Video Overview
This is an account of Zhabdrung Jigme Drakpa's tooth relic, from the amulet of Nim Dorji. The amulet was inherited by his father while he was in the armed forces. It was given to his father as he left the army to protect him from external attacks. The relic was inherited from Bjanab Tashi, the great-grandfather of Nim Dorji, who served as cook for Zhabdrung Jigme Drakpa; in this way, Zhabdrung's tooth made its way to Bjanab Tashi. Since then, the family cared for the relic before Nim Dorji submitted it to Tsirang Dzongkhag as an important relic. Before being kept in the Dratshang (Dzong), it was with the abbot of Dratshang for review, who found it sacred as the relic comprised the three lineage holders Manjushri, Vajrapani and Avaloketeshvara.
- ཉིམ་རྡོ་རྗེ Nim Dorjiཏེ་ནཱ་རྩི་རང་འོང་ དེ་བསྒང་ ང་བཅས་སྡོད་སར་འདི་ ཨ་ཡར་ རྩི་རང་གི་ གྲྭ་ཚང་གི་འོག་ལུ་ ཁྱིམ་ཅིག་ཡོད་སྦ་ལགས་ འ་ནཱ་སྦེ་སྡོད་ཅི། ཏེ་འ་ནཱ་སྦེ་སྡོད་འབདཝ་ད་ ཏེ་དེ་ལས་ དེ་བསྒང་ ང་ནཱ་གྲྭ་ཚང་ནང་ག་ཡང་མེད་ལགས། ཞལ་འདྲིས་གང་ཡང་མེད་ བླམ་དང་ཡང་ཞལ་འདྲིས་མེད།
- ཉིམ་རྡོ་རྗེ Nim Dorjiདགེ་སློང་འདི་དང་ཡང་ཞལ་འདྲིས་མེད་ ཏེ་འ་ནཱེ་སྦེ་སྡོད་འབདཝ་ད་ ཏེ་དེ་ལས་ རྩི་རང་ཨ་ནཱ་ལུ་ ཀེན་ཊིན་(བཟའ་ཁང)ཅིག་ཡོད་པའི་ འ་ནཱི་མཆོད་རྟེན་གྱི་འོག་ལུ་ཏེ་ འ་ནཱ་ལུ་བཟའ་ཁང་ ཏེ་འ་ནཱ་ཨ་ཙི་རེ་ དྲོ་པ་འ་ནཱི་མཆོད་རྟེན་བསྐོར་ར་རྐྱབ།
- ཉིམ་རྡོ་རྗེ Nim Dorjiཏེ་དེ་ལས་ ཁ་སྐོམ་ད་ མར་བཟའ་ཁང་ནང་འགྱོ་ ཇུས་(མངར་ཆུ)་རེ་འཐུང་སྦེ་འབདཝ་ད་ ཁོང་སློབ་དཔོན་གཉིས་འདུག་སྦ་ སློབ་དཔོན་གཉིས་ རྟག་བུ་ར་མར་ ཁོང་འ་ནཱེམ་ ཆབ་ཆུ་བཞེས་དོ་ཡོདཔ་མས།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱ་ལས་ ངོ་ཤེས་སོང་སྦེ་ལགས་ ཏེ་སློབ་དཔོན་ ཁྱེད་ག་ཏེ་ལས་སྨོ་ཟེརཝ་ད་ ཧཱ་ལས་ཨིན་ལོ། ད་རེས་ནཱ་ སློབ་གྲྭའི་སློབ་དཔོན་སྦེ་ཡོད་ཁོ་ཡར་ ཏེ་གཅིག་ག་ལསམ་ཟེརཝ་ད་ གཅིག་ཡར་ཡར་ རྟ་མགོ་རྡོ་གདན་ན་ལས་ཨིན་ཟེར་མས།
- ཉིམ་རྡོ་རྗེ Nim Dorjiཏེ་ང་བཅས་ ང་བཅས་ར་ ངོ་ཤེས་སྦེ་ ཏེ་འ་ནཱ་ལས་ ང་བཅས་ ཚར་གཅིག་འབདཝ་ད་ཏེ་ གནམ་བསྒང་དུས་བཟང་ཅིག་ལུ་ཨིན་པས། ཏེ་ཨ་ནཱ་ ངེ་ཨོལ་ལྐོག་ཁར་ལུ་ སྲུངམ་ཅིག་ཡོད་པའི་ ཆུང་ཀུ་ཅིག་ར་ཨིན་ཨ་ནཱེམ་ཅིག་བཏགས།
