Skip to main content Skip to search
22 Aug 2018
4 min 3 sec
Video Overview
Creators: 
Penchela

He knew about him through oral transmission and verbal conversation, having been a dancer. Zhey was coordinated by Samthang Dung, but today there are fewer people performing zhey. In order to solve this problem, they have to give money to dancers to perform zhey. Zhey was performed during the time of the first festival at Ngang Lhakhang. During that first zhey dance, their performance was about Janama Guru, Omlhasa Mani, and the four directions. On the last day it ended with Tashi Labey.

ལོ་རྒྱུས་འདི་ ངག་རྒྱུན་ཐོག་ལསའབད་ དེ་ལས་ཁོ་རང་ཡང་ གཞས་རྐྱབ་མི་ཨིན་ནི་འདི་གིས་ ཤེས་ནུག། གཞས་འདི་ ཧེ་མ་བཟུམ་འབད་རང་ བསམ་ཐང་དུང་གི་འབད་ འགོ་དྲེན་འཐབ་འདིརྐྱབ་དོ་ཡོདཔ་ཨིན་མས། དེ་འབདཝ་ད་ གཞས་རྐྱབ་མི་ མེད་པའི་བཀའ་ངལ་ གསལ་ཐབ་ལུ་ ཏི་རུ་བྱིན་འདི་ཡང་ རྐྱབ་སྲོལ་ཡོདཔ་ཨིན་མས། གཞས་ཚུ་འདི་ཚུ་འདི་ ངང་ལྷ་ཁང་རབས་གནས་ ཉིམ་དང་པ་ལུ་ རྐྱབ་དོ་ཡོདཔ་ཨིན་མས།  གཞས་འདི་ཚུ་ ངང་ལྷ་ཁང་གི་ རབས་གནས་སྐབས་མ་ཏོག་ གཞན་ཁ་ལས་ཕར་ རྐྱབ་ནི་མེདཔ་ ཨིན་མས། གཞས་འདི་ཚུ་ཡང་ ཉི་མ་དང་པ་དང་ རྒྱ་ན་མོ་གུ་རུ་རྡོཻ་ལྡིང་ ཨོ་ལྷ་ས་མཎི་ རྒྱལ་པོ་སྲོང་གང་པོ་ སླག་རག་བསམ་ལྡན་མདའམོ་ དེ་ལས་བཀྲིས་འཕབ་འབད་ མཇུག་བསྡུ་བ་ཨིན་མས། རྒྱ་ན་མོ་གུ་རུ་རྡོེ་ལྡིང་ཟེར་མི་འདི་ ས་ཆགས་པའི་སྐོར་ལས་ ཨིནམ་དང་ བླམ་གནམ་ཁ་བསམ་སྒྲུབ་ཀྱི་ཡང་ ནང་ལུ་ལྡན་ས་བཅགས་ནང་ནི་འདི་གི་འབད་ རྐྱབ་ཨིན་མས།   ཨོ་ལྷ་ས་མཎི་འདི་ ཕྱོགས་བཞི་སྐོར་འདི་ རྐྱབ་ཨིན་མས། དེ་ལས་མཇུག་རང་ བཀྲིས་ཕབ་འབད་ ཉི་མ་ཅིག་གི་གཞས་འདི་ མཇུག་བསྡུ་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • བསྟན་འཛིན་ནོར་བུ་
