Skip to main content Skip to search
01 Sep 2018
6 min 55 sec
Video Overview
Creators: 
Duptho

An Arpa dance (dance of warriors), commonly known as Badshey in the western parts of the country, is performed during local festivals to subdue demons and spirits. Similarly, in the eastern parts of the country, they had a similar culture known as the Arpa dance that was usually performed on the 10th to 15th day of the 4th month of the Bhutanese calendar to subdue local deities. According to Norbu, it is believed that this cultural was brought by the arrival of the god Doendrup Karpo from heaven to subdue demons in the universe after a meeting of the gods in heaven. During his arrival, people paid homage and he vanquished evils through the means of the Arpa dance. Today this dance is performed by warriors carrying a sword in their right hand and wearing armor around their torso, shouting "Tah Hueee". The sword represents the sword of god, the scarf represents the iron armor and the shouting symbolizes victory over evil.

༉  འབྲུག་གི་ནུབ་ཕྱོགས་ཁ་ཐུག་འབདཝ་ད་ལུ་ རྦད་བཤད་ཟེར་ བདུད་དང་མི་མ་ཡིན་པ་ཚུ་བཏུལ་ཐབས་ལུ་ གཡུས་ཁའི་ཚེས་བཅུའི་སྐབས་རྐྱབ་སྲོལ་ཡོད་དོ་བཟུམ་སྦེ་ ཤར་ཕྱོགས་རྫོང་ཁག་གི་ས་གནས་ལ་ལུ་ཅིག་ནང་ བདུད་དང་མི་མ་ཡིན་པ་ཚུ་བཏུལ་ཐབས་ཨིན་ཟེར་ འདི་དང་ཆ་འདྲ་བའི་ཨར་པའི་འཆམ་ཟེར་མི་ཅིག་ ལོ་ལྟར་རང་ཟླ་ ༤ པའི་ཚེས་ ༡༠ དང ༡༥ ལུ་རྐྱབ་ནི་འདུག བཤད་པ་རྐྱབ་མི་ནོར་བུ་དང་འཁྲིལ་བ་ཅིན་ ལམ་སྲོལ་འདི་འགོ་ཐོག་དང་པ་ ལྷ་དོན་གྲུབ་དཀར་པོ་ཟེར་མི་འདི་ ལྷ་ཡུལ་ལས་འཇིག་རྟེན་ནང་ བདུད་བཏུལ་ནིའི་དོན་ལུ་བྱོན་པའི་སྐབས་ འགོ་བཙུགས་ཡོདཔ་སྦེ་ཨིནམ་ད་ དེ་བསྒང་ ང་བཅས་རའི་འཇིག་རྟེན་འདི་ བདུད་ཀྱིས་དབང་ཡོདཔ་ལས་ ཨར་པའི་འཆམ་ལུ་བསྟེན་ཏེ་ བདུད་ཆ་མཉམ་དམ་བཏགས་ནུག ད་རེས་ནངས་པ་ འཆམ་འདི་དམག་མི་བཟུམ་སྦེ་མི་ཅིག་གིས་ ལགཔ་གཡསཔ་དཔའ་རྟགས་འབག་ ཁོད་སྟོད་ལུ་ཁོ་ཁྲབ་གྱོན་ཏེ་ ལྟས་ཁི་ཡ་ལྟས་ཁི་ཡ་ཟེར་ སྐད་རྐྱབ་ཐོག་ལས་ བདུད་འདི་ཚུ་བཏུལ་བའི་ཚུལ་སྟོནམ་ཨིན་མས།

Transcript search
No results found for this search
0 of 0
  • ནོར་བུ Norbu
    ལགས་སོ། ད་ དང་པོ་ འེང་ ད་ ང་བཅས་ནང་ཨར་པ་འཐོན་ཐངས། བཤད་འཐོན་ཐངས་ ཨ་ནཱི་སྐོར་ལས་ཅིག་ ད་ ལོ་རྒྱུས་ཅིག་ཞུ་གེ་ལགས། ད་ ལོ་རྒྱུས་ཞུ་དགོ་མི་འདི་ ག་དེ་སྦེ་ཟེར་བ་ཅིན་ ད་ དང་པོ་ སྟེང་ཕྱོགས་ལྷ་ཡུལ་ལུམ་པ་ལུ་ འེང་ ཡབ་ཚངས་པ་དཀར་པོ་དང་ ཡུམ་བུམོ་ཅུང་རྒྱལ་མོ་གཉིས་ལུ་ བུ་སྤུན་གསུམ་འདུག་ཟེར། བུ་སྤུན་གསུམ་འདི་ ལྷ་ག་ར་ གྲོས་བསྟུན་ཅིག་འབད་དེ། ལྷ་ཡུལ་ལུ་ གྲོས་བསྟུན་འབདཝ་ད་ལུ་ འཇིག་རྟེན་མི་ཡུས་ལུམ་པ་ལུ་ བདུད་ཀྱིས་དར་ཁྱབ་འོང་སྟེ།
  • ནོར་བུ Norbu
    ཏེ་ ང་བཅས་འཇིག་རྟེན་མི་ཡུལ་ལུམ་པ་ མི་ལུ་ བདུད་ཀྱི་དར་ཁྱབ་སོང་སྟེ་ ཨ་ནཱི་བཟུམ་ཅིན་འདུག མི་ཡུལ་ལུ་གཏང་དགོ་པས་ཟེར་སླབ་ད་ལུ། ཡབ་ཀྱིས་ ཁྱོད་བུ་སྤུན་གསུམ་འདི་ ག་འགྱོ་རུང་འགྱོ་ཟེར་སླབ་ད་ལུ་ ཁྱོད་སོང་ ང་སོང་ཟེར་སླབ་སྡོད་དེ། བུ་སྤུན་གསུམ་གྱིས་ འགྱོ་མ་བཏུབ་པས། འགྱོ་མ་བཏུབ་ད་ལུ་རང་ ད་ ཁྱོད་སྤུན་གསུམ་ ཁས་མ་འཆམ་པ་ཅིན་ ད་ ཏེ་ ང་བཅས་ [ཤོ་ མདའ་ སྟེ་ང་བཅས་ ལེམ་སྒོར་] ཨ་ནཱི་གསུམ་འདི་ ཁྱོད་ར་ ད་འབདན་ རྩིའུ་ལུ་འབབ་འོང་ག འགན་ག་ལུ་ཕོག་འོང་ག འགྱོ་དགོ་ཟེརཝད་ལུ་ ཏེ་ ཕྱི་རུ་སྟེ།
  • ནོར་བུ Norbu