- ཉིམ་རྡོ་རྗེ Nim Dorjiཏེ་ཁོང་སློབ་དཔོན་གཉིས་ཆ་ དབའེ་ཏེ་ཨ་ཞང་གི་ ཨོལ་ལྐོག་ཁར་ལུ་ སྲུང་མ་ཅིག་འདི་བལྟ་བ་ཅིན་འདི་ ནང་ན་རྟེན་ཅིག་ཡང་ ལེགས་ཤོམ་ཡོདཔ་བཟུམ་ཅིག་ར་འདུག། ད་ད་རིས་དུས་བཟང་ཨིན་པས་ གནམ་སྒང་ཨིན་པས།
- ཉིམ་རྡོ་རྗེ Nim Dorjiཨ་ཞང་ཚར་ཅིག་ ཨ་ཞང་གི་སྲུང་མ་འདི་ ཚར་ཅིག་མཇལ་ཁ་ཅིག་གནང་ནི་མེད་ན་ ཚར་ཅིག་མཇལ་གེ་ལོ། འ་ཏེ་ ག་ནི་ཡང་མེད་ ད་ངེ་ད་ ཨ་ནཱིམ་ རག་ཀ་རོག་ཀོ་ཅིག་ར་ཨིན།
- ཉིམ་རྡོ་རྗེ Nim Dorjiད་དེ་སྦེ་ བཏགས་སྡོད་སྡོདཔ་ཨིན་ གནམ་མེད་ས་མེད་ཡིད་ཆེཝ་ཅིག་ ག་ནི་ཡང་མེད་ཟེར་ སླབ་རུང་ འ་ཏེ་ཚར་ཅིག་མཇལ་གེ་ཟེར་ ཉན་མ་བཏུབ་ཁོང་གཉིས་ཆ། ཏེ་ནཱེ་ལས་ ང་ཏེ་ ད་ད་རིས་དུས་བཟང་ཨིན་པས།
- ཉིམ་རྡོ་རྗེ Nim Dorjiཁོ་གཉིས་ཏེ་རོགས་ སངས་རྒྱས་ཀྱི་ ན་བཟའ་བཞེས་མི་ཅིག་མས་མནོ་ ཏེ་དེ་ལས་ ང་ཁ་ཕྱེ་སྦེ་ ཡ་ཡ་ད་ མཇལ་ཁ་མ་གནང་པ་ཅིན་ ད་རུང་ ང་ཡང་ཨ་ཙི་ བསམ་ཟོག་ཟོགཔ་བཟུམ་འགྱོཝ་མས་སྦ་ཏེ་སྨོ་ཤིག་ལགས། ང་སྟོན་གེ་སྟོན་གེ་གསེས་ ཏེ་དེ་ལས་ སྤོས་ཅིག་བཏེགས་སྦེ།
- ཉིམ་རྡོ་རྗེ Nim Dorjiཏེ་དེ་ལས་ སྲུང་མ་འདི་ཁ་ཕྱེ་སྦེ་ ཏེ་སྟོནམ་ད་ ངེ་འ་ནཱི་ལུ་ སྲུང་མ་ནང་ལུ་ འ་ནཱེ་ཡོད་པའི་ལགས་ ཞབས་དྲུང་གི་ཚེམས་གཉིས། ཏེ་གནམ་མེད་ས་མེད་ འ་ནཱི་ རིང་བསྲེལ་འཁྲུངས་ཏེ་ཡོད་སྦ་ཏེ་ མར་ར་ཏོ་ ཆུང་ཀུ་ཅིག་སྦེ་མེད་ལགས།
- ཉིམ་རྡོ་རྗེ Nim Dorjiམ་པ་ད་ ང་བཅས་ར་ ད་མི་གནགཔ་གིས་འབད་བ་ཅིན་ སོ་སླབ་མས་ སྨོ་ཤིག་ལགས། རོགས་ཕྱི་གླིངཔ་ (ཆོས་སྐད) ལས་འབད་བ་ཅིན་ ཚེམས། ཞབས་དྲུང་འབདཝ་ད་ ཞབས་དྲུང་འཇིགས་གྲགས་པའི་གི་ཚེམས། ཞབས་དྲུང་སྐུ་ཕྲེང་གཉིས་པ་ཨིན་པས་ཏེ་ ཞབས་དྲུང་སྐུ་ཕྲེང་གཉིས་པ་ འཇིགས་མེད་གྲགས་པའི་ཚེམས།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱི་ མར་ར་ཏོ་འདི་ ཆུང་ཀུ་ཅིག་སྦེ་ ཏེ་མགུ་འདི་ སྦོམ་ཆུང་འ་ནཱེ་སྦེ་ཡར་སི། གནམ་མེད་ས་མེད་ རིང་བསྲེལ་འཁྲུངས་སྦེ་ འ་ནཱེ་ ཁོང་གཉིས་མཇལ་ཞིནམ་ལས་ཏེ་ ཁོང་གཉིས་ གནམ་མེད་ས་མེད་ཡ་མཚན་ཆེ་ཆེ་ཡི།
- ཉིམ་རྡོ་རྗེ Nim Dorjiདབའེ་ཨ་ཞང་གིས་ རྟེན་གོ་ཆོདཔ་ ག་ནི་ཡང་མེད་གསེས་ཏེ་ མཇལ་འདི་འབདཝ་ད་ཏེ་ གནམ་མེད་ས་མེད་ ཡ་མཚན་ཆེ་ཏོག་ཏོ་ཅིག་ཨིན་པས་གསེས་ འ་ནཱི་བཟུམ་གྱི་རྟེན་ ང་བཅས་ ག་ཏེ་ལུ་ཡང་མ་མཇལ། ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་ཡང་ དེ་ཅིག་ར་ཨིན་ རྟེན་མེད་གསེས།