    ལ་སོགས་ ད་གཞས་འདི་འབད་བ་ཅིན་ ཉིནམ་དང་པ་ལུ་ རྒྱ་ན་མོ་གུ་རུ་རྡོ་རྗེ་གདན་ ཨོམ་ལྷ་སོ་མ་ཎི་ དེ་ལས་ རྒྱལ་པོ་སྲོང་བཙན་སྒམ་པོ་ དེ་ལས་ དེ་གི་ཤུལ་ལས་ སླ་ར་(??)བསམ་གཏན་ དེ་ལས་ མདའ་མོ་ དེ་ལས་ བཀྲིས་ཕབ་སྦེ་ ལེའུ་ཐེངས་དྲུག་རྐྱབ་དགོ་ཟེར་ ཞུ་ནི་ཨིན་ལགས།
  • བསྟན་འཛིན་ནོར་བུ་
    རྒྱ་ན་མོ་གུ་རུ་རྡོ་རྗེ་གདན་འདི་ ས་ཆགས་བའི་ཆགས་ཚུལ་ཨིན་པ་ལས་བརྟེན་ཏེ་ ནཱ་མཁས་གྲུབ་ནམ་མཁའ་བསམ་གྲུབ་ཀྱིས་ ས་ཆགས་པའི་རྟེན་འབྲེལ་གྱི་ཚུལ་དུ་སྦེ་ ཏེ་ འ་ནཱི་སྦེ་ གནང་གནངམ་ཨིན་མས་ཟེར་ ཞུ་ནི་ཨིན།
  • བསྟན་འཛིན་ནོར་བུ་
    ཨོམ་ལྷ་ས་མ་ཎི་ཟེར་མི་འདི་ ད་ཤར་ལྷོ་ནུབ་བྱང་གི་ ཏེ་ བསྐོར་ཏེ་ཨིན་ཟེར་ཞུ་ནི་ཨིན་ལགས་ ཤར་རྡོ་རྗེ་སེམས་དཔའ་ ལྷོ་རིན་ཆེན་འབྱུང་གནས་ ནུབ་སྣང་བ་མཐའ་ཡས་ བྱང་འདོད་ཡོན་གྲུབ་པ་ འ་ནཱི་སྦེ་ འ་ནཱི་ཡང་ཧེ་མ་ཞྭ་ནག་གི་ སྐུ་འཆམ་གནང་དགོ་ལགས།
  • བསྟན་འཛིན་ནོར་བུ་
    ཞྭ་ནག་གི་སྐུ་འཆམ་ནང་ ཤར་ལྷོ་ནུབ་བྱང་བསྐོར་ཏེ་ གསེར་སྐྱེམས་ཕུལ་ གསེར་སྐྱེམས་ཕུལཝ་ལས་བརྟེན་ཏེ་ འ་ནཱི་འདི་ཚུ་ལུ་ ཏེ་ད་དཔེ་ཆ་གི་ ངག་ཐོག་ལུ་སྦེ་ ང་བཅས་ཀྱི་ ཏེ་ཤར་ལུ་ ཤར་རྡོ་རྗེ་སེམས་དཔའ་བཞེས་ཟེར་ ང་བཅས་ཁ་ཐུག་ལས་སྦེ་ ཁ་ན་ལས་འབད་ཕུལ་དོ་ཟེར།
  • བསྟན་འཛིན་ནོར་བུ་
    ལྷོ་ལུ་འབད་བ་ཅིན་ ལྷོ་ལུ་དེ་སྦེ་ཕུལ་དོ་ཟེར་ ཏེ་ད་དེ་བཟུམ་སྦེ་ནུབ་ལུ་ བྱང་ལུ་ཡང་ཅོག་འཐདཔ་སྦེ་རང་ཨིན་ཟེར་ཞུ་ནི་ཨིན་ལགས།
  • བསྟན་འཛིན་ནོར་བུ་
    དེ་ལས་ སླ་ར་བསམ་གཏན་འདི་ སླ་ར་བསམ་གཏན་འདི་འབད་བ་ཅིན་ ད་མཛད་བྱ་ ཧེ་མ་འབད་བ་ཅིན་ ཁོང་གིས་ཚོགས་ཀྱི་ ཚོགས་འཆམ་ཅིག་ གནང་ནི་ཡོདཔ་ཨིན་ལགས།
  • བསྟན་འཛིན་ནོར་བུ་
    འ་ནཱི་ཚོགས་ཀྱི་ཤུལ་ལས་འབད་བ་ཅིན་ ཏེ་ ཚོགས་འདི་ལུ་ བྱིན་རླབས་ཞུ་དགོ་པས་བ་ བྱིན་རླབས་ཞུ་ནིའི་དོན་ལུ་ ད་རུང་ང་བཅས་ཁ་ཐུག་ལས་ངག་ལུ་ ངག་རྒྱུན་ལས་འབད་བ་ཅིན་ ཏེ།
  • བསྟན་འཛིན་ནོར་བུ་
