Skip to main content Skip to search
23 Aug 2018
5 min 37 sec
Video Overview
Creators: 
Penchela

This conversation was heard through oral transmission, and also as a result of the informant being a zhey dancer himself. As mentioned by other informants, zhey was coordinated by Samthang Dung. Nowadays, there is less interest in performing zhey, so they give money for those performing zhey. Zhey was performed during the time of the Ngang Lhakhang consecration. The program contains many different types of folk dances, and ends with a performance of Tashi Labey.

ལོ་རྒྱུས་འདི་ ངག་རྒྱུན་ཐོག་ལས་ བཤད་དོ་ཡོདཔ་ཨིན་མས། དེ་ལས་ཁོ་རང་ཡང་ གཞས་རྐྱབ་མི་ཨིན་ནི་འདི་གིས་ཤེས་ནུག། གཞས་འདི་ ཧེ་མ་བཟུམ་འབད་རང་ བསམ་ཐང་དུང་གི་འབད་ འགོ་དྲེན་འཐབ་འདི་འབད་རང་ རྐྱབ་ཨིན་མས། དེ་འབདཝ་ད་ གཞས་རྐྱབ་མི་མེད་པའི་ བཀའ་ངལ་གསལ་ཐབ་ལུ་ ཏི་རུ་བྱིན་འདི་ཡང་ རྐྱབ་སྲོལ་ཡོདཔ་ཟེར་ཨིན་མས། གཞས་ཚུ་ ངང་ལྷ་ཁང་རབས་གནས་ ཉིམ་ལུ་རྐྱབ་དོ་ཡོདཔ་ ཨིནམས། གཞས་འདི་ཚུ་ ངང་ལྷ་ཁང་གི་ རབས་གནས་གང་མ་ཏོག་ གཞན་ཁ་རྐྱབ་སྲོལ་མེད་དོ་ཡོདཔ་ཨིན་མས། དེ་ལས་ཉིནམ་མཇུག་ལུ་ རྒྱལ་པོ་སྲོང་བཙན་པོ་གིས་ ཁ་གཡོགས་ མཁའ་སྒྲོའི་རྟེན་བཞུགས་ མཆམས་མེད་སྒོག་པ་ དེ་ལས་བཀྲིས་ཕབ་འབད་ མཇུག་བསྡུ་ཡོདཔ་ ཨིན་མས། རྒྱལ་པོ་སྲོང་བཙན་་གམ་པོ་གིས་ རྒྱལ་སྲིད་བསྐྱོང་དགོ་པའི་ དོན་ལུ་རྐྱབ་སྲོལ་ཡོདཔ་ཨིན་མས། དེ་ལས་བཀྲིས་ མ་འཕབ་པའི་ཧེ་མ་ ཆང་མེད་སྒོག་པ་རྐྱབ་དགོ་མི་འདི་ཡང་ བགེག་དང་འབྱུང་པོ འདི་ཚུ་ འདམ་བཏགས་འདི་ གནོད་སྐྱོན་རྐྱབ་མ་བཅུགས་ནིའི་དོན་ལུ་ རྐྱབ་དོ་ཡོདཔ་ཨིན་མས། དེ་ལས་ བཀྲིས་ཕབ་འབད་མཇུག་བསྡུ་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ནོར་བུ་བསྟན་འཛིན་