- ཉིམ་རྡོ་རྗེ Nim Dorjiཏེ་ཡར་ སྤུན་ན་ཁ་རྫོང་ནང་ལུ་ ང་བཅས་ཀྱིས་ མཇལཝ་ད་ རང་བྱུང་ཁ་སརྤ་ཎི་གསེས་ ཏེ་ད་ རྩ་ཆེ་ཤོས་འདི་ འ་ནཱི་ཨིན་གསེས་ དེ་ཡང་ ན་ཧིང་ཞེ་ཧིང་ ཚར་ཅིག་ཨརཝ་ཤོར་ ད་ད་རུང་ ལོག་ཏེ་ རོགས་ཏེ་ དཀོན་མཆོག་གསུམ་གྱི་ ཏེ་ཐུགས་རྗེ་བྱིན་བརླབས་ལས་ལོག་ཐོབ་ཅི་གསེས།
- ཉིམ་རྡོ་རྗེ Nim Dorjiད་ནཱི་ཡང་ ཨ་ནཱི་བཟུམ་ཅིག་མེད་གསེས་ མ་པ་མིང་གཏམ་ཡོད་པའི་ ཏེ་དེ་ ཕར་མཇལཝ་ད་ལུ་ཏེ་ ཡེ་ཤེས་མགོན་པོའི་ནང་གཟུངས་ཀྱི་ རྟེན་བཟུམ་ཅིག་མིན་འདུག་གསེས་ ཆུང་ཀུ་ཅིག་ར་ཨིན་གསེས་ ད་ཁྱོད་ མཇལ་བའི་ག་ རང་བྱུང་ཁ་སརྤ་ཎི་མཇལ་ཡི་ག་ལོ།
- ཉིམ་རྡོ་རྗེ Nim Dorjiཏེ་ན་ཧིང་ཞེ་ཧིང་ ཚར་ཅིག་མར་ ཡར་སྤུན་ན་ཁ་སྡོདཔ་འདི་ཏེ་ ཚར་ཅིག་མཇལ་ཡི་ལགས། ཏེ་ཨིན་པས་ ཁབ་ཀྱི་ རྩེ་བཟུམ་ཅིག་ལས་བརྒལ་མིན་འདུག་སྦ་ལགས། མར་ནང་ཟས་ནང་ ཏེ་དེ་ཡང་ འ་ནཱེ་སྦེ་ རྒྱ་གར་གྱི་ འ་ནཱེ་སྦེ་ ཨ་ནཱེམ་ཅིག་དཔག་དེ་སྨོ་ལགས།
- ཉིམ་རྡོ་རྗེ Nim Dorjiཀེམ་ར་(པར་ཆས)ཅོག་ར་འཐདཔ་སྦེ་ མེ་ཤིན(འཕྲུལ་ཆས)ལགས་ འ་ནཱེ་ཅིག་འདུག་ཏེ་ འ་ནཱེ་དཔག་བལྟ་དགོ་པས། འ་ནཱེ་དཔག་བལྟཝ་ད་ ཏེ་ཆུང་ཅིག་འདུག་ ཨ་ནཱེ་སྦེ་ ཏེ་ཡུདཔ་ཅིག་ འ་ནཱེ་འབད་བ་ཅིན་ མཇལ་ཡང་མི་ཚུགས་པས།
- ཉིམ་རྡོ་རྗེ Nim Dorjiཏེ་ཨ་ནཱི་ ཚར་ཅིག་མཇལ་ཁ་གནང་མི་བསྒང་ལསན་ མ་པ་སྤུན་ན་ཁ་འདུག། ཏེ་འ་ནཱེ་ཚར་ཅིག་མཇལ་གེ་གསེས་ ཏེ་འ་ནཱེ་ལས་ ཏེ་འ་ནཱི་ ང་མཇལ་ཡི་ཟེརཝ་ད་ ད་འ་ནཱི་ ཏེ་ཆུང་ཀུ་ཅིག་ལས་བརྒལ་མེད་ ཏེ་མིང་གཞམ་འདི་ཡོད།
- ཉིམ་རྡོ་རྗེ Nim Dorjiཞབས་དྲུང་ངག་དབང་རྣམ་རྒྱལ་ བོད་ལས་བྱོནམ་ད་ལུ་ བོད་ལས་མར་བསྣམས་བྱོན་བྱོནམ་མས་གསེས་ ཨེང་་་འདི་ར་འབད་རུང་ འ་ནཱེ་བཟུམ་ཅིག་ ཨ་ཞང་ནང་འདུག་གསེས་ ཏེ་ཨ་ཞང་གི་འདི་ གནམ་མེད་ས་མེད་ ཡ་མཚན་ཆེ་ཏོག་ཏོ་འདུག་གསེས།
- ཉིམ་རྡོ་རྗེ Nim Dorjiཏེ་ཁོང་གཉིས་ཆ་ དེ་འབད་ཞིནམ་ན་ ཕྱི་རུ་ཡར་ བླམ་གནས་བརྟན་ནང་ ཞུ་བ་མས་ ཁོང་གཉིས་ཆ་ མར་ཨ་ཞང་ཅིག་ནང་ལུ་ རྟེན་ཅིག་འདུག་གསེས་ འ་ནཱི་རྟེན་འདི་ གནམ་མེད་ས་མེད་ ཅིག་དང་མ་འདྲ་བའི་རྟེན་ ཡ་མཚན་ཆེ་ཏོག་ཏོ་ ཡིད་ཆེས་ཅན་འདུག་གསེས།
