ལུ་ ང་བཅས་པདྨ་གླིང་པ་གི་རྔ་གིང་ ཏེ་འཐོན་ནི་ཡོད། འདི་དཔའ་བོ་དཔའ་མོ་གི་ལུགས་ལྟར་དུ་སྦེ་ ཁོང་ཞལ་འབགཔ་ ཏེ་ང་བཅས་ཀྱི་རྔ་གིང་གི་ཞལ་འབགཔ་བཞེས་ཞིན་ན་ དེ་ལསན་ཁོང་ནང་ན་དཀྱིལ་འཁོར་ ཕྱི་ལྟར་དུ་ཞྭ་ནག་རྔ་འཆམ་ ནང་ལྟར་དུ་ དེ་ལས་ ཏེ་རྔ་གིང་གི་ཚུལ་འབད་ དར་སྣས་ལྔ་ལྷ་ ཡར་ལས་[ཀྲབ་?]བཀལ་ དེ་ལསན་རྡོ་རྗེ་གོང་བཀལ་ དེ་ལསན་ཞལ་འབགཔ་འདི་ ང་བཅས་རྔ་གིང་གི་ཞལ་འབགཔ་སྦེ་བཞེས་ཞིན་ན་ ཏེ་ནང་ལྟར་དུ་འདི་དཀྱིལ་འཁོར་བཙུགསཔ་ཨིན་མས་ ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:འདི་གི་གསང་བ་ལྟར་དུ་ ཁོང་[བཀྲ་གིང་?]དཀར་ནག་གཉིས་ཟེར་མི་གཅིག་འཐོན་ནི་ཡོད། འདི་བཀྲ་གིང་དཀར་ནག་གཉིས་འདི་ ཕྱི་ཁར་དུ་བཀྲ་གིང་དཀར་ནག་གཉིས་ཨིན་མས། ནང་ལྟར་དུ་ང་བཅས་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་ ཏེ་འཁྲུལ་མེད་ཨིན་ཟེར་ཞུ་ནི། དེ་འབདཝ་ད་ ཏེ་རིམ་པང་གསུམ་སྦེ་འཐོན་ནི་ཡོད་ ཞྭ་ནག་རྔ་འཆམ་འདི་ལུ། དེ་ལསན་ཏེ་ ང་བཅས་ཀྱི་མི་འདི་ཚུ་གིས་མཇལཝ་ད་ ཞྭ་ནག་རྔ་འཆམ་སྦེ་མཇལཝ་ཨིན། ང་བཅས་ཆོས་ཀྱི་ཁ་ཐུག་ལས་ ཏེ་གསུང་པ་ཅིན་ སྒྲུང་འཆམ་ཟེར་གསུངམ་ཨིན། སྒྲུང་འཆམ་འབད་དགོ་པའི་གནད་དོན་འདི་ ནང་ན་ ཏེ་སྲས་སྲསམོ་འདི་ ཀུན་བཟང་ཡབ་ཡུམ་འབདཝ་ལས་བརྟེན་ཏེ་སྦེ་ སྒྲུང་འཆམ་ཟེར་ཞུཝ་ཨིན་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་ དྲུག་པ་ ལེའུ་དྲུག་པ་ལུ་ ནིའུ་ལིང་(ཉུལ་ལེ་)གི་འཆམ་ཟེར་ཡོད། ཏེ་ནིའུ་ལིང་(ཉུལ་ལེ་)གི་འཆམ་འདི་ དངོས་པོ་མེད་པའི་འཆམ་ཟེར་ཞུཝ་ཨིན། འདི་དངོས་པོ་མེད་པའི་འཆམ་འདི་ ཞུ་དགོ་པའི་ག་ཅི་སྨོ་ཟེར་ཅིན་ ང་བཅས་སྒྲུབ་ཆེན་སྐབས་ནིའུ་ལིང་(ཉུལ་ལེ་)བསྒྲལ་ནི་ཡོད། དེ་གིས་འབད་ ཁོང་ར་གི་སེམས་ཀྱིས་འབད་བཟོ་སྟེ་ ཏེ་ཁོང་ར་ འབྱུང་པོ་གི་དགྲ་བོ་འདི་ ཁོང་ར་གིས་ཁོང་ར་སེམས་ཀྱིས་བཟོ་སྟེ་སྦེ་ ཏེ་དངོས་པོ་མེད་པའི་གི་འཆམ་ཅིག་ཡོད། འདི་ལུ་ ཏེ་ལེའུ་ཁལ་གཅིག་དང་ལྔ་ཡོད་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:འདི་ ཏེ་གྱོན་ཆས་འདི་ཡང་ལྷ་མེད་འདྲེ་མེད་ ཏེ་འབགཔ་འདི་ཡང་སེརཔ་སྦེ་ མར་ལས་མར་ གྱོན་ཆས་འདི་ཡང་ནགཔོ་སྦེ་ སྟག་བཤམ་བཀལ་ འ་ནེ་སྦེ་གཏང་ནི་ཡོད་ཟེར་ཞུ་ནི། དེ་འབདཝ་ད་ འདི་ལུ་དངོས་པོ་མེད་ཟེར་ཞུ་ནི། ཧེ་མ་ཁོ་ར་གིས་ལེའུ་བཟོ་མི་འདི་ ལེའུ་ཁལ་གཅིག་དང་ལྔ་བཟོ་ནུག དེ་འབདཝ་ད་ ཏེ་ཁོང་ར་ སེམས་ཀྱིས་བཟོ་སྟེ་སྦེ་ དངོས་པོ་མེད་པའི་གི་འཆམ་ཅིག་ཨིན། འདི་མེད་པ་ཅིན་ ང་བཅས་སྒྲུབ་ཆེན་བཙུགས་རུང་ ནིའུ་ལིང་(ཉུལ་ལེ་)ཅིག་བསྒྲལ་ནི་མེད་པ་ཅིན་ ཏེ་འདི་སྒྲུབ་ཆེན་གྱི་སྐབས་ལུ་ མཆོག་ཐུན་མོང་གི་དངོས་གྲུབ་མི་འཐོབ་ཟེར་ཞུ་ནི། འ་ནཱི་འབདཝ་ལས་བརྟེན་ཏེ་ ད་ལྟོ་ནིའུ་ལིང་(ཉུལ་ལེ་)འདི་འཐོན་ནི་འདི་ གནད་དོན་འདི་ལུ་བརྟེན་ཏེ་ཨིན་མས་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་ལེའུ་བདུན་པ་ལུ་ ཏེ་ང་བཅས་རྒྱུག་གིང་ཟེར་འཐོན་ནི་ཡོད། རྒྱུག་གིང་འདི་ དང་པ་ཁྱུང་གིས་འགོ་བརྩམས་ཏེ་སྦེ་ ཏེ་འཐོནམ་ཨིན་མས། དེ་འབདཝ་ད་མར་ལུ་དར་སྣས་ལྔ་ལྷ་ ཡར་ཀྲབ་བཀལ་ རྡོ་རྗེ་གོང་བཀལ་ ཏེ་འ་ནཱི་སྦེ་བཀལ་ཏེ་ཡོད། དེ་འབདཝ་ད་ ཏེ་འགོ་དང་པ་འདི་ ཁྱུང་གིས་འགོ་བརྩམས་ཨིན་མས། འདི་ཁྱུང་གིས་འགོ་བརྩམས་མི་འདི་ཡང་ ཏེ་རྒྱལ་བ་ཞི་ཁྲོ་གི་ལྷ་ཚོགས་ཀྱི་ནང་ན་ལས་ ཏེ་ཁྱུང་འདི་ཡང་ ཏེ་འགོ་ཅན་ཅིག་ཨིནམ་ལས་བརྟེན་ཏེ་སྦེ་ ད་ལྟོ་ཁོང་གིས་འགོ་བརྩམས་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་ཡང་འགོ་བརྩམས་ཏེ་འཐོན་དགོ་པའི་གནད་དོན་ ང་བཅས་འབྱུང་པོ་མི་མིན་གྱི་རིགས་ ལྷ་ ཀླུ་ བཙན་ བདུད་ རྒྱལ་པོ་ ཐེའུ་རང་ འགོང་པོ་ག་ར་ ཏེ་བཀུག་ནི་གི་དོན་ཐ་ལུ་ ཁྱུང་ག་རུ་ཌ་ ཏེ་རྒྱའི་རྒྱལཔོ་ཁྱུང་ག་རུ་ཌ་འབད་ནི་འདི་གིས་ གཅིག་འདི་ལས་བརྟེན་ཏེ་ཨིན་མས། གཅིག་འདི་ལྷ་སྲིན་སྡེ་བརྒྱད་ ཏེ་བཀུག་ནི་འདི་གིས་ལཱ་འགན་འདི་ ཏེ་ཁྱུང་ལུ་ཕོགཔ་ལས་བརྟེན་ཏེ་སྦེ་ མར་རྒྱལ་བ་ཞི་ཁྲོ་གི་ལྷ་ཚོགས་ནང་ན་ལུ་ཡང་ ཁྱུང་འདི་ང་བཅས་ལྷ་སྲིན་སྡེ་བརྒྱད་ཀྱི་ ཏེ་སྙིང་ཁྲག་འཐུང་མི་ཅིག་ཨིནམ་ལས་བརྟེན་ཏེ་སྦེ་ ད་ལྟོ་རྒྱུག་གིང་འདི་ ཁྱུང་གིས་འགོ་བརྩམས་ཨིན། དེ་འབདཝ་ད་མཇུག་འདི་ཤཝ་ཨིན།
- རྡོ་རྗེ་དབང་འདུས་/ Dorji Wangdi:ཤཝ་འདི་ཡང་ ཏེ་ལྷ་སྲིན་གདུག་པ་ཅན་གྱི་ ཏེ་རྒྱལ་པོ་ཅིག་ཨིནམ་ལས་བརྟེན་ཏེ་སྦེ་ འཆམ་མཇུག་འདི་ཤཝ་གི་ཞལ་འབགཔ་བཞེས་སྦེ་ཞིན་ན་ རྒྱུག་གིང་འདི་འཐོནམ་ཨིན་མས། དེ་འབདཝ་ད་རྒྱུག་གིང་འཐོན་དགོ་པའི་གནད་དོན་འདི་ རྒྱལ་བ་ཞི་ཁྲོ་ལྷ་ཚོགས་ཀྱི་ ཨ་ནཱི་ནིའུ་ལིང་(ཉུལ་ལེ་)འདི་དངོས་པོ་མེད་པའི་གི་འཆམ་བཏང་པའི་ཤུལ་ལུ་ ནིའུ་ལིང་(ཉུལ་ལེ་)འདི་ ཏེ་ཁོང་བཀུག་ནི་གི་དོན་དག་ལུ་ བྱམས་པའི་སྒོ་ནས་བཟུང་ སྙིང་རྗེ་ཅན་གྱི་སྒོ་ནས་བསྡམས་ ཏེ་དགའ་བའི་གྲོགས་སུ་ཁྲིད་དེ་སྦེ་ ནཱ་སྦུག་ལུ་བཙུགས་ཏེ་སྦེ་ ཏེ་ཨ་ནཱི་ཧོག་ཀ་ནང་ལུ་བཙུགས་ ཏེ་ཁོང་གིས་བཀུག་སྟེ་སྦེ་ ནཱ་ཧོག་ཀ་ནང་ལུ་བཀལཝ་ཨིན་མས་ཟེར་ཞུ་ནི། རྒྱུག་གིང་གི་གནད་དོན་ འ་ནཱིམ་ཅིག་ཨིན་མས་ཟེར་ཞུ་ནི་ མདོར་བསྡུས་ཅིག་ཞུ་བ་ཅིན། ཏེ་མ་པ་ལེ་ཤ་ཞུ་བ་ཅིན་ཡོད། དེ་འབདཝ་ད་ ཏེ་ད་ལྟོ་དུས་ཚོད་མེདཔ་ལས་བརྟེན་ཏེ་སྦེ་ འ་ནཱིམ་ཅིག་ཞུ་བཞག་གེ་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་འདི་གི་རྟིང་ཤུལ་བདའ་སྟེ་ གྲི་གིང་ཟེར་འཐོན་ནི་ཡོད། གྲི་གིང་འདི་ག་ར་ མ་པ་ཨིན་རྒྱུ་འདི་མར་ [གྲ་ལྷ་ ཀྲབ་?]