    དྲོ་པ་ཧ་སག་ར་ ཏེ་ ད་ ཤོ་འགན་བརྐྱབ་སྟེ་ ཏེ་ བུ་དོན་གྲུབ་དཀར་པོ་ལུ་འབབ་ནུག ཉིན་དགུང་ལུ་ [རྒོར་མོ་མདའ་ལས་རྩེད་ཀྱང་ཟེར་ རྡོ་ལུ་ ལེམ་སྒོར་]རྐྱབ་ནུག དེ་བསྒང་ ཁོ་ལུ་འབབ་ནུག ཕྱི་རུ་སྟེ་ ང་བཅས་ མདའ་བརྐྱབ་སྟེ་ དེ་བསྒང་ ཏེ་ བུ་ལུ་འབབ་ནུག བུ་དོན་གྲུབ་དཀར་པོ་ལུ་འབབ་ནུག དེ་ལས་ ཁོ་ཡར་ལས་མར་འོངམ་ད་ སྟེང་ལྷ་ལས་མར་ འཇིག་རྟེན་མི་ཡུལ་ལུ་ འོངམ་པའི་སྐབས།
  • ནོར་བུ Norbu
    དེ་ལས་ བྱ་ཁོག་ཏེ་གིས་སེར་པོ་སེར་ལས་བྱེད། །ཟེར་ ཁོག་མོའི་སྔོན་མོ་གཡུ་ལས་བྱེད་ཟེར། ཁོག་རྒྱུད་ཁོག་ཏེ་སེར་པོ་དཀར་ལས་བྱེད། ། ཟེར་ རྐེད་པར་དཀར་པོ་གདུང་ལས་བྱེད། ། ཟེར་ འདར་བྱེད་ནག་པོ་ལྕགས་ལས་བྱེད། ། མིག་གཞི་སྔོན་པོ་ཟིར་ལས་བྱེད། ། ཟེར་ ཏེ་ ཨ་ནཱི་བཟུམ་ལུ་སྤྲུལ་ཏེ་ འཇིག་རྟེན་མི་ཡུལ་ལུམ་པ་ཕེབས་ད་ལུ་ འཇིག་རྟེན་མི་ཡུལ་ལུམ་པ་ལུ་ཕེབས་ད་ གླིང་མཁར་སྟོད་ཟེར་ས་ལུ་ ཕེབས་ད་ལུ་ གླིང་མཁར་སྟོད་ཟེར་ས་ལྷོདཔ་ད་ ག་ར་ སེར་གྱི་ཞོང་པ་ ཨོམ་བཀང་བཀངམ་བཟུམ་སྦེ་མཐོང་ནུག
  • ནོར་བུ Norbu
    མཐོང་ཞིནམ་ལས་ ཏེ་ དེ་ལས་ ཏེ་ ཁོ་གིས་ རྟེན་འབྲེལ་ལུ་འགྱོཝ་ད་ལུ་ དེ་བསྒང་ ཨ་ཁུ་ཁྲི་ཅུང་རྟགས་རྒྱས་འདི་ ཁོ་གིས་གཡུས་ ཁོ་གིས་བྱག་ཐོག་ཁར་སྤུབས་སྡོདཔ་ད་ ཨ་ཁའི་ རྟས་ངན་ཨིན་མས་ཟེར་ ཁོ་ལུ་མདའ་བརྐྱབ་བཏང་ནུག ཨ་ཕར་སང་དག་རབ་རྒྱས་འདི་ ཁོ་གིས་ [དགྲ་རྩེ་ཅེ་ཅིག་] [བུར་ཐིག་ཀ་སྤུབས་]སྡོདཔ་ད་ལུ་ དེ་བསྒང་ལུ་ ཏེ་ ད་ ཁོ་ ཧེ་མ་མཐོང་མ་མྱོང་བའི་བྱ་ཅིག་འདུག་ཟེར།
  • ནོར་བུ Norbu
    བྱ་ཁོག་ཏེ་སེར་པོ་སེར་ལས་བྱེད། །ཟེར་ ནོར་བུ་སེར་བའི་སེར་པོ་བཞུགས་གདན་རེད། །ཟེར་ ཁོག་མོའི་སྔོན་མོ་གཡུ་ལས་བྱེད་ཟེར། །ནོར་བུ་གཡུ་འཕེལ་སྔོན་མོ་བཞུགས་ནས་རེད། །ཟེར་ རྐེད་པར་དཀར་པོ་གདུང་ལས་བྱེད། །ཟེར་ རྐེད་པར་དཀར་པོ་གདུང་ལས་བྱེད། །ལྷ་དབང་པོ་བརྒྱ་བྱིན་བཞུགས་གདན་རེད། ། ཟེར་ འདར་བྱེད་ནག་པོ་ལྕགས་ལས་བྱེད། །འདར་བྱེད་ནག་པོ་ལྕགས་ལས་བྱེད། །
  • ནོར་བུ Norbu