- ཉིམ་རྡོ་རྗེ Nim Dorjiཁོང་ འ་ནཱེ་བླ་མའི་ནང་བ་ནུག་ དྲོ་པ་ཧ་སག་ ཡར་ལས་མར་ བླ་མའི་གི་ གཱ་རི་(སྣུམ་འཁོར)འ་ནཱི་ ཀོསི་ཊར་འདི་བདའ་སྦེ་ ནཱ་ དྲོ་པ་ཧ་སག་ ངེ་ཁྱིམ་སྒོ་ཁར་ཨིན་མས། ཨ་ཞང་ ཡར་རྫོང་ནང་བྱོན་དགོ་པས་ལོ། གྲྭ་ཚང་ནང་བྱོན་དགོ་པས་ལོ། ཁོང་ཁོང་སློབ་དཔོན་གཉིས་ཀུ་ཨིན་པས།
- ཉིམ་རྡོ་རྗེ Nim Dorjiདབའེ་ང་ག་ཅི་སྦེ་ ཡར་གྲྭ་ཚང་འགྱོ་དགོ་སྨོ་ཏེ་ ངེ་དགེ་སློང་ང་མེན་ ག་ཅི་སྦེ་ས་གིས་ བླ་མ་གིས་ ཡར་ཤོག་གསེས་གསུངས་དེས་ལོ། ཨ་ཚར་ཅིག་མནོ་བསམ་བཏང་བལྟ་སྦེ་ ནཱེ་སྦེ་ཏེ་ བླམ་དང་ང་ ཞལ་འདྲིསན་མེད་ ག་ཅི་སྦེ་ ང་ཡར་འབོ་པའི་ན་ ཏེ་ང་ག་ཅི་སྦེ་ འགྱོ་དགོཔ་ཨིནན་སྨོ་ཟེར་བ་གིས།
- ཉིམ་རྡོ་རྗེ Nim Dorjiཚར་ཅིག་བླ་མ་གིས་ ཡར་ཚར་ཅིག་ བྱོན་གནང་གསེས་ཞུ་དེས། ང་འཕྲང་ར་མནོ་བསམ་བཏང་ཡི་ འེམ་ད་ཁ་ཙ་ ཁོང་གིས་ ཁོང་གཉིས་ཆ་ ངེ་རྟེན་འདི་མཇལ་བའི་སྦ་ ད་ཁོང་ཡར་ བླ་མའི་ནང་ ཞུ་ཞུཝ་མས་ བླ་མ་གིས་ འ་ནཱི་ ང་ལུ་ འ་ནཱི་གསུང་ནི་སྦེ་ཨིན་པས་མནོ་ ང་ཧ་དགོ་ཡི།
- ཉིམ་རྡོ་རྗེ Nim Dorjiཏེ་ནཱེ་ལས་ འགྱོ་འགྱོ་ཤིག་ཟེར་ ཏེ་རོགས་ བླ་མ་གིས་གསུང་མ་ཅིན་ཏེ་ ཚར་ཅིག་འགྱོ་དགོ་དབའེ་ ཏེ་ཞལ་འདྲིས་འདི་མེད་ དེ་འབད་རུང་ཏེ་ ཚར་ཅིག་འགྱོ་དགོ་ཟེར་ ད་འ་ནཱི་ ཚོང་ཁང་ནང་ལས་ ཇུས་བོ་ཏལ (མངར་ཆུ) དམ་སྦྱིས་གཅིག་དེ་ཅིག་འབག་ བཟའ་ཅིག་ཡང་འབག་སྦེ་ ཕྱག་མཇལ་ཕུལ།
- ཉིམ་རྡོ་རྗེ Nim Dorjiཏེ་སོང་ཡི་ ཏེ་ཡར་འ་ནཱེ་སྦེ་ ཕྱག་དབང་བཅར་ ཏེ་བླ་མ་གསུངས་དེས་ གཡུས་ག་ཏེ་ལས་སྨོ་གསེས་ སྤ་རོ་ལས་ཨིན་ལགས་ གཡུས་འདི་ཕར་ ཟླ་བ་ཁ་ལས་ཨིན་གསེས་ ཏེ་ནཱེ་ལས་ བླ་མ་གསུངས་དེས་ ཁ་ཙ་ འ་ནཱ་འ་ནཱི་གཉིས་ཀྱིས་ གཅིག་གི་མིང་ ཀ་ཀ་གསེས་ སླབ་པའི་ དགེ་སློང་ཅིག་མས།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱི་ སློབ་གྲྭ་ སློབ་དཔོན་གྱི་ མིང་འདི་ ག་ཅི་ན་ཅིག་སླབ་པའི་ ཁོང་གཉིས་ཆ་ མར་ག་ཏེ་སྟོན་སྟོན་ཨིན་ན་མ་ཤེས་ ཁོང་གཉིས་ཆ་ ནཱ ཨ་ཞང་གི་རྟེན་ཅིག་འཇལ་ནུག་སྦ་ འ་ནཱི་རྟེན་འདི་ ཡ་མཚན་ཆེ་ཏོག་ཏོ་ཅིག་འདུག་ར་གསེས་སླབ་དོ།
- ཉིམ་རྡོ་རྗེ Nim Dorjiཏེ་ཨ་ཞང་གི་ ང་ཨ་ནཱེ་ཅིག་མཇལ་ནི་སྦེ་ཨིན། ཏེ་ཨ་ཞང་ནཱ་བསྣམས་བྱོན་ཡི་ག་ཟེར་ གསུངས་དེས་ལགས། ཏེ་ང་རའི་ ཨོལ་ལྐོག་ཁར་བཏགས་ཏེ་ཡོད་ལགས་གསེས་ཞུ་ཡི། ཏེ་འ་ནཱི་ ཚར་ཅིག་མཇལ་དགོ་པས་ལོ།
- ཉིམ་རྡོ་རྗེ Nim Dorjiཏེ་ཇ་ཅིག་གནང་དེས་ ཇ་དེ་ཡང་འཐུང་སྦེ་ ཏེ་དེ་ལས་ཏེ་ བླ་མ་ལུ་ ཏེ་མཇལ་ཁ་ཕུལ་ཡི་ཏེ་ བླམ་ལུ་ མཇལ་ཁ་ཕུལ་བའི་བསྒང་ལསན་ཏེ་ དེ་ལསན་ཏེ་ བླ་མ་གིས་ཏེ་ སྤའོ་གསེས་ཏེ་ དེ་ལས་ཏེ་ བླམ་ཁོ་ར་ཡར་བཞེངས་ཏེ།