བཀལ་ རྡོ་རྗེ་གོང་བཀལ་ ཏེ་འ་ནཱི་སྦེ་ཨིན། དེ་འབདཝ་ད་ ཞལ་འབགཔ་འདི་ག་ར་ཁྲོ་ཞལ་ཙང་ཙ་ཨིན་ཟེར་ཞུ་ནི། ཁྲོ་ཞལ་ཙང་ཙ་འཐོན་མི་འདི་ ག་ར་ཡི་དམ་གྱི་ལྷ་ཚོགས་ ད་བཀའ་བརྒྱུད་ལྷ་དགུ་ གུར་དྲག་ལྷ་དགུ་ དེ་ལསན་ ཏེ་དྲག་དམར་ལྷ་དགུ་ དྲག་དམར་ཅན་ལྷ་དགུ་ལ་སོགས་པ་ ཡི་དམ་གྱི་ལྷ་ཚོགས་ རང་གིས་ ཏེ་འཆམ་རྐྱབ་མི་གི་ཡི་དམ་ ག་བསྒོམ་ཅིག་ འདི་ལུ་ལྷ་དགུ་དགུ་སྦེ་འབྱོནམ་ཨིན་མས། དེ་ལུ་བརྟེན་ཏེ་སྦེ་ ཡི་དམ་གྱི་ལྷ་འདི་ཚུ་ འབྱོནམ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་འབདཝ་ད་ ཡི་དམ་གྱི་ལྷ་འདི་འབྱོན་དགོ་པའི་གནད་དོན་ ཨ་ནཱི་དངོས་པོ་མེད་པའི་ཉུལ་ལེ་འདི་བསྒྲལ་ནི་གི་དོན་དག་ལུ་ འབྱོནམ་ཨིན་མས་ཟེར་ཞུ་ནི། དེ་འབདཝ་ད་ སྡང་བར་བྱེད་པའི་དགྲ་ གནོད་པར་བྱེད་པའི་བགེགས་ བར་དུ་གཅོད་པའི་རྐྱེན་ག་ར་ ཏེ་ཕར་དང་ཚུར་འབད་ཞིན་ན་ ཏེ་ཆོས་ལུ་ ཁོང་ལོག་ལྟ་བསྐྱེད་མི་དང་ དགྲ་བགེགས་གནོད་པ་བསྐྱེད་མི་འདི་ཚུ་ ཏེ་བཀུག་ཞིན་ན་ མར་ལིང་ག་གི་ཧོང་ལུ་བཙུགས་ཏེ་སྦེ་ དེ་ལས་འ་ནཱི་ གྲི་གིང་འདི་གི་ཕྱག་མཚན་རལ་གྲི་དང་ དེ་ལསན་ཐོད་པ་བསྣམས་ཏེ་སྦེ་ ཏེ་ཐོད་པ་བསྣམས་དགོ་མི་འདི་ ཁྲག་བཞེས་ནི་གི་དོན་དག་ལས་ རལ་གྲི་འདི་ཕར་བསྒྲལ་ནི་གི་དོན་དག་ལས་སྦེ་ སྙིང་ཁྲག་བཞེས་ནི་དང་བསྒྲལ་ནི་གི་དོན་དག་ལས་སྦེ་ ཁོང་ཕྱག་གཡས་པ་ལུ་རལ་གྲི་ གཡོན་པ་ལུ་ ཏེ་ཨ་ནཱི་ ཐོད་པ་བསྣམས་སྦེ་འབྱོནམ་ཨིན་མས། དེ་འབདཝ་ད་ འ་ནཱི་གིས་འབད་ ཏེ་ཨ་ནཱི་ཉུལ་ལེ་འདི་བསྒྲལཝ་ཨིན་མས་ ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་འདི་གི་རྟིང་ཤུལ་བདའ་སྟེ་ དོན་ཚན་དགུ་པ་ ལྷ་ལུང་པའི་ལྔ་གིང་ཟེར་ དེ་འབདཝ་ད་ འ་ནཱི་ ཉུལ་ལི་དང་ རྒྱུག་གིང་ གྲི་གིང་ ཏེ་ལྷ་ལུང་པའི་ལྔ་གིང་ འ་ནཱི་འདི་ཚུ་ ཁོང་བཞི་ཚངམ་ད་ ང་བཅས་པད་གླིང་གིང་གསུམ་གྱི་ཆ་ཚང་སྦེ་ ཚངམ་ཨིན་ཟེར་ཞུ་ནི། ད་འདི་པད་གླིང་གིང་གསུམ་འདི་ གཅིག་ཁར་སྦེ་རྐྱབ་དགོ་པའི་གནད་དོན་འདི་ རྒྱུག་གིང་ གྲི་གིང་ ལྔ་གིང་ ལྔ་གིང་རྐྱབ་དགོ་པའི་གནད་དོན་ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཟངས་མདོག་དཔལ་རི་ཞིང་ཁམས་ལུ་ དཔའ་བོ་དཔའ་མོ་གི་ ཏེ་ཡར་ཨོ་རྒྱན་གུ་རུ་གི་ལྷ་ཚོགས་ ཡི་དམ་གྱི་ལྷ་ཚོགས་འདི་ཚུ་ལུ་ཏེ་ ཁོང་གིས་ ཏེ་གར་གྱི་འཆམ་རྐྱབ་སྟེ་སྦེ་ དེ་ལས་མཆོད་པ་ཕུལཝ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་ལསན་ ཏེ་མཆོད་པའི་ལྷ་མོ་འདི་ཚུ་གིས་ ད་ལྟོ་གི་དགྲ་བོ་བསྒྲལ་མི་ཤ་ཁྲག་གི་ཚོགས་མེན་པར་ ཏེ་ཨོཾ་ཨཱཿཧཱུཾ་གྱིས་བདུད་རྩི་གི་བྱིན་གྱིས་བརླབས་ཏེ་སྦེ་ ཁོང་གིས་ཏེ་སྣ་མིན་སྣ་ཚོགས་ ཏེ་རྒྱ་ཆེ་བ་ དཔང་མཐོ་བ་ གནམ་མེད་ས་མེད་ ཏེ་ཚོགས་ཀྱི་འཁོར་ལོ་བསྐོར་ཞིན་ན་ ལྔ་གིང་གི་ཚུལ་འདི་ ང་བཅས་ཡར་མཆོད་པའི་ལྷ་མོ་དང་ དཔའ་བོ་དཔའ་མོ་གི་ཚུལ་སྦེ་ ཡར་ཏེ་དཀྱིལ་འཁོར་ལུ་མཆོད་པ་ཕུལ་བའི་ཚུལ་ཨིན་མས་ ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་དོན་ཚན་བཅུ་པ་ ང་བཅས་བོདཔ་ཆ་གྲུབ་ཟེར་ རྐྱབ་ནི་ཡོད་ཟེར་ཞུ་ནི། ང་བཅས་ནཱ་གི་པད་གླིང་གི་གཏེར་མ་ཨིན་མས། འདི་བོདཔ་ཆ་གྲུབ་འདི་ པད་གླིང་གི་གཏེར་མ་ག་དེ་སྦེ་ཨིནམ་སྨོ་ཟེར་བ་ཅིན་ ང་བཅས་པད་གླིང་གི་གཏེར་དང་པ་འདི་ ག་ཏེ་ལས་བཞེས་ཡི་ཟེར་བ་ཅིན་ ང་བཅས་ཡར་སྐུ་རྗེས་བྲག་ལས་བཞེས་ནུག གཏེར་གཞོང་ལྔ་འབད་མི་ཅིག་བཞེས་ནུག ཏེ་གཉིས་པ་འདི་ ཡར་ད་རུང་ར་སྐུ་རྗེས་བྲག་ལས་ སྟོན་པའི་གི་སྐུ་གཅིག་དང་ དེ་ལསན་ཕྱག་རྡོར་སྐུ་གཅིག་ དེ་ལསན་གཡུའི་ ཏེ་ནེམ་གཅིག་བཞེས་ནུག འ་ནཱི་ག་ཏེ་ཡོད་ཟེར་བ་ཅིན་ ད་ལྟོ་ཡར་བོད་ལྷ་ལུང་ལུ་ནང་རྟེན་སྦེ་ཡོདཔ་ཨིན་མས། པད་གླིང་གིས་ཡར་གནང་ཞིན་ན།
- རྡོ་རྗེ་དབང་འདུས་/ Dorji Wangdi:འ་ནཱི་རྟིང་ཤུལ་བདའ་སྟེ་ གཏེར་གཉིས་པ་འདི་ གསུམ་པ་འབདཝ་ད་ མར་ད་རེས་ནངས་པར་ ཀྲོང་གསར་ཆ་འོག་ གླང་མཐིལ་རྒེད་འོག་ ཕར་སྟག་རྩེ་ལ་ལུ་ རྟ་མགྲིན་གཏེར་མ་གཅིག་ཡོད་ཟེར་ཞུ་ནི་ པད་མ་རྟ་མགྲིན། ཏེ་འདི་གཏེར་བཞེས་པའི་སྐབས་འདི་ལུ་ ང་བཅས་ཡར་བུམ་ཐང་མར་དོག་སུམ་ མར་ ནཱ་ལས་མར་ ཆུ་སྨད་ཀྱི་ཆུ་ ཡར་ལས་མར་ལྕམ་མཁར་གྱི་ཆུ་འཛོམས་ས་ལུ་ ཆུ་གསུམ་འཛོམས་ས་ བདུད་གསུམ་འཛོམས་ས་ ཟམ་གྱི་འོག་ལུ་ བྲག་སེང་གེ་གི་བྲག་གི་ ཁའི་ནང་ལས་བཞེས་པའི་གི་ད་ལྟོ་ གཏེར་འདི་ག་ཏེ་ཡོད་ཟེར་བ་ཅིན་ ཕར་སྟག་རྩེ་ལ་ཟེར་ས་ལུ་ ད་ལྟོ་པད་མ་རྟ་མགྲིན་དངོས་སྦེ་བཞུགས་ཏེ་ཡོད།