    དེ་ལས་ མདའ་དར་ རྒོར་ཕུག་ནང་གི་མདའ་ཁྱེར་ཤོག །མདའ་དར་ནང་གིས་མདའ་ཤོག་ཇོ། །མདའ་རྒོར་ཕུག་ནང་གིས་དར་ཁྱེར་ཤོག །ཟེར་ ཏེ་ ཤོས་བུ་ནང་གིས་མདའ་ཁྱེར་ཤོ། ཟེར། དེ་ལས་ ཏེ་ ཁོ་ལུ་རྟེན་འབྲེལ་འབད་དེ། དེ་ལས་ ཏེ་ ཁོ་ལུ་ ང་བཅས་ཀྱི་ ལུམ་པ་ལུ་ དེ་ལས་ ཏེ་ ཨ་ནཱ་རྟེན་འབྲེལ་འབད་དེ། དེ་ལས་ ང་བཅས་རའི་ གླིང་གེ་སར་འདི་ ང་བཅས་རའི་ མི་ཡུལ་ལུ་ཕེབས་ནུག
  • ནོར་བུ Norbu
    ཕེབས་ད་ལུ་འདི་ དགྲ་བཏུལ་ལུགས་ཟེར་ ང་བཅས་ཨར་པ་ཟེར་ ཏེ་ ཅིག་ ཟླཝ ༤ པའི་ཚེས་ ༡༠ ལས་ ༡༥ ལུ་ལྷོདཔ་ད་ ཆོས་བསྐོར་ཅིག་འབད་འོང་། ཆོས་བསྐོར་འབདཝ་ད་ལུ་ དེ་བསྒང་ ཏེ་ ང་བཅས་ རྦད་བཤད་ཟེར་རྐྱབ་འོང་། ཧེ་མ་ར་ ཏེ་ བྱ་ཁོག་ཏེ་སེར་པོ་སེར་ལས་བྱེད། །ཟེར་ ནོར་བུ་སེར་བའི་སེར་པོ་བཞུགས་གདན་ཟེར། །ཁོག་མོའི་སྔོན་མོ་གཡུ་ལས་བྱེད། །ཟེར་ ནོར་བུ་གཡུ་འཕེལ་སྔོན་མོ་བཞུགས་ནས་རེད། །ཟེར་ རྐེད་པར་དཀར་པོ་གདུང་ལས་བྱེད། །ལྷ་དབང་པོ་བརྒྱ་བྱིན་བཞུགས་གདན་རེད། །འདར་བྱེད་ནག་པོ་ལྕགས་ལས་བྱེད། །འདར་བྱེད་ནག་པོ་ལྕགས་ལས་བྱེད། ། ཟེར་ ཏེ།
  • ནོར་བུ Norbu
    དེ་ལས་ ཏེ་ རྦད་བཤད་བརྐྱབ། ཨ་ནཱི་རྦད་བཤད་བརྐྱབ་དགོ་མི་འདི་ ཨ་ནཱི་འདི་ དགྲ་བཏུལ་ལུགས་ ང་བཅས་རའི་ ལུམ་པ་ནང་ལུ་ཆོས་འབད། ཆོས་ ནང་པའི་སངས་རྒྱས་ཀྱི་ཆོས་འབད། ཆོས་ཀྱིས་ནང་ན་བསྐོར། དེ་ལས་ ཕྱི་ཁ་ལུ་ལྷོདཔ་ད་ ཆུ་རུང་ཟེར་ ཏེ་ གྱི་ཅུ་ཅིག་བཤེད། དེ་ལས་མགོ་ཏོག་ ཨར་པ་གི་ཟེར་ བཟུང་ཅིག་གིས་སྤུར་ཏེ་འབག དེ་ལས་ ཏེ་ དགྲ་ཟེར་བཏུལ་ལུགས་འབད་དེ་ ཕར་ལས་ཚུར་ དམག་འབག་བའི་སྲོལ་འབད་ ཕར་ལུ་དམག་འབག་ལུགས་འབད་དེ། ཨི་ཧུ་ཧུ་ཟེར་ ཨ་ནཱི་འབག་ལུགས་འབདཝ་ད་ལུ་ ཏེ།
  • ནོར་བུ Norbu
    ཨ་ནཱི་བཟུམ་འབད་ དགོ་མི་འདི་ ཏེ་ བཅའ་གླིང་ལུམ་པ་ལུ་ ཚེས་བཅུ་ཁག་ ༤ ཡོད། ཚེས་བཅུ་ཁག་ ༤ ནང་ གདན་ཆང་ཁག་བཞི་ནང་བསྐོར། དེ་ལས་ཏེ་ རྦད་བཤད་ཟེར་ བརྐྱབ་ལུགས་ ཨ་ནཱི་སྦེ་འོང་། ཏེ་ རྦད་བཤད་ཟེར་ བརྐྱབ་དགོཔ་ཅིག དེ་ལས་ ཏེ་ མ་པ་ མི་ལུ་ འཇིག་རྟེན་མི་ཡི་ལུམ་པ་ལུ་ འགྱོ་བ་ཅིན་ ཏེ་ ད་ ང་བཅས་ ཡར་སྟེང་ལྷ་ལས་མར་ འབག་འོང་ལུགས། རྩོད་གླུ་ཅིག་ སྔན་པའི་རྩོད་གླུ་ཟེར་ཅིག་འོང་།