- ཉིམ་རྡོ་རྗེ Nim Dorjiཡར་མཆོད་གཤམ་གུ་ལུ་ཏེ་ ཏིང་ནང་ལུ་ ཆུམ་བཀང་ མེ་ཏོག་བསྐོར་ར་རྐྱབ་ ཙམ་པ་ཀ་མེ་ཏོག་ཕུལ་ འདི་གུ་ལུ་ ངེ་གི་ ཚེམས་འདི་བཀལ་ ཡར་མཆོད་གཤམ་གུ་བཀལ་ དེ་ལསན་ བླམ་ཁོ་ར་ ཕྱག་ཕོག་གསུམ་ཕུལ།
- ཉིམ་རྡོ་རྗེ Nim Dorjiདེ་ལསན་ མར་ཞུ་ཏེ་ དབའེ་ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ནང་ལུ་ ད་རྟེན་གྱི་རྩ་ཆེ་ཏོག་ཏོ་ འ་ནཱི་བཟུམ་གྱི་རྟེན་ ང་བཅས་ར་གི་ རྒྱལ་ཁབ་ནང་ལུ་ ང་གིས་ ད་ལྟོ་ སྐྱེས་བ་དྲན་པ་ཚོར་ མཐོང་ར་མ་མཐོང་གསེས།
- ཉིམ་རྡོ་རྗེ Nim Dorjiམཇལ་ར་མ་མཇལ་གསེས་ དབའེ་རྟེན་ཡ་མཚན་ཆེ་ཏོག་ཏོ་གི་རྟེན་ཅིག་ཏེ་ ཨ་ཞང་ནང་འདུག་གསེས་ ད་འ་ནཱི་ཅིག་ ད་དང་པ་ར་ ད་ཨ་ཞང་གིས་ ཏེ་འ་ནཱི་ ཨ་ཞང་ནང་ལུ་ འབྱུང་ཐངས་ཅིག་ ཁུངས་དང་དགོས་པ་ཅིག་ ད་ག་དེ་སྦེ་ བྱུང་བྱུངསམ་ཨིན་ན་ འ་ནཱི་ཨ་ཞང་གིས་ སླབ་ཚུགསཔ་ག་ལོ།
- ཉིམ་རྡོ་རྗེ Nim Dorjiདུམ་གྲ་ཅིག་ཏེ་ ད་རང་གིས་འདི་ སྔོན་མ་ཏེ་ ཚེམས་འདི་ ག་དེ་སྦེ་བྱུངས་བྱུངསམ་ཨིན་ན་ ཏེ་རང་གིས་འདི་མི་ཤེས་པས་ཏེ་ ང་བཅས་ཏེ་ འ་ནཱི་མར་ ཞབས་དྲུང་འཇིགས་མེད་གྲགསཔ་ ཏེ་དངོས་སུ་བཞུགས་པའི་སྐབས་ལུ་ཏེ་ ང་བཅས་སྐྱེ་ར་མ་སྐྱེ་བས་ཏེ་སྨ་ཤིག་ལགས།
- ཉིམ་རྡོ་རྗེ Nim Dorjiཏེ་དེ་ར་འབད་རུང་ཏེ་ ང་བཅས་ར་གི་ ཕ་མ་གིས་སྦེ་ ཏེ་བསླབ་བྱ་འདི་ཚུ་ ཕ་མ་གིས་སྒྲིགས་ཅིག་སྦེ་ ཏེ་ང་ འ་ནཱི་དམག་མི་ནང་འགྱོཝ་ད་ཏེ ང་བཅས་ བུ་གསུམ་ཡོད་པའི་ལགས་ བུ་གསུམ་འབད་ས་ལས་ ཏེ་བུ་གཅིག་ མར་ཏེ་ ང་བཅས་ཀྱི་ གཡུས་ཁ་ལུ་ ལྷ་ཁང་ཅིག་ཡོད་པའི་ ཏེ་འ་ནཱི་ ཁོ་དཀོན་གཉེར་གསེས་ དཀོན་གཉེར་སྦེ་འགྱོ་ཡི་ལགས།
- ཉིམ་རྡོ་རྗེ Nim Dorjiཏེ་བུ་གཅིག་ ད་ཨ་པ་དང་ཨའི་གི་ སྐྱིད་སྡུག་བལྟ་མི་ཅིག་ ཏེ་གཅིག་འ་ནཱེ་སྦེ་ཨིན་ཏེ། ཏེ་བུ་གཅིག་དམག་མི་ནང་འགྱོཝ་མས་ ནཱིབསྒང་འ་ནཱེ་སྦེ་ཨིན་པས། ཏེ་བུ་གསུམ་འབད་ས་ལས་ཏེ་ ད་གཉིས་དམག་མི་ནང་འགྱོ་དགོ་སྦ་ཏེ། གཅིག་ལས་བརྒལ་སྡོད་ནི་མིན་འདུག་སྦ་ཏེ་ལགས།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱེ་འབདཝ་ད་ཏེ་ གཅིགཔ་འདི་ ཁོ་དགེ་བས་བསྐྲེགས་སྦེ་ ཏེ་ཁོ་དཀོན་གཉེན་ཨིན་གསེས་ ཏེ་གཅིག་འདི་ ཏེ་ཨ་པ་དང་ ཨའི་གི་སྐྱིད་སྡུག་བལྟ་མི་ཨིན་གསེས་ ཏེ་གཅིག་འདི་དམག་མི་ནང་འགྱོ་དགོཔ་ཐད་རི་བ་རི་ཐོན་སོང་ཡི།