- རྡོ་རྗེ་དབང་འདུས་/ Dorji Wangdi:འ་ནཱི་བཞེས་པའི་སྐབས་འདི་ལུ་ གཏེར་བཞེས་པའི་སྐབས་འདི་ལུ་ གཏེར་འཆམ་སྦེ་རྐྱབ་ཨིན་མས་ཟེར་ཞུ་ནི་ བོདཔ་ཆ་གྲུབ་ཟེར་མི་འདི། ཏེ་འ་ནཱི་རྐྱབ་སྦེ་ཞིན་ན་ ཉིནམ་དང་པམ་ནང་ལུ་ འ་ནཱིམ་ཅིག་གིས་འགོ་བཙུགས་ཏེ་སྦེ་མཇུག་བསྡུཝ་ཨིན་ ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་སྦས་གླིང་ཚེས་བཅུ་གི་ཉིནམ་གཉིས་པམ་ནང་ལུ་ ཁ་གསལ་མདོར་བསྡུས་ཅིག་ཞུ་ནི་ཨིན་ཟེར་ ཞུ་ནི་ལགས། ཏེ་ཉིནམ་དང་པམ་བཟུམ་སྦེ་ དང་པ་རང་བགེགས་གཏོར་གྱི་གིང་བཞི་རྐྱབ་ དེ་གཉིས་པ་འདི་ ཨ་རྒས་ཀྱི་འགོ་འཆམ་འདི་རྐྱབ། ཏེ་གསུམ་པམ་འདི་ཁ་ལུ་ལྷོདཔ་ད་ ང་བཅས་དགྲ་ལ་སྤང་བསྟོད་ཟེར་ ང་བཅས་ཨ་ཙ་ར་གི་ཆོ་ག་ཅིག་གཏང་ནི་ཡོད་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:འདི་ཨ་ཙ་ར་གི་ཆོ་ག་གཏང་དགོ་པའི་གནད་དོན། དང་པ་རང་ འདི་གི་ཕྱི་རུ་ ང་བཅས་ཕོ་ལེགས་མོ་ལེགས་འཐོན་ནི་ཡོདཔ་ལས་བརྟེན་ཏེ་སྦེ་ ཕོ་ལེགས་མོ་ལེགས་དང་ ཏེ་མཆོད་གནསཔ་ཧ་རི་འདི་ ཏེ་ཕོ་ལེགས་འདི་ ཏེ་མ་པ་ ལྟ་མ་མཇུག་ལུ་འཐོན་འོང་། དེ་འབདཝ་ད་ འ་ནཱི་གི་དགྲ་ལྷ་ཞུ་ནི་འདི་ ཁོང་ཨ་ཙ་ར་གི་ཆོ་ག་འདི་ཚུ་གཏང་དགོ་པའི་གནད་དོན་ རྒྱ་ཡི་གྲུབ་ཐོབ་ཀྱི་བརྒྱུད་པ་ཨིནམ་ལས་བརྟེན་ཏེ་སྦེ་ ད་ལྟོ་གྲུབ་ཐོབ་འདི་ཚུ་གིས་ བཀའ་སྲུང་ཆོས་སྲུང་གཏེར་བདག་ལུ་ ཏེ་གསོལ་མཆོད་ཕུལཝ་ཨིན་མས། དེ་གིས་ཁ་གསལ་འདི་ ལྟ་མ་མཇུག་ལུ་འཐོན་འོང་ ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་བཞི་པ་ལུ་ ཤ་རྫམ་ལགས། ཤ་རྫམ་ཟེར་མི་འདི་ དང་པོ་བོད་ལུ་ ང་བཅས་ཏེ་ འགོ་དང་པ་ང་བཅས་ ཏེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བཞུགས་པའི་སྐབས་འདི་ལུ་ ཨོ་རྒྱན་གུ་རུ་ཡར་ཞུ་སྟེ་སྦེ་ ཡར་བསམ་ཡས་ལུ་ས་བཅགས་པའི་སྐབས་ འདི་གི་རྟིང་ཤུལ་བདའ་སྟེ་སྦེ་ ང་བཅས་ར་གི་ ཡར་བོད་ཀྱི་རྒྱལ་འབངས་ཉེར་ལྔ་འདི་ཚུ་ འགོ་བཙུགས་སྦེ་ཞིན་ན་ ཏེ་ནམ་ཞིག་གི་ཚེ་ ང་བཅས་བོད་ལུ་ ནད་རིམས་མུ་གེ་དམག་འཁྲུག་ གནམ་མེད་ས་མེད་ ནད་རིགས་ཀྱིས་བཏབ་སྟེ་ ཏེ་མི་ག་ར་ རྩ་མེད་གཏང་ནི་གི་དུས་ཚོད་ལུ་ལྷོདཔ་ད་
- རྡོ་རྗེ་དབང་འདུས་/ Dorji Wangdi:ཏེ་དགེ་སློང་ནམ་མཁའི་སྙིང་པོ་གིས་ ཏེ་ཐུགས་ཀྱིས་མངོན་པར་གཟིགསཔ་ད་ལུ་ ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཨིན་མས་ཟེར་ ཏེ་ ཐུགས་ངོས་འཛིན་མཛད་དེ་ ཏེ་འདི་གི་ནངས་པ་ལས་རང་ དགེ་སློང་ནམ་མཁའི་སྙིང་པོ་གིས་ དེ་ལསན་ཏེ་ཁོང་ལྷ་སྲིན་སྡེ་བརྒྱད་འདི་ཚུ་ག་ར་ བདེན་བརྡར་བཀུག་སྟེ་སྦེ་འབདཝ་ད་ ཏེ་ཨ་ནཱི་འབྱུང་པོ་མི་མིན་གྱི་རིགས་སུ་གྱུར་པ་ ལྷ་ ཀླུ་ བཙན་ བདུད་ ས་བདག་ རྒྱལ་པོ་ ཐེའུ་རང་ འགོང་པོ་ ག་ར་བཅུད་བསྡུས་ཏེ་སྦེ་ འ་ནཱི་གི་རྒྱལཔོ་འདི་ཤཝ་ལུ་སྤྲུལ་ཏེ་འོངམ་ཨིན་མས་ བླ་མའི་སྐུ་མདུན་ལུ།
- རྡོ་རྗེ་དབང་འདུས་/ Dorji Wangdi:ཏེ་བླ་མའི་ཐུགས་ཀྱི་དགོངས་པ་ཟང་ཐལ་དུ་སྤྲུལ་ཞིནམ་ལས་ དུས་འཕྲོ་ལས་ ཤཝ་གི་གུ་ལུ་ཆིབས་ད་ལུ་ ཏེ་ཕྱག་གཡས་པ་རལ་གྲི་སྦེ་ གཡོན་ཐོད་ཁྲག་བསྣམས་ཏེ་སྦེ་ དུས་འཕྲོ་ལས་རང་ཤ་བའི་གུ་ཆིབས་ད་ལུ་ ཤཝ་འདི་གིས་ སྐད་ཅིག་ཡུད་ཙམ་ཅིག་ལུ་ དེ་ལསན་ཏེ་ཨ་ནཱི་ འཛམ་གླིང་བསྐོར་ར་རྐྱབ་སྦེ་ འ་ནཱི་འབདཝ་ལས་བརྟེན་ཏེ་ ད་རེས་ནངས་པར་ མི་ལ་ལུ་གིས་ ཤ་རྫམ་ ཤ་རྫམ་ཟེར་ ཤཝ་གི་དངོས་པོ་སྦེ་ ཏེ་ཁོང་གི་དེ་སྦེ་བསམ་ཨིན་མས་ དེ་སྦེ་མེན་ཟེར་ཞུ་ནི། ང་བཅས་ར་གིས་མོས་གུས་བསྐྱེད་ཐངས་གིས་འགྱོ་འོང་།
- རྡོ་རྗེ་དབང་འདུས་/ Dorji Wangdi:ཏེ་ཤ་རྫམ་འདི་མཇལཝ་ཙམ་ཅིག་གིས་ ལྷ་སྲིན་སྡེ་བརྒྱད་ཀྱིས་ ཏེ་ང་བཅས་ལུ་མ་གནོད་པ་སྦེ་ ཏེ་སྡོད་བཅུག་ཟེར་བ་ཅིན་ དེ་གི་སྨོན་ལམ་ཐེབ་བཅུག་ཟེར་ཞུ་ནི། འ་ནཱི་ང་བཅས་དགེ་སློང་ནམ་མཁའི་སྙིང་པོ་གིས་ ཏེ་ཤ་བའི་གུ་ཆིབས་ཞིན་ན་ སྐད་ཅིག་ཡུད་ཙམ་ཅིག་ལུ་ འཛམ་གླིང་བསྐོར་ར་རྐྱབ་ལས་བརྟེན་ཏེ་སྦེ་ ད་རེས་ནངས་པར་ འ་ནཱི་གི་ལྷ་སྲིན་སྡེ་བརྒྱད་ཀྱི་རྒྱལཔོ་འདི་ག་ཏེ་ཡོད་ཟེར་བ་ཅིན་ ནུབ་བྱང་རླུང་ལྷ་རྒྱལཔོ་སྦེ་ཡོདཔ་ཨིན་ཟེར་ཞུ་ནི། ཤ་རྫམ་འདི་འ་ནཱི་སྦེ་མཛད་མཛདཔ་ཨིན་མས་ ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་འདི་གི་རྟིང་ཤུལ་བདའ་སྟེ་ པདྨ་གླིང་པའི་གི་ལྔ་འཆམ་ཟེར་ བཙུགས་སྲོལ་ཡོད་ ང་བཅས་ནཱ་དོན་ཚན་ལྔ་པ་ལུ། པདྨ་གླིང་པའི་ལྔ་འཆམ་འདི་ པད་གླིང་གིང་གསུམ་ནང་ལས་ པདྨ་གླིང་པ་གི་ལྔ་འཆམ་འདི་ཡང་ པདྨ་གླིང་པའི་གིང་གསུམ་ནང་ལས་ཨིན། དེ་འབདཝ་ད་ ང་བཅས་ནཱ་གི་འདི་ པད་གླིང་གཏེར་མ་ཅིག་ཨིན་ཟེར་ཞུ་ནི། ཏེ་པད་གླིང་གི་ལྔ་འཆམ་འདི་ཡང་ པདྨ་གླིང་པ་ཁོ་རང་ཟངས་མདོག་དཔལ་རི་ལུ་ བཞུགས་པའི་སྐབས་འདི་ལུ་ ཏེ་དཔའ་བོ་དཔའ་མོ་དང་ མཁའ་འགྲོ་སྡེ་ལྔ་ལ་སོགས་པ་ མཁའ་འགྲོ་སྟོང་ཚོགས་འབུམ་ཚོགས་ཀྱིས་བསྐོར་ཏེ་སྦེ་ མཆོད་པ་ཕུལ་བའི་གི་ཚུལ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:ཚོགས་ཀྱི་འཁོར་ལོ་བསྐོར་ཏེ་སྦེ་ མཆོད་པ་ཅི་རིགས་སྣ་ཚོགས་ ཏེ་ང་བཅས་ ཏེ་བཀྲ་ཤིས་རྟགས་བརྒྱད་ རྫས་བརྒྱད་ལ་སོགས་པ་ དེ་ལསན་ ཏེ་ཚོགས་ཀྱི་འཁོར་ལོ་རྣམ་པ་སྣ་ཚོགས་ ང་བཅས་ར་གི་འཛམ་གླིང་ནང་མེདཔ་མ་ཚད་ ཡོདཔ་ག་ར་ ཏེ་ཕུལ་བའི་གི་སྲོལ་ཨིན་མས་ཟེར་ཞུ་ནི། དེ་ཡང་ཏེ་གར་གྱི་འཆམ་ལུ་སྤྲུལ་ཏེ་ དཔའ་བོ་དང་དཔའ་མོ་ ཏེ་མཁའ་འགྲོ་འདི་ཚུ་ལ་སོགས་པ་ གར་འཆམ་ལུ་སྤྲུལ་ཏེ་སྦེ་ ཡར་མཆོད་པ་ཕུལཝ་ཨིན་མས་ ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་འདི་གི་དོན་ཚན་དྲུག་པ་ལུ་ ཞྭ་ནག་ཕུར་འཆམ་ཟེར་ ཕུར་པ་གི་ས་འཆམ་ཨིན་མས་ཟེར་ཞུ་ནི། འདི་ག་ཏེ་ལས་བྱུང་ཡི་ཟེར་བ་ཅིན་ ཧེ་མ་ བོད་ཀྱི་རྒྱལ་འབངས་ཉེར་ལྔ་ནང་ལས་ ཏེ་ང་བཅས་ གནུབས་སངས་རྒྱས་ཡེ་ཤེས་ཟེར་མི་འདི་ བོད་ཁམས་ཕྱོགས་ནང་ ཕུར་པའི་བསྙེན་པ་བསྒྲུབས་ཏེ་སྦེ་ ཏེ་བྲག་འདི་ལུ་ཕུར་པ་འདེབས་པའི་སྐབས་འདི་ལུ་ དཀྱིལ་འཁོར་ཞལ་ཕྱེ་མ་ཚུགསཔ་མས། ཏེ་མ་པ་སྒྲུབ་རྟགས་འདི་འཐོན་ནུག
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་འབདཝ་ད་ ཡར་ལས་མར་ང་བཅས་ར་གི་ འབྲུག་མོན་གྱི་ལྗོངས་ མོན་ཁ་སྣ་རིང་རྫོང་ཟེར་ ད་རེས་ནངས་པ་འབད་བ་ཅིན་ ང་བཅས་ཀུར་སྟོད་སེང་གེ་རྫོང་ཟེར་ཞུཝ་ཨིན་མས། འ་ཕི་ནང་སྒྲུབ་པ་གནང་བྱོནམ་ད་ ལྷ་ལུང་དཔལ་སྐྱིད་རྡོ་རྗེ་ ཕྱག་ཞུ་སྟེ་སྦེ་བྱོན་ཏེ་ འ་ཕི་ནང་ཕུར་པའི་གི་དཀྱིལ་འཁོར་ཞལ་ཕྱེ་བའི་སྐབས་འདི་ལུ་ འ་ནཱི་བསྒང་ཏེ་ཕུར་པ་འདི་ཚུ་གི་ ཕུར་པ་ལུ་ཡང་རྒྱལ་བ་ཞི་ཁྲོ་གི་ལྷ་ཚོགས་ཚངམ་སྦེ་ཡོདཔ་ཨིན། འ་ནཱི་གི་ཕུར་པའི་གི་ས་འཆམ་མཛདཔ་གནངམ་ལས་བརྟེན་ཏེ་སྦེ་ ཏེ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་སློབ་མ་ ཏེ་ལྷ་ལུང་དཔལ་སྐྱིད་རྡོ་རྗེ། ལྷ་ལུང་དཔལ་སྐྱིད་རྡོ་རྗེ་གིས་འབད་ དཀྱིལ་འཁོར་ཞལ་ཕྱེ་བའི་སྐབས་འདི་ལུ་ ཏེ་ཞལ་མཇལཝ་ལས་བརྟེན་ཏེ་སྦེ་ ཕར་པའི་ས་འཆམ་འདི་ འ་ནཱི་ཁ་ལས་འགོ་བཙུགསཔ་ཨིན་མས་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:འདི་ད་རེས་ནངས་པར་ འདི་བཙུགས་དགོ་པའི་གནད་དོན་ག་ཅི་སྨོ་ཟེར་བ་ཅིན་ ད་མདོར་བསྡུས་ཅིག་ཞུ་བ་ཅིན་ ཧེ་མ་ང་བཅས་བོད་ཁམས་ཕྱོགས་ལུ་ རྒྱལཔོ་གླང་དར་ཟེར་གཅིག་ཡོདཔ་ཨིན་མས། མགུ་ཏོ་རཝ་ཡོད་མི་ཅིག ཏེ་མི་ག་ར་འདི་ རེ་རེ་ རེ་རེ་འབད་ཁོ་གིས་ཏེ་ ཨ་ནཱི་སྦེ་ཟ་ཚརཝ་ལས་བརྟེན་ཏེ་སྦེ་ འདི་བཏུལ་མ་ཚུགས་པར་ ཏེ་ནམ་ཅིག་ཚེ་ ལྷ་ལུང་ལུ་ སྒྲུབ་ཆེན་བཙུགས་ནི་སྦེ་ ཏེ་ཁོང་བརྩི་སྲུང་ལུ་ རྒྱལཔོ་གླང་དར་འདི་ཞུ་ཞིནམ་ལས་ ཏེ་འ་ནཱི་བསྒང་ དེ་ལྷ་ལུང་དཔལ་སྐྱིད་རྡོ་རྗེ་ ཏེ་བླམ་ཁོ་ར་རྐྱངམ་ཅིག་གིས་ ཏེ་འཆམ་བརྒྱ་སྟོང་སྦེ་སྤྲུལ་ཏེ་སྦེ་ སྔགས་འཆང་གྱི་ཚུལ་འབད་ བརྒྱ་སྟོང་སྦེ་སྤྲུལཝ་ལས་བརྟེན་ཏེ་སྦེ་ ད་རེས་ནངས་པར་ ཕུར་འཆམ་ཟེར་ཞུ་མི་འདི་ འདི་ལས་བརྟེན་ཏེ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་འབདཝ་ད་ ཕྱག་ལུ་ཕུར་པ་ཡོདཔ་ཨིནམ་མ་ཚད་ འདི་གི་ནང་དོན་ཉིད་ལུ་ ཞྭ་ནག་གི་ཏེ་ཕྱག་ལུ་ མདའ་གཞུ་འདི་ཚུ་ ཏེ་མར་སྦ་སྟེ་སྦེ་བསྣམས་ཏེ་བྱོན་ཡོདཔ་ཨིན་མས་ཕྱག་མཚན། ཏེ་ད་རེས་ནངས་པ་ཕུར་འཆམ་རྐྱབ་པའི་སྐབས་ལུ་ སྤུས་བཙུགས་སྦེ་མར་བཙུགས་ཏེ་སྦེ་ ཞལ་ཡར་སྒོར་ཏེ་སྦེ་གནམ་མཁའ་ལུ་གཟིགས་མི་འདི་ འ་ནཱི་བསྒང་ ཏེ་རྒྱལཔོ་གླང་དར་འདི་ བཏུལ་བཏུལ་བའི་གི་ཚུལ་ཨིནམ་ལས་བརྟེན་ཏེ་སྦེ་ ཏེ་ཕུར་འཆམ་ཟེར་ཞུཝ་ཨིན་མས། མ་པ་ནང་གསེས་ལས་ ཕུར་པའི་ས་འཆམ་ཟེར་ཞུཝ་ཨིན།
- རྡོ་རྗེ་དབང་འདུས་/ Dorji Wangdi:འ་ནཱི་ཕུར་པའི་ས་འཆམ་གྱི་བར་ན་ཁར་ལྷོདཔ་ད་ དུར་ཁྲོད་བདག་མོ་ཟེར་བཞི་འཐོན་ནི་ཡོད། འདི་ཕུར་པ་གི་ཞྭ་ནག་གི་བར་ན་ཨིན། དེ་འབདཝ་ད་ དུར་ཁྲོད་བདག་མོ་འཐོན་དགོ་པའི་གནད་དོན་འདི་ རྒྱལཔོ་གླང་དར་གྱི་རྣམ་ཤེས་འདི་ ཁོང་དུར་ཁྲོད་གྱི་ལྷ་མོ་བཞི་ལུ་སྤྲུལ་ཏེ་སྦེ་ ཁོང་གིས་བཀུག་སྟེ་སྦེ་ མར་བར་ན་བཀལ་ནི་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:ཏེ་བཀལཝ་ལས་བརྟེན་ཏེ་སྦེ་ དེ་ལསན་ཏེ་འདི་གི་རྟིང་ཤུལ་བདའ་སྟེ་སྦེ་ ཁོང་ཕུར་པའི་ལྷ་ཚོགས་འདི་ཚུ་གིས་བསྒྲལ་ནི་གི་དོན་དག་ལས་ དུར་ཁྲོད་བདག་མོ་ཟེར་ དུར་ཁྲོད་བདག་མོ་འདི་ ང་བཅས་མཁའ་འགྲོ་འབུམ་གྱི་ བཞུགས་གནས་གི་ཕོ་བྲང་འདི་ དུར་ཁྲོད་ཚུ་ལུ་ཨིནམ་ལས་བརྟེན་ཏེ་སྦེ་ དུར་ཁྲོད་བདག་མོ་འདི་ཚུ་ཏེ་ཁོང་ ཏེ་མཁའ་འགྲོ་གི་ཚོགས་ཅིག་ཨིནམ་ལས་བརྟེན་ཏེ་ ད་རེས་ནངས་པར་ ཏེ་ང་བཅས་ལིང་ག་འདི་ཚུ་ དུར་ཁྲོད་བདག་མོ་གིས་སྐྱེལ་དགོ་པའི་གནད་དོན་ འདི་ལས་བརྟེན་ཏེ་ཨིན་མས་ ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་ལས་འདི་གི་རྟིང་ཤུལ་བདའ་སྟེ་ དུར་ཁྲོད་བདག་མོ་ནང་ན་ ཏེ་འབྱོན་ཚརཝ་ཅིག་ དེ་ལསན་ཏེ་ ཕུར་པ་གི་ལྷ་ཚོགས་འདི་ཚུ་ལུ་ གསེར་སྐྱེམ་ཕུལ་ ཏེ་རྣམ་ཤེས་འདི་ འདི་ཁ་ལུ་དུར་ཁྲོད་བདག་མོ་གིས་བཀལ་བའི་གི་ཧོམ་ཁུང་ནང་ལུ་བཀུག་ཞིན་ན་ གསེར་སྐྱེམ་ཡང་ ཏེ་ཡི་དམ་དང་ལྷ་ཆོས་སྐྱོང་སྲུང་མ་ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་འདི་ཚུ་ལུ་ གསེར་སྐྱེམ་ཕུལ་ཞིནམ་ལས་ ཏེ་རྒྱལཔོ་གླང་དར་གྱི་རྣམ་ཤེས་འདི་ཁ་ལས་ ཏེ་རྣམ་ཤེས་དག་པའི་ ཏེ་ཞིང་ཁམས་ལུ་སྤར་ཞིན་ན་ དེ་ལསན་ཏེ་ འཛུལ་འཆམ་རྐྱབ་ཨིན་མས་ ཟེར་ཞུ་ནི། འདི་ཁ་ལུ་ཕུར་པའི་ས་འཆམ་ ཟེར་ཞུཝ་ཨིན་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་ལས་ དོན་ཚན་བརྒྱད་པ་ལུ་ དགྲ་མེད་རྩེ་ལྔ་འཆམ་ལགས། དགྲ་མེད་རྩེ་ལྔ་འཆམ་འདི་ཡང་ རྒྱལ་བ་ཞི་ཁྲོ་གི་ལྷ་ཚོགས་ཀྱི་སྐུ་འཆམ་ཨིན་མས། འདི་དགྲ་མེད་རྩེ་ལྔ་འཆམ་ ཟེར་ཞུ་དགོ་པའི་གནད་དོན་ག་ཅི་སྨོ་ཟེར་བ་ཅིན་ དང་ཕུ་ང་བཅས་པདྨ་གླིང་པ་གི་ཨ་ཞིམ་ ཨ་ཞེ་མཆོད་རྟེན་བཟང་མོ་ཟེར་མི་ཅིག་བཞུགས་ཡོདཔ་ཨིན་མས་ བུམ་ཐང་ལུ། ཏེ་བུམ་ཐང་ལུ་བཞུགས་པའི་སྐབས་འདི་ལུ་ ང་བཅས་བུམ་ཐང་ཆོས་འཁོར་སྡེ་པ་འབད་མི་གིས་ ཏེ་རྩ་དང་སྤུ་ལས་ ལེགས་ཤོམ་སྦེ་བཞུགས་མ་སྟེརཝ་ལས་བརྟེན་ཏེ་སྦེ་ ནཱ་ལས་ཏེ་འབྱོག་འགྱོ་ཞིནམ་ལས་ ཕར་ང་བཅས་ ཏེ་བཀྲ་ཤིས་བསྒང་(མོང་སྒར་)དགྲ་མེད་རྩེ་ལུ་ལྷོདཔ་ད་ ཏེ་ད་ལྟོ་དགྲ་མེད་རྩེའི་ཆགས་ཚུལ་འདི་ ག་དེ་སྦེ་འདུག་ཟེར་བ་ཅིན་ ཕུར་པ་གི་ ཏེ་ཕུར་པ་ནམ་མཁར་ལྷོང་ལྷོངམ་བཟུམ་ཅིག་ཡོདཔ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:འདི་ཁ་ལུ་བྱོན་ཞིནམ་ལས་ ད་རིས་འབདན་ ང་ཏེ་དགྲ་མེད་པ་ སྐྱིད་ཏོང་ཏོ་ཨིན་མས་ཟེརཝ་ལས་བརྟེན་ཏེ་སྦེ་ དགྲ་མེད་རྩེ་ཟེར་ ས་འདི་ཁ་ལུ་ལྷོད་དེ་སྦེ་ ང་དགྲ་མེད་པ་སྐྱིད་ཏོང་ཏོ་ཡར་སོ་ཡི་ཟེར་ འ་ནཱི་ཕར་བཞུགས་པའི་སྐབས་འདི་ལུ་ དེ་ཨ་ནཱི་མཆོད་རྟེན་བཟང་མོ་གི་སྐུ་མཆེད་ ཏེ་བླ་མ་ཀུན་དགའ་རྒྱལ་མཚན་ ཀུན་དགའ་སྙིང་པོའམ་ ཀུན་དགའ་རྒྱལ་མཚན་ཟེར་འཐོན་ནི་འདུག དེ་འབདཝ་ད་ དེ་བླམ་གཅིག་ལུ་མཚན་གཉིས་ཡོདཔ་ཨིན་ན་ ང་ལས་དབྱེ་བ་གནམ་མེད་ས་མེད་ ནེམ་ཞུ་ནི་མིན་འདུག་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ཏེ་ཀུན་དགའ་སྙིང་པོ་གིས་འབད་མཛད་ཞིནམ་ན་ ཏེ་ནམ་ཞིག་ཚེའི་བར་དུ་ཏེ་ཟངས་མདོག་དཔལ་རིའི་ཞིང་ཁམས་ལུ་བྱོན། ཏེ་ཡར་འབྱོནམ་ད་ རྒྱལ་བ་ཞི་ཁྲོ་ ཁོ་ར་གི་བླ་མ་གི་སྐུ་གཟུགས་ནང་ན་ལས་རྒྱལ་བ་ཞི་ཁྲོ་གི་ལྷ་ཚོགས་ཕར་མཐོང་ཞིནམ་ན་ རྒྱལ་བ་ཞི་ཁྲོ་གི་སྐུ་འཆམ་གནང་སྦེ་ ཏེ་ཡར་ལས་ ད་རེས་ནངས་པ་ང་བཅས་ར་གི་ ཚེས་བཅུ་མཇལ་དོ་བཟུམ་སྦེ་ ཁོང་ཏེ་ཚེས་བཅུ་མཇལ་དོ་བཟུམ་སྦེ་ ཏེ་ཐུགས་ཁ་ལུ་བསྣམས་སྦེ་ ཡར་ལས་ཕར་བསྣམས་བྱོན་ཞིན་ན་ འགོ་དང་པ་འདི་ཕར་ ཨ་ཞེ་མཆོད་རྟེན་བཟང་མོ་བཞུགས་པའི་གི་ས་གནས་ དགྲ་མེད་རྩེ་ལུ་གནངམ་ལས་བརྟེན་ཏེ་སྦེ་ ད་ལྟོ་ལྔ་འཆམ་འདི་ཡང་ དགྲ་མེད་རྩེ་ལྔ་འཆམ་ཟེར་ཞུཝ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་འབདཝ་ད་ ནང་གསེས་ལས་ ང་བཅས་ལེའུ་ཁལ་གཅིག་དང་ ཏེ་ལ་ལུ་གིས་ ལེའུ་བཅོ་བརྒྱད་ཡོད་ཟེར་ཞུཝ་ཨིན། དེ་འབདཝ་ད་ནང་གསེས་ལས་ ཏེ་དབྱེ་བ་དཔྱད་དེ་འབད་བ་ཅིན་ ལེའུ་ཁལ་གཅིག་དང་གཅིག་ཡོད་ཟེར་ཞུ་ནི། དེ་འབདཝ་ད་ འདི་གི་ལེའུ་གྲངས་བཞིན་དུ་ ང་བཅས་རྒྱལ་བ་ཞི་ཁྲོ་གི་ལྷ་ཚོགས་རེ་རེ་བཞིན་དུ་ ཏེ་ཞུ་ནི་ཡོད། དེ་འབདཝ་ད་དུས་ཚོད་མེདཔ་ལས་བརྟེད་ཏེ་སྦེ་ ད་རིས་ཞུ་མ་ཚུགས་ཟེར་ཞུ་ནི། དགྲ་མེད་རྩེ་ལྔ་འཆམ་གྱི་དོན་དག་ཁུངས་དོན་ ཏེ་མདོར་བསྡུས་ཅིག་ཞུ་བ་ཅིན་ འ་ནཱིམ་ཅིག་ཨིན་མས་ལགས།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་ལས་ དོན་ཚན་དགུ་པ་འདི་ གིང་ཚོགས་གླིང། དེ་འདི་ ག་ཏེ་ཡང་རྐྱབ་སྲོལ་ཡོད། དེ་འབདཝ་ད་ ང་བཅས་ནཱ་སྦས་གླིང་གི་འདི་ མི་འདྲ་ཟེར་ཞུ་ནི། ང་བཅས་འདི་ཡར་ལྷ་ལུང་གི་ལྟར་དུ་འབད་བཙུགས་བཙུགསཔ་ཨིན་མས། ཏེ་ཚོགས་གླིང་འདི་ ཡི་དམ་གྱི་ལྷ་ཚོགས་ག་ཨིནམ་སྦེ་འབྱོནམ་ཨིན་མས། ང་བཅས་ཏེ་ཟངས་མདོག་དཔལ་རི་གི་ཡི་དམ་ དཔལ་ཆེན་ ཕུར་པ་ དེ་ལསན་ ཏེ་རྟ་མགྲིན་ དེ་ལསན་ ཕྱག་རྡོར་ འ་ནཱི་འདི་ཚུ་ག་ར་ རང་ར་ས་གི་ ཏེ་ཁོང་ར་འཆམ་རྐྱབ་མི་འདི་ཚུ་གི་ཡི་དམ་ག་ཡོདཔ་ཅིག་ འདི་ག་གསོལཝ་ཅིག་འབྱོནམ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:འདི་འབྱོན་ནི་འདི་ཡང་ ཏེ་ང་བཅས་ གསུང་ཆོས་ཅིག་གནང་སྟེ་འབད་རུང་ གསུང་ཆོས་ག་ཅི་རང་གནང་སྟེ་འབད་རུང་ ཚོགས་ཀྱི་བསྒྲལ་ཚོགས་ཟེར་བསྒྲལ་ནི་ཡོད། འདི་ལུ་ཡང་ ཏེ་སྡང་བར་བྱེད་པའི་དགྲ་ གནོད་པར་བྱེད་པའི་བགེགས་ བར་དུ་གཅོད་པའི་རྐྱེན་ འ་ནཱི་འདི་ཚུ་ག་ར་ ཏེ་རྣམ་ཤེས་བཀུག་ཞིན་ན་ ཚོགས་ཀྱི་ལིང་ག་འདི་ལུ་ བཀུག་ཞིན་ན་བསྒྲལ་ནི་ཡོད། འ་ནཱི་འབདཝ་ལས་བརྟེན་ཏེ་སྦེ་ ཚོགས་གིང་འདི་ཡང་ ཚོགས་གླིང་འདི་ཡང་ དཔེ་འདི་ལུ་བླངས་ཏེ་སྦེ་ སྲོག་གི་བསྒྲལ་ཚོགས་ཀྱི་འཆམ་ཨིན་མས་ ཟེར་ཞུ་ནི། ང་བཅས་ཆོ་ག་ཅི་བཏང་རུང་ ཚོགས་བསྒྲལ་ཚོགས་བསྒྲལ་ནི་ཡོད་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:འ་ནཱི་འབདཝ་ལས་བརྟེན་ཏེ་སྦེ་ ཚོགས་གླིང་ཟེར་ཞུཝ་ཨིན་མས། ཏེ་འདི་གི་བར་ན་གིང་འདི་འཐོན་མི་འདི་ ད་ཡི་དམ་གྱི་ལྷ་དང་ དཔའ་བོ་དཔའ་མོ་གི་ ཏེ་ལྷ་འདི་ཚུ་ཁོང་ར་ ག་ར་གི་སྤྲོ་བའི་ངང་ལས་ གར་འཆམ་གྱི་ གར་འཆམ་མཛདཔ་ལས་བརྟེན་ཏེ་སྦེ་ ཏེ་ང་བཅས་ཀྱི་ ཟངས་མདོག་དཔལ་རི་ཞིང་ཁམས་འབད་རུང་འདྲ་ དེ་ལས་ཤར་མངོན་པར་དགའ་བའི་ཞིང་ཁམས་ཨིན་རུང་འདྲ་ ལྷོ་ཕྱོགས་དཔལ་ལྡན་མཛེས་པའི་ཞིང་ཁམས་ཨིན་རུང་འདྲ་ ནུབ་སྣང་བ་མཐའ་ཡས་ བྱང་འདོད་ཡོན་གྲུབ་པ་ དེ་ལས་ གཞན་ཞིང་འདི་ཚུ་ག་ཅི་ཡོད་རུང་ འདི་ཁ་ལུ་ཏེ་སྤྲོ་བའི་ངང་ནས་འབད་ ཚོགས་འཁོར་ཕུལ་བའི་གི་ཚུལ་ཨིན་མས་ཟེར་ཞུ་ནི། ད་ཚོགས་གླིང་ གིང་ཚོགས་གླིང་གི་སྐོར་ལས་ མདོར་བསྡུས་ཅིག་ཞུ་བ་ཅིན་ ཏེ་འ་ནཱིམ་ཅིག་ཨིན་མས་ ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་དོན་ཚན་བཅུ་གཅིག་པའི་ནང་ལུ་ ད་ཕོ་ལེགས་མོ་ལེགས་ ང་བཅས་མི་གིས་སླབ་སྲོལ་ལས་ ཕོ་ལེགས་མོ་ལེགས་ཟེར་ ཏེ་ཕོ་ལེགས་མོ་ལེགས་ཟེར་སླབ་དགོ་མི་གི་གནད་དོན་ག་ཅི་སྨོ་ཟེར་བ་ཅིན་ ཕོ་འཇའ་རིསམོ་དང་ ཨམ་སྲུ་འཇའ་རིསམོ་གི་ཚུལ་གྱིས་འབད་ ཁོང་སླབ་ཐངས་དེ་སྦེ་ཡར་སོངཔ་མས། དེ་འབདཝ་ད་ ནང་གསེས་ཀྱི་དབྱེ་བ་ལྟར་དུ་འབད་བ་ཅིན་ རྒྱལཔོ་ནོར་བཟང་གི་རྣམ་ཐར་ལས་བརྒྱུད་བརྒྱུད་པའི་གི་ ཏེ་སྐུ་འཆམ་ཅིག་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:འདི་ལུ་གཞི་བཞག་སྟེ་སྦེ་གནང་གནངམ་ཨིན་མས་ཟེར་ཞུ་ནི། ད་ཅི་ཨ་ཙ་ར་གི་ཆོ་ག་གནང་དགོ་པའི་གནད་དོན་ འ་ནཱི་ཁར་ལྷོདཔ་ད་ ཁོང་ཕྱད་མདའ་ ཏེ་རྒྱལཔོ་ནོར་བཟང་དང་ ཆོས་གནས་ཧ་རི་འདི་ ཏེ་ཕར་ཕྱད་མདའ་རྐྱབ་ནི་ཡོདཔ་ལས་བརྟེན་ཏེ་སྦེ་ ཆོས་གནས་ཧ་རི་འདི་གིས་ ཁོང་གི་དགྲ་ལྷ་འདི་ཚུ་ལུ་གསོལ་ཁ་ཕུལ་ཏེ་སྦེ་ ཕྱི་རུ་ཁོང་རྒྱལ་བཅུག་ཟེར་བའི་གི་ ཏེ་གནོད་དོན་འདི་ལས་བརྟེན་ཏེ་ཨིན་མས་ ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་འདུས་/ Dorji Wangdi:ཏེ་མོ་ལེགས་འདི་ ང་བཅས་རྒྱལཔོ་ནོར་བཟང་འདི་ ཕོ་ལེགས་འདི་རྒྱལཔོ་ནོར་བཟང་དང་ ཏེ་མོ་ལེགས་འདི་ ལྷམོ་ཡིད་འཕྲོག་མའི་ཚུལ་སྦེ་འབྱོནམ་ཨིན་མས། རྒྱལཔོ་ནོར་བཟང་གི་རྣམ་ཐར་གྱི་ནང་ལས་འཐོན་འཐོནམ་འབད་ནི་འདི་གིས་ རྣམ་ཐར་ལས་བརྒྱུད་པའི་འཆམ་ཟེར་ ཞུཝ་ཨིན་མས་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་ལས་ཨ་ནཱི་ཨ་ཙ་ར་འདི་ཚུ་ ཏེ་མ་པ་ ནང་གསེས་ཀྱི་དབྱེ་བ་ལྟར་དུ་འབད་བ་ཅིན་ རྒྱ་གར་གྱི་གྲུབ་ཐོབ་བརྒྱུད་ཅུ་གི་ཚུལ་ཨིན་མས་ཟེར་ཞུ་ནི། ད་ལྟོ་ཨ་ནཱི་གྱོན་ཆས་འདི་ཚུ་ཡང་ ཏེ་མར་དོརམ་གྱི་གུ་ལས་ཕར་ དཀར་སེར་དམར་ལྗང་ དེ་ལསན་ཏེ་ འ་ནཱི་སྤུས་མོའི་གུ་ དཀར་སེར་དམར་ལྗང་གི་གྲུ་བཞི་བཀལ་མི་དང་ དེ་ལསན་ཡར་ལས་མར་ སྟོད་གོ་གི་གོང་འདི་ཚུ་ དཀར་སེར་དམར་ལྗང་བཀལ་དགོཔ་ དེ་ལསན་ཏེ་ ཨ་ནཱི་ཕྱག་གི་དཔུང་རྒྱན་ ཕྱག་ལྟག་གུ་ལས་ཕར་ དཀར་སེར་དམར་ལྗང་ དེ་ལསན་ ལགཔ་གི་མར་ལས་ཕར་ དཀར་སེར་དམར་ལྗང་བཀལ་དགོ་པའི་གནད་དོན་འདི་ གྲུབ་ཐོབ་ཀྱི་ན་བཟའ་ཨིནམ་ལས་བརྟེན་ཏེ་སྦེ་ ཏེ་ལོངས་སྐུ་གི་གྱོན་ཆས་ཚངམ་སྦེ་ བཀལཝ་གི་ཚུལ་ཨིན་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ཏེ་ཞལ་འབགཔ་འདི་ཡང་ མིག་ཏོ་ནང་ན་བཙུགས་ དཔྱལཝ་ཚུར་བཏོན་ ཏེ་གདོང་དམརཔོ་སྦེ་ ཏེ་འདྲོག་སི་སི་ ལྷ་པ་སྦོམ་ཡོད་མི་འདི་ རྒྱ་གར་གྱི་གྲུབ་ཐོབ་ཀྱི་ཚུལ་ཨིན་མས་ཟེར་ཞུ་ནི། ཏེ་མ་པ་ རྒྱལཔོ་ནོར་བཟང་གི་སྐུ་འཆམ་ལུ་འབད་བ་ཅིན་ ཆོས་གནས་ཧ་རི་གི་ཚུལ་ཨིན་མས། ཏེ་ཨ་ཙ་ར་ཟེར་མི་འདི་ རྒྱ་གར་གྲུབ་ཐོབ་ཀྱི་ཚུལ་ཨིན་ཟེར་ཞུ་ནི་ལགས། ད་ལྟོ་ཞལ་འབགཔ་འདི་ཚུ་དང་ ན་བཟའ་འདི་ཚུ་ དོར་རྐྱང་སྦེ་བཞེས་མི་འདི་ཚུ་ཡང་ རྒྱ་གར་གྲུབ་ཐོབ་ཀྱི་ཚུལ་སྦེ་བཟོ་བཟོཝ་ཨིན་མས། དེ་འབདཝ་ད་ འ་ནཱི་ཁ་ལུ་ དཀར་སེར་དམར་ལྗང་བཀལ་མི་འདི་ ཏེ་གྲུབ་ཐོབ་ཀྱི་ཚུལ་འདི་ནང་ལུ་ ཡི་དམ་གྱི་ལྷ་ལོངས་སྐུ་གི་རྒྱན་ཆས་བཅུ་གསུམ་ཚངམ་ཡོདཔ་ལས་བརྟེན་ཏེ་སྦེ་ འ་ནཱི་སྦེ་ཨིན་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་འདུས་/ Dorji Wangdi:ལགས་སོ། ད་གླང་མཐིལ་རྒེད་འོག་སྦས་གླིང་ཚེས་བཅུ་གི་ཉིནམ་གསུམ་པམ་གི་རིམ་པ་ མདོར་བསྡུས་ཅིག་ཞུ་ནི་ ཟེར་ཞུ་ནི་ལགས། ད་ཉིནམ་དང་པམ་དང་གཉིས་པམ་བཟུམ་སྦེ་ ད་རུང་རང་དྲོ་པ་ བགེགས་གཏོར་གྱི་གིང་བཞིཔ་སྦེ་ བགེགས་གཏོར་འདི་ དུས་ཨ་རྟག་ར་འཕང་དགོ་ཟེར་ཞུ་ནི། འདི་མ་འཕང་པ་ཅིན་ ང་བཅས་མི་འདི་ཚུ་དང་ཆ་སྟེ་སྦེ་ ལྷ་སྲིན་སྡེ་བརྒྱད་ཀྱི་གདོན་བགེགས་འབྱུང་པོ་ ནང་ན་འོངམ་ལས་བརྟེན་ཏེ་སྦེ་ ང་བཅས་ཏེ་ག་དེམ་ཅིག་འབད་ ཏེ་འཆམ་གྱི་མཆོག་ཐུན་མོང་འདི་ ཏེ་གར་འཆམ་བཙུགས་སྲོལ་ཡོད་མི་གི་ མཆོག་ཐུན་མོང་གི་དངོས་གྲུབ་འདི་ ཕྱི་ཁར་མི་གཏང་ནི་གི་དོན་དག་ལུ་ ཏེ་དང་པ་རང་ ཏེ་ཉིནམ་གསུམ་ཚུན་ཚོད་ར་ ཏེ་བླམ་འདི་ཚུ་ཞུ་ཞིན་ན་ ཡར་ལས་ནང་ན་ལས་སྒྲུབ་མཆོད་འདི་ཚུ་ ཏེ་དྲོ་པ་ཚུ་ཚོད་གསུམ་ལས་བཞེངས་ཏེ་སྦེ་གནང་ནི་ཡོད།
- རྡོ་རྗེ་དབང་འདུས་/ Dorji Wangdi:འ་ནཱི་འབདཝ་ལས་བརྟེན་ཏེ་སྦེ་ མར་ཏེ་དཀྱིལ་འཁོར་གྱི་ས་གཞི་ཆགསཔ་ད་ལུ་ཡང་ ཏེ་ཉིནམ་གསུམ་ཚུན་ཚོད་རང་ དེ་བགེགས་གཏོར་འདི་འཕང་ནི་ཡོད་ཟེར་ཞུ་ནི་ གིང་བཞིཔོ་འཐོན་ཏེ་སྦེ། དེ་ལས་འདི་གི་རྟིང་ཤུལ་བདའ་སྟེ་ ཉིནམ་དང་པ་དང་གཉིས་པ་བཟུམ་སྦེ་ ཨ་རྒས་ཀྱི་འགོ་འཆམ་འདི་རྐྱབ་པའི་སྲོལ་ཡོད། དེ་འབདཝ་ད་ ཨ་རྒས་ཀྱི་འགོ་འཆམ་གྱི་ཁ་བཤད་ནང་ལུ་ ཧེ་མ་ཉིནམ་དང་པམ་ནང་ལུ་ ཁོ་ག་ཏེ་ལས་འབྱོནམ་ཨིན་ན། ཏེ་ག་ཏེ་བཞུགསཔ་ཨིན་ན། འདི་ཁ་གི་ཁ་གསལ་གནངམ་ཨིན་ཟེར་ཞུ་ནི་ ཨ་རྒས་འདི་གི་འགོ་འཆམ་འདི་ནང་ལུ།