    དེ་ལས་ད་ འ་ནཱི་ཚོགས་དེ་ཁར་ བྱིན་རླབས་འབབ་མི་ཆོས་སྲུང་བཀའ་སྲུང་འདི་ཚུ་ དེ་སྦེ་ཨིན་ཟེར་ སླ་ར་བསམ་གཏན་གྱི་ཚིག་ནང་ རྗོད་དེ་ཡོདཔ་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • བསྟན་འཛིན་ནོར་བུ་
    དེ་ལས་ དེ་གི་ཤུལ་ལས་ མདའ་མོ་ཟེར་མི་འདི་ ཡར་བཞི་པའི་ནང་ཨིན་མི་ མདའ་མོ་ཟེར་མི་འདི་ འདི་འབད་བ་ཅིན་ ཏེ་ད་ཤར་ལྷོ་ནུབ་བྱང་ དེ་ལས་དབུས་ནགས་སྟོད་མཚོ་སྟོད་བསྐོར་ཏེ་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • བསྟན་འཛིན་ནོར་བུ་
    འ་ནཱི་ཕུལ་དགོཔ་ག་ཅི་སྨོ་ཟེར་བ་ཅིན་ ཏེ་ད་འདི་ཚུ་ ཚོགས་འདི་ཡར་ལས་ གསོལ་རས་གནང་ཞིནམ་ལས་ ང་བཅས་འ་ནེམ་ཅིག་ལུ་ བྱིན་རླབས་འཇུག་ནི་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • བསྟན་འཛིན་ནོར་བུ་
    དེ་ལས་ དེ་གི་ཤུལ་ལས་ ད་ཕྱི་རུ་འབྱོན་ཞུ་འདི་འབད་བ་ཅིན་ ཁྲོམ་འདི་ནང་འཛོམས་རེ་འཛོམས་ཚེ་ ཁྲི་གུར་བཞུགས་རེ་བཞུགས་ཚེ་ ད་ཡར་བླ་མ་ལས་འགོ་བཟུང་སྟེ་ ཡར་དཔོན་ལས་མར་སྦེ་ཕུལ་དགོ་ལགས།
  • བསྟན་འཛིན་ནོར་བུ་
    ཏེ་ འ་ནཱི་རྐྱབ་དགོ་མི་དེ་ཡང་ ཏེ་ད་ད་རེས་གནམ་མེད་ས་མེད་གཟིགས་གནང་འབྱོན་ གནམ་མེད་ས་མེད་སྐུ་འོ་བརྒྱལ་ ད་ང་བཅས་རའི་ཁ་ཐུག་ལས་འབད་བ་ཅིན་ ད་གནམ་མེད་ས་མེད་དྲང་ནི་ བཅར་ནི་སྦོམ་ག་ནི་ཡང་མེད་དེ་རང་འབད་རུང་ ད་ད་རེས་སྐུ༌འོ་བརྒྱལ་ཏེ་ ན་འབྱོན་ཏེ་ གནམ་མེད་ས་མེད་བཀའ་དྲིན་ཆེ་ཡི་ཟེར་ང་བཅས་ཀྱིས་ ཕྱི་རུ་འ་ནཱི་འབྱོན་ཞུ་འདི་ཨིན།
  • བསྟན་འཛིན་ནོར་བུ་
    དེ་ལས་ད་ བཀྲིས་ཕབ་དགོཔ་འདི་ ག་ཅི་སྨོ་ཟེར་བ་ཅིན་ ད་ད་རེས་ཉིནམ་གཅིག་གི་ཉིན་མར་ཏེ་ད་ ག་ཅི་ཡང་ ཡར་དཀོན་མཆོག་མཆོད་ མར་སྦྱིན་པ་བཏང་ བར་རྐྱེན་མེད་པ་ཕུན་སུམ་ཚོགས་ བསྙེན་བཀུར་འདི་ཚུ་དྲང་བ་ལས་བརྟེན་ཏེ་ དགའ་ཏོག་ཏོ་སྐྱིད་ཏོག་ཏོ་འགྱོ་བའི་ བཀྲིས་པ་གཡང་ཆགས་པ ཕུན་སུམ་ཚོགས་པའི་ཚིག་ཨིན་ ཏེ་རྗོད་དགོ་པའི་གནད་དོན་དེ་སྦེ་ཨིན་ཟེར་ ཞུ་ནི་ཨིན་ལགས།