- ཉིམ་རྡོ་རྗེ Nim Dorjiཏེ་ནཱེ་ལས་ཏེ་ ང་ཨིན་པས་ཏེ་ ཆུང་ཤོས་ར་ ང་འབད་ནི་འདི་གིས་ ཏེ་ང་ དེ་བསྒང་ ང་བཅུ་བདུན་ལངས་མས་ ང་དེ་བསྒང་ལས་ རོགས་ཡར་ལས་མར་ དམག་མི་བཀུག་མི་འོང་ ཏེ་ཡི་གུ་རྐྱབ་ ཏེ་ཁྱོད་འགྱོ་དགོ་གསེས།
- ཉིམ་རྡོ་རྗེ Nim Dorjiཏེ་ནཱེ་ལས་ཏེ་ ད་འ་ནཱི་བསྒང་རྐྱངམ་ཅིག་ཏེ་ ངེ་ཨ་པ་གིས་ ང་ལུ་ ཏེ་འ་ནཱི་སྲུང་ཁོབ་འདི་ འ་ནཱི་སྟོནམ་མས། སྔོན་མ་འདི་ ང་བཅས་ ཨ་པ་ནང་ལུ་ འ་ནཱི་ཡོདཔ་ཤེས་ར་མ་ཤེས་ང་བཅས་ཀྱིས་ ང་བཅས་ བུཚ་ག་གིས་ཡང་མ་ཤེས། ངེ་གི་ཨ་ཅོ་ ཕོ་རྒནམ་དགེ་སློང་འདི་གིས་ཡང་མི་ཤེས་ ཁོ་གིས་ཡང་མི་ཤེས་པས།
- ཉིམ་རྡོ་རྗེ Nim Dorjiད་ཨ་པ་གིས་ བུཚ་ཚུ་ལུ་ སྟོན་ར་མ་སྟོན་མས་ལགས། ཏེ་དེ་ཚེ་ ང་དམག་མི་ནང་འགྱོ་རནམ་ད་ཏེ་ ཨ་པ་གིས་སྟོནམ་མས་ ད་ཨ་ལོ་གསེས་ ད་ཁྱོད་ ཏེ་བུ་ཆུང་ཤོས་ཡང་ཁྱོད་ཨིན། ད་ཁྱོད་ དམག་མི་ནང་འགྱོ་མི་འདི་ ཁྱོད་ཨིན་མས་གསེས་ དམག་མི་ཟེར་མི་འདི་ ཏེ་ཁྱོད་ཧ་གོ་ག་གསེས།
- ཉིམ་རྡོ་རྗེ དམག་མི་ཟེར་མི་འདི་ ང་བཅས་ར་ འབྲུག་རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ཨིན་གསེས་ ལྷབ་དགོ་གསེས་ ཕྱག་ཞུ་དགོ་གསེས་ དམག་མི་ཟེར་མི་འདི་ སྟབས་ལེགས་པ་ཅིན་ཨིན་ ཉེས་པ་ཅིན་ ཏེ་བྱང་ཕྱད་དག་ཅིག་ཁར་ ཕྱད་མདའ་རྐྱབ་དགོ་སྨ་རེས་གསེས།Nim Dorji:
- ཉིམ་རྡོ་རྗེ Nim Dorjiད་འ་ནཱི་དམག་མི་གི་ཁུངས་འདི་ འ་ནཱེ་སྦེ་ཨིན་གསེས་ ད་ཁྱོད་རོགས་ ད་ཁྱོད་དམག་མི་ནང་འགྱོཝ་མས་ ཏེ་འགྱོ་དགོཔ་ གཞུང་གི་བཀའ་ཕོག་པའི་ འགྱོ་ར་འགྱོ་དགོ་གསེས་ ད་ཁྱོད་ལུ་དགོཔ་འདི་ ཏེ་ཨ་པ་གིས་ ཁྱོད་ལུ་བྱིན་གེ་ནུག་གསེས།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱི་ ཨ་པ་གིས་ཏེ་ དེ་ལས་ཏེ་ སྲུང་ཁོབ་འདི་ ང་ལུ་བྱིནམ་མས། འ་ནཱི་ ཁྱོད་ལུ་ ད་ཁྱོད་ཀྱི་ ཕམ་ང་ཨིན་མས་ ཨའི་ཨ་པ་ ཁྱོད་རའི་སྤུན་ཆ་ ནུམ་ ཨ་ཞེམ་ ག་དེམ་ཅིག་ར་ཡོད་དེ་འབད་རུང་ ཁྱོད་ཀྱི་རྒྱབ་ཕུལ་མི་མེད་གསེས།
- ཉིམ་རྡོ་རྗེ Nim Dorjiཁྱོད་ཀྱི་ར་ནཱི་ ཁྱོད་ཨོལ་ལྐོག་ཁར་ བཏགས་འབག་ཤིག་གསེས་ འ་ནཱི་ ཁྱོད་ཀྱིས་ ཏེ་བྱང་ཡང་མ་བཏང་གསེས་ ག་དེ་སྦེ་ར་འབད་དེ་འབད་རུང་ ཁྱོད་ཀྱིས་འདི་རྩ་ལས་བཀོ་མ་ད་སྦ་ ད་ཐགཔ་ཅིག་ཡང་ ཨ་པ་གིས་ འཁལ་བཏགས་གེ་ནུག་གསེས་ ཏེ་ཐགཔ་ཡང་ ཐགཔ་ཅིག་ཨ་པ་གིས་ འ་ནཱེ་སྦེ་ མདའ་རྐྱབ་ནི་ གཞུ་ཐག་གི་ཨིན་མས།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་ སྤུས་ཙ་སྦེ་འཁལ་ འ་ནཱི་ ཨོལ་ལྐོག་ཁར་བཏགས་ སྲུང་མ་འདི་བཏགས་ ཏེ་ཐགཔ་འདི་ འ་ནཱེ་སྦེ་བཏགས་སྦེ་ ཏེ་ཨ་པ་གིས་ ཨོལ་ལྐོག་ཁར་བཏགས་བྱིནམ་མས། ད་འབདན་ཨ་ལོ་གསེས་ ཁྱོད་ར་ མགུ་ཏོ་འཁྱུ་རུང་ཡང་ ཕུད་མིན་དགོ་དགོ་གསེས།