    དེ་ལས་ དེ་གི་ཤུལ་གྱི་ཉིན་མར་འབད་བ་ཅིན་ རྒྱལ་པོ་སྲོང་བཙན་སྒམ་པོ་ དེ་ལས་ དེ་གི་ཤུལ་ལས་ བྱི་བའི་ལམ་སྒྲང་(??) ཁ་གཡོག་ མཁའ་འགྲོ་གི་བརྟན་བཞུགས་ དེ་ལས་ ཚམ་ཡོས་འགོག་པ་(??) དེ་ལས་ བཀྲིས་ཕབ་འབད་ ཏེ་ལེའུ་ཐེངས་དྲུག
  • ནོར་བུ་བསྟན་འཛིན་
    རྒྱལ་པོ་སྲོང་བཙན་སྒམ་པོ་ལུ་ ཕུལ་དགོ་པའི་ཁུངས་ག་ཅི་སྨོ་ཟེར་བ་ཅིན་ ད་ས་དེ་ཁར་ཡར་ལས་མར་དབང་དགོ་མི་འདི་ ང་བཅས་རའི་རྒྱལ་སྲས་འདི་གིས་མ་གཏོགས་ ཆོས་སྲིད་དེ་གིས་ དབང་ཚད་མིན་འདུག་ལགས།
  • ནོར་བུ་བསྟན་འཛིན་
    འདི་མེདཔ་ལས་བརྟེན་ཏེ་ རྒྱལ་པོ་སྲོང་བཙན་སྒམ་པོ་དེ་ཡང་ གནམ་མེད་ས་མེད་ཀྱི་ཏེ་ སྐུ༌དབང་སྐུ་བསོད་དབང་ཐང་སྦོམ་ཡོད་པ་ལས་བརྟེན་ འདི་བཟུམ་ཅིག་ཡར་ལས་དར་ཏེ་ ང་བཅས་འབྲུག་རྒྱལ་ཁབ་ནང་ ང་བཅས་ངང་གི་ ཚེས་བཅུ་འདི་ འ་ནཱི་བཟུམ་བཙུགས་དགོ་པའི་ དམིགས་ཡུལ་འདི།
  • ནོར་བུ་བསྟན་འཛིན་
    རྟིང་བདའ་སྟེ་ ཨེབ་དགོ་མི་འདི་ ཞབས་དྲུང་རིན་པོ་ཆེ་གིས་འབད་ར་ ཏེ་ མཛད་གནང་ནུག་ ཏེ་ ཨིན་རྒྱུ་ཧེ་མ་འདི་ ཡར་ལས་མར་ འདི་ཁར་གཞི་འགྱམ་བཙུག་མི་འདི་ མཁས་གྲུབ་ནམ་མཁའ་བསམ་གྲུབ་ཨིན་མས་ལགས།
  • ནོར་བུ་བསྟན་འཛིན་
    དེ་ལས་ རྟིང་བདའ་སྟེ་ འ་ནཱི་བཟུམ་ཅིག་ ཏེ་ ལེགས་ཤོམ་སྦེ་བཟོ་དགོཔ་མི་འདི་ཡང་ ཞབས་དྲུང་རིན་པོ་ཆེ་གིས་ འ་ནཱི་བཟུམ་ཅིག་ ལེགས་ཤོམ་ཡོད་པ་ལས་བརྟེན་ཏེ་ གདམ་ཁ་རྐྱབ་སྟེ་ རྒྱལ་པོ་སྲོང་བཙན་སྒམ་པོ་འདི་ བཙུག་གནང་ནུག
  • ནོར་བུ་བསྟན་འཛིན་
    དེ་ལས་ དེའི་ཤུལ་ལས་ རྒྱལ་པོ་སྲོང་བཙན་སྒམ་པོའི་ཤུལ་ལས་ ཁོང་གིས་ ཏེ་ད་ལེའུ་གཉིས་པ་འདི་ འབད་བ་ཅིན་ ང་བཅས་ཀྱི་ གཞས་བྱི་པའི་ལམ་ཁྲང་(?)ཟེར་ རྐྱབ་སྲོལ་ཅིག་ཡོདཔ་ཨིན་ལགས།
  • ནོར་བུ་བསྟན་འཛིན་
    འ་ནཱི་བྱི་བའི་ལས་ཁྲང་ཟེར་ རྐྱབ་དགོ་པའི་གནད་དོན་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་རང་སྐུ་འཆམ་གནང་ཚུ་གི་ ཁ་ཐུག་ལས་ གྲི་གིང་ཟེར་ ཞཝ་ལི་འཆམ་ཟེར་ཡང་ཞུཝ་ཨིན་ ང་བཅས་ཀྱི་ ཁ་ལས་འབད་བ་ཅིན་ ཞཝ་ལི་འཆམ་ཟེར་ ཏེ་འ་ནཱི་གནང་བའི་ཤུལ་ལས།
  • ནོར་བུ་བསྟན་འཛིན་