  • ནོར་བུ Norbu
    ད་ དེ་ལས་ དེ་ལས་ འབད་བཤད་ཟེར་མི་འདི་ འབད་དགོཔ་འཐོན་མི་འདི་ ད་ ང་བཅས་སྔན་པ་རྩོད་གླུ་ཟེར་ ཡ་ ང་འཇིག་རྟེན་མི་ཡུལ་ལུམ་པ་འགྱོ་དགོ་པ་ཅིན་ ད་ སྔན་པའི་མི་ཅིག་ཆེ་བ་དགོས། ། དེ་ལས་ ཡར་ལས་མར་ ཡབ་ཡུམ་ལུ་ རྩོད་ལུགས་འབད་དེ། ཡར་ལས་མར་ ལྷ་གི་ལུམ་པ་ལས་མར་ འཇིག་ལྟེན་མི་ཡུལ་ལུ་ འབག་འོང་ལུགས་འོང་ལགས།
  • ནོར་བུ Norbu
    ང་བཅས་ར་ཡུལ་དུ་ འགྲོ་དགོས་ན་ སྔན་པའི་མི་ཅིག་ཆེ་བ་དགོ །ཟེར་ རྟ་ཕོ་ཀྱང་གོས་ཡེར་པོ་དགོ །འོག་ཏེ་ཀྱང་གོས་ཡེར་པོ་དགོ །ཟེར་ ཁྲབ་ཆེན་སེར་པོའི་གྱོན་ལས་དཀར། །བཞུགས་གདན་ནག་མོའི་གླིང་བཞི་དགོ །ཟེར་ ཨ་ནེ་དགུང་སྨན་རྒྱལ་མོ་གིས་ ཨམ་མའི་བྱ་ལས་ཐོད་དཀར་དགོ །ཟེར་ དེ་ལས་ ཨ་ནཱི་ལས་ གདོང་པ་ སེར་གདོང་ལྔ་དང་ཆ་བརྒྱད་དགོ །དངུལ་གདོང་ལྔ་དང་ཆ་བརྒྱད་དགོ །རལ་གྲི་སྔོ་དམར་འདུ་བྱེད་དགོ །ཟེར་ ཨ་ནི་ཱལས་ ཁོ་གིས་འདུ་བྱེད་ཚུ་ ཁོ་གིས་འབག་འོང་། ཏེ་ ཡར་ལས་མར་རྩོད་གླུ་ཨིན།
  • ནོར་བུ Norbu
    འཇིག་རྟེན་མི་ཡུལ་ལུམ་པ་ལྷོད་ཞིནམ་ལས་ དེ་ལས་ ཏེ་ ད་རེས་ནངས་པ་ ང་བཅས་ཀྱི་ལག་པར་ ཨར་པ་ཟེར་མི་ ལག་པར་གྱི་ཅུ་བཤེད་དགོ་མི་ དུས་ཚོད་ རལ་གྲི་སྔོ་དམར་འདུ་བྱེད་ཀྱིས་ ཁོ་གིས་འདུ་བྱེད་ ཁོ་གིས་ དཔྱེ་ཅིག་ཨིན། དེ་ལས་ གཟུགས་ཁར་རྫོང་གིས་དཀྲིས་ཏེ་བཟོ་མི་ཅིག་འོང་། ཁྲབ་ཆེན་སེར་པོའི་གྱོན་ལས་ ཁོ་གིས་ཁྲབ་ གྱོན་ལུགས་དཔྱེ་ཅིག་ཨིན།
  • ནོར་བུ Norbu
    དེ་ལས་ ཏེ་ གྱི་ཅུ་གཡུག་སྟེ་ ཕར་འབག་སྟེ་ ཨི་ཧུ་ཧུ་ཟེར་ འབག་ལུགས་ཅིག་འོང་། དེ་ལས་ ཏེ་ འ་ དགྲ་ཕྱོགས་བཞི་གླིང་བཞི་ བདུད་བཏུལ་ནི་ཨིན་ཟེར། དགྲ་ཕྱོགས་བཞི་གླིང་བཞི་ བདུད་བཏུལ་ནིའི་དཔྱེ་ཨིན། དེ་ལས་ ཏེ་ བཞུགས་གདན་ནག་མོའི་གླིང་བཞི་ཟེར་ དེ་ལས་ ཏེ་ ཁོང་གིས་ ང་བཅས་ཀྱིས་ གདན་ཆང་ཅིག་འབད་དེ་ རྩ་བར་སྡོད་ནིའི་དཔྱེ་ཅིག་ཡོད། དཔྱེ་ཅིག་འབདཝ་ད་ལུ་ བཞུགས་གདན་ནག་མོའི་ གླིང་བཞི་ཟེར་ ཏེ་ གླིང་བཞི་ཐོག་ཁར་ ཏེ་ ང་བཅས་ རྩ་བར་སྡོད་ནིའི་དཔྱེ་ཅིག་ཨིན།