- ཉིམ་རྡོ་རྗེ Nim Dorjiཞལ་གཉལ་རུང་ཡང་ ཕུད་མིན་དགོ་གསེས་ ཨོལ་ལྐོག་ཁར་ བཏགས་བཏགས་ས་ར་སྡོད་ཤིག་ ཁྱོད་ར་གསེས་ ག་ཅི་ར་འབད་རུང་ཡང་ ཁྱོད་ནཱི་ཕུད་ར་མ་ཕུད་ ཕུད་ད་པ་ཅིན་ ཁྱོད་ནཱི་ བྱང་ད་གསེས་ འ་ནཱི་ ཁྱོད་ར་རྩ་ལས་ ཕུད་མ་དགོ་པར་ ཨོལ་ལྐོག་ཁར་བཏགསཔ་བཏགསཔ་ས་ར་ ཁྱོད་ར་སྡོད་སྨ་རེ་གསེས།
- ཉིམ་རྡོ་རྗེ Nim Dorjiཁྱོད་འདྲེ་སྲིན་སྡེ་བརྒྱད་ཀྱིས་ ཁྱོད་ལུ་ གླགས་མི་ཁེལ་གསེས་ ག་དེམ་ཅིག་སྦེ་ དམག་འཁྲུགས་ལང་དེ་གིས་སྦེ་ དམག་རྐྱབ་དགོ་འདི་འབད་རུང་ ཁྱོད་ཀྱི་གཟུགས་ཁར་ལུ་ མཚོན་ཆ་མི་འཛུལ་སྨ་རེ་ ཁྱོད་ར་འ་ནཱི་ལུ་ མོས་པ་བསྐྱེད་ཤིག་གསེས།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་གི་ ཁུངས་དང་དགོསཔ་ཅིག་ ད་ད་རིས་ ཨ་པ་གིས་ ཁྱོད་ལུ་ སླབ་གེ་ནུག་གསེས་ ཨ་ནཱི་གི་ ཁུངས་དང་དགོས་པ་འདི་ ག་དེ་སྦེ་ ཁུངས་དང་དགོས་པ་ ཚེམས་འདི་ག་དེ་སྦེ་ འབྱུང་བྱུངསམ་སྨོ་ཟེར་བ་ཅིན་ ཧེ་མ་ངེ་གི་ ཨ་རྒས་ཅིག་ཡོད་པའི་གསེས་ ཨ་པ་གིས་ ཨ་ནཱེ་སྦེ།
- ཉིམ་རྡོ་རྗེ Nim Dorjiངེ་གི་ཨ་པ་གིས་ ཁོ་གི་ཨ་པ་གི་ཨཔ་མས་ ཨ་རྒས་སྦས་ནགཔ་བཀྲིས་གསེས་ ངེ་གི་ཨཔ་འདི་ ཕར་ཤར་ལས་འབད་ད་སྦ་ ཤར་སྦས་ནག་ལས་ ངེ་ཨ་རྒས་ སྦས་ནགཔ་བཀྲིས་ཟེར་མི་ཅིག་ཡོད་པའི་གསེས་ ཏེ་ང་ ང་བཅས་ཤེས་པའི་བསྒང་ལས་ཏེ་ ཨ་རྒས་གྱོང་སོང་ནུག་གསེས་མས།
- ཉིམ་རྡོ་རྗེ Nim Dorjiང་བཅས་ཀྱི་ཨ་པ་གིས་ ང་བཅས་ལུ་ ཁུངས་དང་དགོས་པ་ འ་ནཱེ་སྦེ་ བཤད་བཤདཔ་ཨིན་གསེས་ ངེ་ཨ་རྒས་སྦས་ནགཔ་བཀྲིས་ཟེར་མི་འདི་ ཞབས་དྲུང་འཇིགས་མེད་གྲགསཔ་གི་ གསོལ་དཔོན་ཨིན་མས་གསེས་ ཕྱག་ཞུ་མི་མས།
- ཉིམ་རྡོ་རྗེ Nim Dorjiའ་ནཱེ་སྦེ་འབདཝ་ད་ཏེ་ ཏེ་དེ་ལས་ཏེ་ ཞབས་དྲུང་འཇིགས་མེད་གྲགསཔ་ ཁོ་གི་ཏེ་ ཨ་རྟག་ར་ གསོལཝ་ཚོགས་འདི་ཏེ་ འ་ནཱི་གིས་ དྲངས་དགོ་པའི་གསེས་མས། ཏེ་འ་ནཱེ་སྦེ་འབདཝ་ད་ ཏེ་ཁོ་ཡར་ སྐུ་མདུན་ཏེ་ གསོལཝ་ཚོགས་དྲངས།
- ཉིམ་རྡོ་རྗེ Nim Dorjiཏེ་གསུང་གྲོས་ཕུལ་ཏེ་འབདཝ་ད་ ཏེ་ཞབས་དྲུང་གི་ ཚེམས་གཅིག་བུདཔ་དང་ ཁ་ཐུག་རྐྱབ་ ཏེ་འ་ནཱེ་ཚེམས་འདི་ ཞབས་དྲུང་གི་ཕྱག་གིས་སྦེ་ ཡ་ད་རིས་ ངེ་གི་ སོ་འདི་བུད་སོང་ཡི་གསེས་ འ་ནཱེ་སྦེ་ ཕྱག་ལུ་བཤེད་ཞིནམ་ད།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་གི་ལུང་བསྟན་འདི་ ཁྱོད་ལུ་འདུག་སྨ་རེ་ ཁྱོད་(ཀྱི)སྲུང་ཁོབ་ནང་བཞག་གསེས་ ཏེ་རྒས་བཀྲིས་ལུ་ ཏེ་ཞབས་དྲུང་ ཁོ་ར་གི་ ཕྱག་གིས་སྦེ་ ངེ་ཨ་རྒས་ཕུན་ཚོགས་བཀྲིས་ལུ་ ཏེ་འ་ནཱེ་སྦེ་ གནང་གནངམ་ཨིན་པས་གསེས་མས།