    ཏེ་ད་དམྱལ་བ་འདི་ འ་ནཱི་བཟུམ་ཅིག་ཨིན་ཟེར་བའི་ དཔེ་སྟོན་འབད་དེ་ ང་བཅས་མདུད་ཕུད་མཐུད་འགྱོ་ནི་ཡོདཔ་ཨིན་ལགས་ མདུད་ཕུད་མཐུད་འགྱོཝ་ད་ དམྱལ་བ་ནང་འཛུལ་བ་ཅིན་ འ་ནཱི་བཟུམ་སྦེ་འཁོར་བ་གཅིག་གི་གཅིག་ལུ་ ཨེབ་ནི་ཡོད་ཟེར།
  • ནོར་བུ་བསྟན་འཛིན་
    ཏེ་ད་དམྱལ་བ་འདི་ ང་བཅས་རའི་བསམ་པ་སེམས་བསྐྱེད་འདི་ ཨ་ཙི་ཅིག་ལེགས་ཤོམ་སྦེ་ དམ་པའི་ཆོས་ལུ་བརྩོན་པ་ཅིན་ ཐར་ནི་འ་ནཱི་བཟུམ་ཡོད་ཟེར་ བཤིག་སྟེ་ཐར་འགྱོ་ནི་ཡོདཔ་ཨིན་ལགས།
  • ནོར་བུ་བསྟན་འཛིན་
    ཐར་འདི་བཟུམ་ཅིག་སྦེ་འབད་བ་ཅིན་ ཏེ་མཇུག་ལུ་ ང་བཅས་ར་སངས་རྒྱས་ནི་གི་གོ་འཕང་འ་ནཱི་ཅིག་ཨིན་ཟེར་ དེ་ལས་ང་བཅས་ཀྱིས་ སྐར་སངས་གོང་ལུ་བཀྲམ་པ་འདྲ་ཟེར་མི་འདི་ སྐར་མ་བཟུམ་སྦེ་ ཡར་ནམ་མཁའ་ཡི་སྐར་མ་བཟུམ་སྦེ་ ང་བཅས་ཡང་ཡར་འགྱོ་ནི་གི་ གནད་དོན་འ་ནཱི་ཅིག་ཨིན་ཟེར་བའི་ ཁུངས་དང་དགོས་པ་འ་ནཱི་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • ནོར་བུ་བསྟན་འཛིན་
    དེ་ལས་ དེའི་ཤུལ་ལས་ གཞས་ཁ་གཡོ་ཟེར་རྐྱབ་སྲོལ་ཡོདཔ་ཨིན་ གཞས་ཁ་གཡོ་ཟེར་མི་འདི་ ད་ཤར་ལྷོ་ནུབ་བྱང་བསྐོར་ཏེ་རང་ཨིན་ལགས་ ཤར་ལྷོ་ནུབ་བྱང་བསྐོར༌དགོ་པའི་ གནད་དོན་འདི་ག་ཅི་སྨོ་ཟེར་བ་ཅིན་ ཤར་གྱི་ཁྲི་གདུང་གི་ཉི་མ་འདི་ མ་ཤར་ན་ ནུབ་གྱི་ཁ་བའི་གངས་དཀར་བཞུ་མི་ཚུགས་ཟེར་བའི་ གཏམ་དཔེ་གུར་སྦྱར་ཏེ་ཨིན་མས་ལགས།
  • ནོར་བུ་བསྟན་འཛིན་
    དེ་ལས་ ག་རང་འབད་རུང་ ལེགས་ཤོམ་འདི་ ནཱ་ལས་འགོ་མ་བཙུགས་པ་ཅིན་ མཇུག་བསྡུ་འདི་ བསྡུ་མི་ཚུགས་ཟེར་བའི་ དཔེ་ཨིན་ལགས་ ཏེ་འདི་འབདཝ་ལས་བརྟེན་ཏེ་ འ་ནཱི་ཉིནམ་གཅིག་གི་ ལེགས་ཤོམ་བཟོ་མི་ཚུ་ག་ར་ཡར་ གཞས་སྐོར་པའི་སྐོར་ལས་འབད་ ཏེ་ ང་བཅས་ཀྱི་ ཁ་གཡོ་ཟེར་མི་འདི་ གྱལ་བསྒྲིག་འབད་ དེ་ལས་ ཕར་དང་ཚུར་གཡོ་སྟེ་ ཏེ་ འདི་གླུ་བཟུམ་སྦེ་འཐེན་དགོ་ལགས།
  • ནོར་བུ་བསྟན་འཛིན་