  • ནོར་བུ Norbu
    དེ་ལས་ ཁོ་ ད་ ལུམ་པ་ལུ་བསྐོར་ར་ཅིག་འབད་ནི་ཡོད། ཆོས་ཀྱིས་ ཧེ་མ་འབད་ གྱི་ཅུ་གཡུག་སྟེ་ བསྐོར་ར་འབད་དགོཔ་ཅིག དེ་བསྒང་ ཏེ་ དགྲ་བཏུལ། དགྲ་ཕྱོགས་བཞི་གླིང་བཞི་བཏུལ་ལུགས་ཅིག་དང་ ཕར་ ཕེབས་མི་ཅིག་ཨིན། དེ་ལས་ ཏེ་ [ར་འདི་རཝ་པུ་] ཧེ་མ་ དང་ཕུག་ ང་བཅས་ཀྱི་ ཨ་ནཱ་ དགེ་སློང་ཧྲང་ཅུང་ཟེར་མི་འདི་ ཆིབས་པ་ཅིག་བཞེས་ཏེ་ ཕེབས་ནི་འདུག ཨ་ནཱ་ཕེབས་པའི་དཔྱེ་འདི་ ཨ་ནཱ་རྟ་ཕོ་ཀྱང་གོས་དཀར་འདི་ ཞོན་ཏེ་ ཕེབས་ལུགས་ཀྱི་དཔྱེ་ཨིན་ལགས། ཨ་ནཱི་བཟུམ་ཅིག་ཨིན་ལགས།
  • ནོར་བུ Norbu
    དེ་བསྒང་ ཏེ་ ང་བཅས་ཀྱི་ ཟླ་ ༤ པའི། དེ་ལས་ སྔར་སྲོལ་ལམ་ལུགས་ཟེར་མི་འདི་ མ་ཉམས་པ་སྦེ་ར་ ཧེ་མ་ལས་ར་ ང་བཅས་ ཨ་ནཱ་མོན་པ་ཟེར་ ཏེ་ ཆགས་ཚར་བའི་ཤུལ་ལས་ ལོ་དུས་ཀྱི་སྐུ་རིམ་ཟེར་ དམངས་ཀྱི་སྐུ་རིམ་ཟེར་ བུམ་ཅིག་ལྷག་ བཀའན་འགྱུར་ཅིག་ལྷག་ ཆོས་ལྷག དེ་ལས་ ཏེ་ ང་བཅས་ མ་མོ་ཁུངས་ཁུངས་ཟེར་ གཏོར་བརྒྱ་བཙུགས། དེ་ལས་ ཏེ་ མཇུག་ལུ་སྟེ་ དགྲ་བཏུལ་ལུགས་འབད་དེ་ ཏེ་ ང་བཅས་ ལུམ་པ་ག་ར་ ཆོས་བསྐོར་ཟེར་ ཏེ་ གྱི་ཅུ་ཅིག་བཤེད། ཆོས་རྒྱབ་ཁར་འབག་ ལུམ་པ་བསྐོར་ར་བརྐྱབ།
  • ནོར་བུ Norbu
    གདན་ཆང་ཁག་ ༤ ཚུན་ བསྐོར་ར་འབད་ནི་གིས། དེ་ལས་ ཏེ་ ལོ་བརྒྱ་དང་བརྒྱ་གི་ཧེ་མ་ལས་ར་ ལྷ་གསོལ་མི་འདི་ ད་རུང་ཨིན་རུང་ མ་ཉམས་པར་ ད་རུང་ཟླ་ ༤ པའི་ཚེས་ ༡༠ ལས་ དམངས་ཀྱི་རིམ་འགྲོ་བཙུགས་ཏེ་ ཚེས་ ༡༥ ལུ་རྫོགས། དེ་བསྒང་ ཚེས་ ༡༥ ལུ་ བསྐོར་ར་འབད་ནིའི་ དཔྱེ་ཅིག་ཡོད། ཟླ་ ༦ པའི་ཚེས་ ༡༠ ལས་བཙུགས་ཏེ་ ཚེས་ ༡༥ ལུ་ ད་རུང་བསྐོར་ར་འབད། དེ་ལས་ ཏེ་ ཁོ་གིས་ དགྲ་བཏུལ་ལུགས་ཀྱི་དཔེ་འབད་ནིའི་ ད་རུང་རང་ ཨིན་རུང་ མ་ཉམས་པར་ཡོད་ཟེར་ཞུ་ནི་ཨིན།