- རྡོ་རྗེ་དབང་འདུས་/ Dorji Wangdi:ཏེ་ཉིནམ་གཉིས་པམ་འདི་ནང་ལུ་ ཨ་རྒས་འདི་གིས་ མཁའ་འགྲོ་འདི་ཚུ་ལུ་གསོལཝ་ག་དེ་སྦེ་བཏབ་ཅི་ག་ འདི་གི་ལས་རིམ་ཅིག་ཞུ་ནི་ཡོད་ཟེར་ཞུ་ནི། གསུམ་པམ་ནང་ལུ་ ཏེ་ཁོ་ར་བསམ་པ་རྫོགས་ཏེ་སྦེ་ འཛམ་གླིང་འདི་ནང་ལུ་ ཨ་རྒས་འདི་གིས་ ཏེ་མི་ག་ར་ ཕྱག་མཚན་འདི་ དབང་ཕྱུག་ཆེན་པོ་གི་ཕྱག་མཚན་ ང་བཅས་ར་གི་ལག་པར་འབག་མི་འདི་ མི་ག་ར་འ་ནཱི་ལས་བརྟེན་ཏེ་སྦེ་བསྟན་པ་དར་དརཝ་ཨིན་ཟེར་བའི་གི་བརྡ་ཚོན།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་ལས་ ཨ་རྒས་འདི་གིས་ འ་ནཱི་མི་ འཛམ་གླིང་འདི་ནང་ལུ་ ངེ་གི་སྟོན་པ་དར་ཚར་ཡི་ཟེར་བའི་གི་ ཏེ་བསམ་པ་རྫོགས་ཞིན་ན་ ཉིནམ་གསུམ་པམ་ནང་ལུ་ ཏེ་ཨ་རྒས་འདི་གི་གསལ་བཤད་འདི་ནང་ལུ་ བཀྲ་ཤིས་ཕབ་ནི་ཅིག་ཡོད་ཟེར་ཞུ་ནི། ད་འདི་ཨ་རྒས་ཀྱི་གནས་ཚུལ་འདི་ཚུ་ ལྟ་མ་ཤུལ་ལས་ཁ་གསལ་འབད་ཞུ་གེ་ ད་ལྟོ་ ད་ཡར་ལས་མར་འཆམ་གྱི་འགོ་རིམ་བསྒྲིགས་ཏེ་སྦེ་ ཉིནམ་གསུམ་པམ་གི་ འཆམ་གྱི་འགོ་རིམ་ཅིག་ཞུ་གེ་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་ང་བཅས་རྫོང་ཁག་ནང་ལས་ཕར་འབད་བ་ཅིན་ བར་དོ་གི་འཆམ་འདི་ ཉིནམ་བར་མ་ནང་ལུ་གཏངམ་ཨིན་ཟེར་ཞུ་ནི། ང་བཅས་ནཱ་རྒེད་འོག་ གླང་མཐིལ་རྒེད་འོག་གི་ཚེས་བཅུའི་སྐབས་ལུ་ ཚེས་བཅུ་དང་སྒྲུབ་ མ་ནི་ དེ་ལས་འ་ནཱི་འདི་ཚུ་ནང་ལུ་འབད་བ་ཅིན་ བར་དོ་གི་འཆམ་འདི་ ཏེ་གྲོལ་བའི་སྐབས་བཞགཔ་ཨིན་ཟེར་ཞུ་ནི། འདི་བཞག་དགོ་མི་གནད་དོན་འདི་ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ནཱ་ ཏེ་རྒྱལ་བ་ཞི་ཁྲོ་གི་ལྷ་ཚོགས་མཇལ་ཏེ་སྦེ་ ད་རིས་བསམ་པ་རྫོགས་ཅི་ཟེར་གྲོལ་ནི་གི་དོན་ཐག་ལས་ ཏེ་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་ལས་ ཕྱག་དབང་བཅར་ འ་ནཱི་སྦེ་ཞུ་ནི་ དབང་ཞུ་ནི་གི་གོ་སྐབས་ཡོད་ནི་འདི་གིས་ རྟིང་ཤུལ་བདའ་སྟེ་བཞགཔ་ཨིན་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:འ་ནཱི་འབདཝ་ལས་བརྟེན་ཏེ་སྦེ་ དེ་ལས་ཉིནམ་གསུམ་པམ་ནང་ལུ་ རག་ཤ་མགོ་འཆམ་ཟེར་ ཏེ་ག་ར་གིས་མ་མཁྱེནམ་ཅིག་མེད། ག་ཏེ་ཡང་ཡོད། དེ་འབདཝ་ད་ ཞལ་འབགཔ་དེ་ཅོག་འཐད་ ཕྱག་མཚན་དང་ཞལ་འབགཔ་དེ་ཅོག་འཐད་ དེ་འབདཝ་ད་འཆམ་དེ་ ང་བཅས་སོ་སོ་འཚམས་ཅིག་ཡོད་ཟེར་ཞུ་ནི། ཏེ་རྫོང་ཁག་འདི་ཚུ་ནང་ལས་ ཨ་ཙི་ཅིག་མི་འདྲ་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:མ་པ་མིང་འདི་ཅོག་འཐད་ ཏེ་འཆམ་གོ་འདི་ཡང་ མར་ལུ་དར་སྣེ་ལྔ་བཏགས་ ཡར་ལས་ ཏེ་རག་ཤ་གི་ཞལ་འབགཔ་བཙུགས། སྤྲེའུ་དང་གཅིག་ཁ་སྦེ་འཐོནམ་ཨིན་མས་ཟེར་ཞུ་ནི། འདི་ཏེ་མགོ་འཆམ་འདི་ མ་མཁྱེནམ་ག་ཏེ་ཡང་མེད། དེ་འབདཝ་ད་ ཏེ་རྒྱས་ཤིང་རྒྱསཔ་སྦེ་ཞུ་བ་ཅིན་ རག་ཤ་མགོ་འཆམ་གྱི་བསྐྱེད་རིམ་རྫོགས་རིམ་འདི་ནང་ལུ་ ལེ་ཤ་ཞུ་ནི་ཡོད་ དེ་འབདཝ་ད་ ད་རིས་དུས་ཚོད་མེདཔ་ལས་བརྟེན་ཏེ་ དང་པ་རང་ ད་ལྟོ་ང་མདོར་བསྡུས་ཅིག་འབད་ རག་ཤ་མགོ་འཆམ་གྱི་ ཏེ་དམིགས་རིམ་མདོར་བསྡུས་ཅིག་ཞུ་བ་ཅིན།
- རྡོ་རྗེ་དབང་འདུས་/ Dorji Wangdi:མ་པ་ངོ་མ་འདི་ གཏེར་བཏོན་ཀརྨ་གླིང་པའི་གི་གཏེར་མ་ ཏེ་ང་བཅས་ར་གིས་ཐོས་པ་ཙམ་གྱིས་གྲོལ་བ་ལས་བརྟེན་ཏེ་ ཐོས་གྲོལ་ནང་ལས་འཐོནམ་ཨིན་མས་ སྲིད་པ་བར་དོ་ནང་ལས། དེ་འབདཝ་ད་ རག་ཤ་ཟེར་མི་འདི་ ཏེ་མ་པ་ ཆོས་ཀྱི་ལྟར་དུ་འབད་བ་ཅིན་ ཕོད་གོ་སྨུག་ནག་ཅིག་བཞེས་དགོཔ་ཨིན་མས། དེ་འབདཝ་ད་ ད་རེས་ནངས་པར་ ང་བཅས་ར་གི་བར་དོ་གི་དམངས་འཆམ་རྐྱབ་སྲོལ་ ཏེ་དར་སྣེ་ལྔ་ལྷ་ཏེ་སྦེ་རྐྱབ་སྲོལ་ཡོདཔ་ལས་བརྟེན་ཏེ་སྦེ་ སྟབས་མ་བདེཝ་ལས་བརྟེན་ཏེ་སྦེ་ ད་ལྟོ་ ཏེ་དར་སྣེ་ལྔ་ལྷ་ ཏེ་རག་ཤ་གི་ཞལ་འབགཔ་བཞེས་སྦེ་རྐྱབ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་འབདཝ་ད་ འདི་ཏེ་མ་པ་ གཏེར་བཏོན་ཀརྨ་གླིང་པ་གི་གཏེར་མ་ཨིན་མས། དེ་འབདཝ་ད་ གཏེར་བཏོན་རྡོ་རྗེ་གླིང་པ་ ཏེ་ཁོ་ར་མར་བར་དོ་ལུ་བྱོན་ཏེ་ ཏེ་མར་ལས་བར་དོ་གི་ ཏེ་སྐུ་འཆམ་ གར་འཆམ་འདི་ཚུ་ག་དེ་སྦེ་བསྣམས་བྱོན་ཡི་ག་ འ་ནཱི་ ཏེ་མར་ག་དེ་སྦེ་མཛད་དོ་ག མར་ག་དེ་སྦེ་འདུག་ག གཏེར་བཏོན་རྡོ་རྗེ་གླིང་པ་གིས་འབད་གཟིགས་ཞིན་ན་ ཏེ་གཏེར་བཏོན་ཀརྨ་གླིང་པ་གིས་ ཏེ་སྲིད་པ་བར་དོ་ནང་ལས་བཏོན་ཞིན་ན་ གཏེར་བཏོན་རྡོ་རྗེ་གླིང་པ་གིས་ ཏེ་རག་ཤ་དམངས་འཆམ་ཟེར་ བཙུགས་བཙུགསཔ་ཨིན་མས་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་འབདཝ་ད་ རག་ཤ་འདི་ ཁོ་ར་སྐུ་གཟུགས་འདི་ རག་ཤ་ཐོད་ཕྲེང་རྩལ་ཟེར་གསལཝ་ཨིན་མས། འདི་ཏེ་ཨོ་རྒྱན་གུ་རུ་གི་སྤྲུལ་པ་ཨིན་མས། དེ་འབདཝ་ད་ ཞལ་འདི་གཤིན་རྗེ་གི་ཞལ་འབདཝ་ལས་བརྟེན་ཏེ་སྦེ་ གཤིན་རྗེ་རག་ཤ་ཟེར་ཞུཝ་ཨིན་མས། དེ་འབདཝ་ད་ དེ་ཁ་ལུ་རྭཝ་གསུམ་ཡོད་མི་དེ་ བར་ན་དེ་འཕགསཔ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཨིནམ་ལས་བརྟེན་ཏེ་སྦེ་ ཡར་ལས་མར་ གསེར་ཏོག་ཏོག་སེརཔོ་ཅིག་དང་ དེ་ལསན་གདུགས་བཀལ་དགོ་པའི་གནད་དོན་ དེ་ལུ་བརྟེན་ཏེ་ཨིན་མས།