    འ་ནཱི་གླུ་བཟུམ་སྦེ་འཐེན་དགོ་པའི་ གནད་དོན་འདི་འབད་བ་ཅིན་ ཏེ་ད་ང་བཅས་ཀྱི་ད་ ཚེས་བཅུ་ངང་པའི་རབ་གནས་འདི་ འ་ནཱི་བཟུམ་སྦེ་འབད་དགོ་མི་འདི་ ཏེ་ད་ཡར་དཀོན་མཆོག་བཞེས་ལོ་ཟེར་ ང་བཅས་ཀྱིས་ གླུ་འཐེན་དགོ་པའི་ གནད་དོན་འདི་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • ནོར་བུ་བསྟན་འཛིན་
    དེ་ལས་ ཕྱི་རུ་ཨིན་པ་ཅིན་ ང་བཅས་ཀྱི་ མཁའ་འགྲོའི་བརྟན་བཞུགས་ཟེར་ ཕུལ་སྲོལ་ཡོདཔ་ཨིན་ མཁའ་འགྲོའི་བརྟན་བཞུགས་ཀྱི་ ཧེ་མ་ཁོང་གིས་ མཁའ་འགྲོ་མའི་སྐུ་འཆམ་གནང་ནི་ཡོདཔ་ཨིན་ལགས།
  • ནོར་བུ་བསྟན་འཛིན་
    ཏེ་ མཁའ་འགྲོ་མའི་སྐུ་འཆམ་འདི་ཡང་ ཏེ་དངོས་སུ་འབད་རང་སྐུ་འཆམ་གནང་ གནང་བའི་ཤུལ་ལས་ ཏེ་ད་ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་ དེ་ལས་ ལྷོ་རིན་ཆེན་འབྱུང་གནས་ ནུབ་སྣང་བ་མཐའ་ཡས་ མཁའ་འགྲོ་མ་ཀུན་དུ་ཁོ་ར་དཀར་སེར་དམར་ལྗང་འབད་དེ་ ཏེ་འ་ནཱི་འདི་ཚུ་ཀྱི་ཚིག་གདངས་དབྱངས་ནང་ཡོདཔ་ཨིན་ལགས།
  • ནོར་བུ་བསྟན་འཛིན་
    ཏེ་འདི་ཡོདཔ་པ་ལས་བརྟེན་ཏེ་ ང་བཅས་ཀྱི་ མཁའ་འགྲོའི་བརྟན་བཞུགས་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • ནོར་བུ་བསྟན་འཛིན་
    དེ་ལས་ དེའི་ཤུལ་ལས་ ཏེ་ ཚ་མེ་འགོག་པ་ཟེར་མི་ཅིག་ཡོདཔ་ཨིན་ལགས་ འ་ནཱི་ཚ་མེ་འགོག་པ་ཟེར་མི་འདི་ ད་ཉིནམ་གཉིས་ཀྱི་ འདི་བཟུམ་གནང་བའི་ཤུལ་ལས་ དམ་ཉམས་པའི་དགྲ་བོ་ཚུ་བསྒྲལ་ནི་གི་ཡོདཔ་ཨིན་ལགས།
  • ནོར་བུ་བསྟན་འཛིན་
    ང་བཅས་ཀྱི་ འ་ནཱི་ནང་ཚིག་ཡང་ དེ་སྦེ་ཡོདཔ་ཨིན་ལགས་ བྱོ་བྱོ་འདྲ་བའི་སྙིང་ལ་འགྱོ་ འགྲོ་འགྲོ་དམ་པའི་དགྲ་ལ་བྱོའོ་ བྱོ་བྱོ་གནས་པའི་ བགེགས་ལ་བྱོ་ ཏེ་འ་ནཱི་སྦེ་ ཏེ་འ་ནཱི་ཚུ་ཁོང་གིས་ ཚིག་དང་འཁྲིལ་ཏེ་རང་ རྐང་ཐང་འབད་དེ་འཐུ་དགོ་ལགས།
  • ནོར་བུ་བསྟན་འཛིན་
    ཡར་འཐུ་ དེ་ལས་ བྱོ་བྱོ་དང་པོའི་དགྲ་ལ་བྱོ་ཟེརཝ་ད་ ནང་ན་མཆོངས་ དེ་ལས་ ད་རུང་ཕྱི་ཁར་བསྒྱིར་ ད་རུང་ཡང་ཚར་གསུམ་ནང་ན་བསྒྲལ་བཏང་ དེ་ལས་ འ་ནཱི་སྦེ་གཏོར་འབད་ དེ་ལས་ དེ་གི་ཤུལ་ལས་ ཏེ་ བཀྲིས་ཕབ་འབད་ ཉིནམ་གཉིས་ཀྱི་མཇུག་བསྡུཝ་ཨིན་ལགས།