- རྡོ་རྗེ་དབང་འདུས་/ Dorji Wangdi:བར་ན་གི་འདི་འཇམ་དཔལ་དབྱངས་དངོས་སྦེ་གསལ་དགོཔ་ཨིན་མས། དེ་ལསན་ གཡས་འདི་འཕགསཔ་སྤྱན་རས་གཟིགས་ཀྱི་སྐུ་དངོས་སྦེ་གསལ་དགོཔ་ཨིན་མས། གཡོན་འདི་ཕྱག་ན་རྡོ་རྗེའི་སྐུ་དངོས་སྦེ་གསལཝ་ཨིན་མས། དེ་འབདཝ་ད་ རྭཝ་གསུམ་ལུ་ ཁོང་ལྷ་ཚོགས་གསུམ་སྦེ་ཆགས་ནི་ཡོད། ཞལ་དམརཔོ་འབད་མི་འདི་གིས་ ཏེ་རག་ཤ་ཐོད་ཕྲེང་རྩལ་ཟེར་གསལཝ་ཨིན་མས། དེ་འབདཝ་ད་ མ་པ་ཁོ་ར་ངོ་མ་འདི་ ཨོ་རྒྱན་གུ་རུ་ངོ་མ་སྦེ་གསལ་དགོཔ་ཨིན་མས། དེ་འབདཝ་ད་ ཏེ་རག་ཤ་གཅིག་ལུ་ར་ ལྷ་ལྔ་གསལ་ནི་ཡོད།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་འབདཝ་ད་ དེ་གི་ལིའུ་དང་འཁྲིལ་ཏེ་སྦེ་ ག་ར་ལྷ་གསལ་དགོཔ་དང་ མར་དམྱལ་ཁམས་གཟིགས་དགོཔ་ག་ར་ལེ་ཤ་ཡོད། དེ་འབདཝ་ད་ དུས་ཚོད་མ་ཐོབ་ལས་བརྟེན་ཏེ་སྦེ་ ད་ལྟོ་ཞུ་མ་ཚུགས་ཟེར་ཞུ་ནི། དེ་ལས་ ཉིནམ་གསུམ་པམ་ནང་ལུ་ ལས་རིམ་བཞི་པ་ནང་ སངས་རྒྱས་གླིང་པ་གི་རྔ་འཆམ་ དེ་ཡང་ ཏེ་རྔ་འཆམ་གྱི་ནང་གསེས་ནང་ལས་ རྡོ་རྗེ་གླིང་པ་གི་རྔ་འཆམ་ལོ་ པད་མ་གླིང་པ་གི་རྔ་འཆམ་ལོ་ དེ་ལས་འུག་པ་གླིང་པ་གི་རྔ་འཆམ་ལོ་ གཏེར་བཏོན་སངས་རྒྱས་གླིང་པ་གི་རྔ་འཆམ་ལོ་ ཀརྨ་གླིང་པ་གི་རྔ་འཆམ་ལོ་ ལེ་ཤ་འདུག ཁོང་གཏེར་བཏོན་ལྔའི་ནང་ལས། དེ་འབདཝ་ད་ གཏེར་བཏོན་སངས་རྒྱས་གླིང་པ་གི་རྔ་འཆམ་འདི་ མ་པ་ཨིན་རྒྱུ་ ང་བཅས་དགྲ་མེད་རྩེའི་རྔ་འཆམ་ལྟར་དུ་ཨིན།
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་ཧེ་མ་འདི་ སེང་གེ་སྦེ་འཐོནམ་ཨིན་མས། ཤུལ་མ་འདི་ ཤཝ་སྦེ་འཐོནམ་ཨིན་མས། དེ་འབདཝ་ད་གཏེར་བཏོན་སངས་རྒྱས་གླིང་པ་གི་རྔ་འཆམ་འདི་ ད་དཔའ་བོ་དཔའ་མོ་ མཁའ་འགྲོ་འབུམ་གྱིས་ ཏེ་ཚོགས་ཀྱི་འཁོར་ལོ་ མཆོད་པ་རྒྱ་ཆེན་པོ་བསྐོར་བ་ལས་བརྟེན་ཏེ་སྦེ་ ཡར་རྔ་འཆམ་གྱི་ཚུལ་ དགའ་བའི་བྲོ་འཆམ་ སྐྱིད་པའི་གླུ་ལེན་ཏེ་འབད་དོ་བཟུམ་སྦེ་ ང་བཅས་ར་གི་འ་ནཱི་གིས་འབད་ཞིན་ན་ ཏེ་ཟངས་མདོག་དཔལ་རི་ཞིང་ཁམས་ལུ་ ཚོགས་ཀྱི་འཁོར་ལོ་དང་མཆོད་པའི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནི་གི་དོན་དག་ལུ་ རྔ་འཆམ་གྱི་ཚུལ་སྦེ་ ཕུལཝ་ཨིན་མས་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:ཏེ་མ་པ་ མདོར་བསྡུས་ཏེ་ཞུ་བ་ཅིན་ ནེ་སྦེ་ཨིན་མས། དེ་འབདཝ་ད་ ལེའུ་གྲངས་འབད་བ་ཅིན་ ང་བཅས་དང་པ་རང་ ཞིང་ཁམས་གསལ་ནི་ལོ་ དེ་ལསན་མར་ས་གཞི་བཅགས་ནི་ལོ་ དེ་ལསན་ཏེ་འདི་ཁ་ལུ་ མཆོད་པའི་ལྷམོ་གསལ་ནི་ལོ་ འདི་ཁ་ལུ་ དེ་ལསན་ཏེ་ ཚོགས་ཀྱི་འཁོར་ལོ་གསལཝ་ཨིན་ལོ་ དེ་ལསན་ ཡར་མཆོདཔ་ཕུལཝ་ཨིན་ལོ་ དེ་ལསན་ འདི་གི་ནང་ན་ ཏེ་ལེ་ཤ་གསལ་ནི་ཡོད། དེ་འབདཝ་ད་ རྔ་འཆམ་གྱི་ཚུལ་ མདོར་བསྡུས་ཅིག་ཞུ་བ་ཅིན་ འ་ནཱིམ་ཅིག་ཨིན་མས་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་འདུས་/ Dorji Wangdi:ད་དོན་ཚན་ལྔ་པ་ལུ་ རག་ཤ་དམངས་འཆམ་འདི་ ག་ཏེ་ཡང་མ་མཁྱེནམ་ཅིག་མེད། ད་དམངས་འཆམ་ ཏེ་དང་པ་ར་ རག་ཤ་གིས་ཁྱིད་ཞིན་ན་ མཇུག་འདི་ཤཝ་གིས་འབད་བསྡུ་སྟེ་སྦེ། ཏེ་དང་པ་ རག་ཤ་མགོ་འཆམ་ལོ་ དེ་ལསན་གཉིས་པ་ རག་ཤ་དམངས་འཆམ་ལོ་ གསུམ་པ་ཏེ་ང་བཅས་ ཏེ་རྫོང་ཁག་ནང་འབད་བ་ཅིན་ དང་པ་རག་ཤ་གི་མཇུག་འཆམ་གཏངམ་ཨིན་མས། ང་བཅས་ནཱ་ ཏེ་མཇུག་འཆམ་འདི་ ཤཝ་མཇུག་འཆམ་སྦེ་གཏངམ་ཨིན་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:འདི་ཤཝ་མཇུག་འཆམ་མ་ལྷོད་པའི་ཧེ་མ་ དེ་ལསན་ ཆོས་རྗེ་འབྱོན་ཚུལ་དང་ དེ་ལསན་ཏེ་བར་ན་ ལས་མཁན་འདི་ཚུ་གིས་ཁྲམ་ཤིང་ཕུལ་ནི་ལོ་ དེ་ལསན་ གསལ་བའི་མེ་ལོང་གཟིགས་ནི་ལོ་ དེ་ལསན་ཏེ་ ཁོང་སྤྲེའུ་གི་སྲང་འཇལ་ནི་ལོ་ དེ་ལསན་ [སྨས་སྦུབ་?]ལོ་ ཁྱིམ་བདག་དཔལ་གྱི་ལོ་ འདི་ག་ར་མ་པ་འདི་ ག་ཏེ་ཡང་ རྫོང་ཁག་ཁལ་གཅིག་ནང་ ག་ཏེ་ཡང་བཙུགས་སྲོལ་འདུག
- རྡོ་རྗེ་དབང་འདུས་/ Dorji Wangdi:དེ་འབདཝ་ད་ དེ་ལྟར་དུ་སྦེ་ཨིན་ ཟེར་ཞུ་ནི། དེ་འབདཝ་ད་བོད་འཆམ་ ཁ་གིས་བོད་འཆམ་ཟེར་སླབ་མམ་ ཏེ་རག་ཤ་དམངས་འཆམ་ འདི་ང་བཅས་ནཱ་གི་འདི་ གཏེར་བཏོན་པདྨ་གླིང་པ་གི་གཏེར་འཆམ་ལྟར་དུ་སྦེ་ འབདཝ་ལས་བརྟེན་ཏེ་སྦེ་ ད་ལྟོ་ཟུར་ཟུར་ ཏེ་རྫོང་ཁག་ལུ་ཡོད་མི་དང་ཨ་ཙི་ཅིག་མི་འདྲ་ ཟེར་ཞུ་ནི་ལགས། དེ་ལསན་ ཏེ་ཕྱི་རུ་རག་ཤ་གིས་ཁྱིད་དེ་སྦེ་ དམངས་འཆམ་འཛུལ་ཚརཝ་ཅིག་ དེ་ལས་ཤཝ་མཇུག་འཆམ་འདི་རྐྱབ་ཞིན་ན་ ཏེ་མཇུག་བསྡུཝ་ཨིན་ཟེར་ཞུ་ནི།
- རྡོ་རྗེ་དབང་འདུས་/ Dorji Wangdi:འདི་གི་རྟིང་ང་ཤུལ་བདའ་སྟེ་སྦེ་ ང་བཅས་ཞབས་བྲོ་རྐྱབ་མི་འདི་ཚུ་གིས་ ལེགས་པས་ཅིག་སྒོར་སྦེ་ བཀྲ་ཤིས་ལེགས་པས་ཅིག་སྒོརཝ་ཞིན་ན་ དེ་སྦེ་མཇུག་བསྡུཝ་ཨིན་ཟེར་ཞུ་ནི། ད་འདི་ ང་ནཱ་སྦས་གླིང་གི་ ཏེ་དོ་དམ་བགྲེསཔ་ རྡོ་རྗེ་དབང་འདུས་ཀྱིས་ཞུ་མི་འདི་ ཏེ་བཟོད་གསོལ་རེ་ཡོད་པ་ཅིན་ བཟོད་པ་བཞེས་གནང་། ལེགས་ཤོམ་ཅིག་ང་གིས་ གནམ་མེད་ས་མེད་ཞུ་མ་ཚུགས་ཟེར་ཞུ་ནི། ཏེ་འཛོལ་བ་རེ་ཡོད་པ་ཅིན་ ག་ར་གིས་ཐུགས་བཟོད་པ་བཞེས་གནང་། ཏེ་ང་ར་ཧེ་མ་ དཔེ་ཆ་འདི་ཚུ་ལེགས་ཤོམ་བལྟ་བལྟཝ་མེདཔ་ལས་བརྟེན་ཏེ་སྦེ་ ཏེ་ལེགས་ཤོམ་ཅིག་ཞུ་མ་ཚུགས་ཟེར་ཞུ་ནི། བཀྲིན་ཆེ།། །།