- ཉིམ་རྡོ་རྗེ Nim Dorjiདེ་ལས་ འ་ནཱེ་སྦེ་འབད་ཞིནམ་ད་ ད་དེ་ལས་ཏེ་ ནཱེ་ཅིག་ནང་ལུ་ ད་ངེ་ཨ་རྒས་ཕུན་ཚོགས་བཀྲིས་ཡང་སྟེ་ ཁོ་ཡང་ དགོངས་པ་རྫོགས་ ཏེ་ཁོ་ དགོངས་པ་རྫོགས་མ་རནམ་ཅིན་ཁར་ལས་ ཁོ་གི་ ཚེམས་འདི་ ཁོ་གི་བུ་འདི་ ཏེ་སྦས་ནགཔ་དབང་ཕྱུག་མས་གསེས།
- ཉིམ་རྡོ་རྗེ Nim Dorjiཏེ་སྦས་ནགཔ་དབང་ཕྱུག་ ངེ་གི་ཨ་པ་ཨིན་གསེས་ ཏེ་ཁོ་བུ་འདི་ སྦས་ནགཔ་དབང་ཕྱུག་འབད་ནི་དེ་གིས་ ཏེ་ཨ་རྒས་བཀྲིས་ཀྱིས་ ཏེ་སྦས་ནགཔ་དབང་ཕྱུག་ལུ་ རྩིས་སྤྲོད་རྐྱབ་གསེས་མས། དེ་ལས་སྦས་ནགཔ་དབང་ཕྱུག་གིས་ཡང་ ཁོ་དེ་སྦ་ར་བསྡུ་བཞག།
- ཉིམ་རྡོ་རྗེ Nim Dorjiཏེ་ཁོ་བུ་འདི་ ང་འབད་ནི་འདི་གིས་ ཁོ་ཡང་དགོངས་པ་རྫོགས་རནམ་ད་ ཏེ་ཁོ་གིས་ཡང་ ང་ལུ་ རྩིས་སྤྲོད་འདི་ ང་ལུ་རྐྱབ་ཅིག་གསེས་ ཚེམས་འདི་ ཁོ་གིས་ཡང་ འ་ནཱེ་སྦེ་ ཁུངས་དང་དགོས་པ་འདི་ འ་ནཱེ་སྦེ་ བཤད་དེ་ར་ ང་ལུ་ བྱིན་ཡི་གསེས་ ཨ་པ་གིས།
- ཉིམ་རྡོ་རྗེ Nim Dorjiད་ད་རིས་ ངེ་གི་བུ་འདི་ ཁྱོད་ཨིན་པས་ ཁྱོད་དམག་མི་ནང་ འགྱོཝ་མས། ཁྱོད་ལུ་ འ་ནཱི་ཁག་ཆེ་གསེས་ ད་ང་གིས་ ད་རིས་ ཁྱོད་ལུ་ རྩིས་སྤྲོད་རྐྱབ་པའི་གསེས་ ད་ཁྱོད་ འ་ནཱི་ ག་ལས་ལྟོ་རུང་ ཕ་ཞིང་མ་བཙོང་ ཕོཝ་སྟོངམ་ལུང་རུང་ལུད་ཆུ་མ་འཐུང་གསེས་ འཇིག་རྟེན་པའི་དཔྱེ་གཏམ་ཅིག་ཡོད་སྨ་རེ་གསེས།
- ཉིམ་རྡོ་རྗེ Nim Dorjiཁྱོད་ག་དེམ་ཅིག་ར་ ཁག་ཆེ་ ག་དེམ་ཅིག་ར་ ཁྱོད་ཏེ་སྐྱིད་སྡུག་ཕོག་སྟེ་གིས་ར་འབད་རུང་ འ་ནཱི་ ཁྱོད་ཀྱིས་ བཙོང་བཟའ་མ་ད་གསེས་ ད་ཁྱོད་ཀྱིས་ཡང་ ཁྱོད་ར་ཤུལ་ལས་ གཉེན་རྐྱབ་ད་ ཁྱོད་ཁྱོད་ར་ བུཚ་ཅིག་སྐྱེ་འོང་།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་ བུ་ཁྱོད་ར་ ག་གཅེས་འདི་ལུ་ ཁྱོད་ཀྱིས་ འ་ནཱེ་སྦེ་ རྩིས་སྤྲོད་འབད་ད་གསེས་ འ་ནཱི་ ང་བཅས་ར་ རྟེན་དང་རྟེན་མ་སྦེ་ བསྟེནམ་ཨིན་སྨ་རེ་གསེས་ ཁྱོད་ལུ་ རྒྱབ་ཆོད་བའི་གི་ ཏེ་ཆ་རོགས་འདི་ འ་ནཱི་ཨིན་ གཞན་ཁྱོད་ལུ་ རྒྱབ་མི་ཆོད་དགོ་གསེས།
- ཉིམ་རྡོ་རྗེ Nim Dorjiཁྱོད་འ་ནཱི་ ཁོ་རེ་ ལེགས་ཤོམ་ཅིག་སྦེ་ བདག་འཛིན་འབད་ ཏེ་རོགས་ལུ་ཡང་ བཙོང་མ་ད་ བྱང་ཡང་མ་ད་ ཁྱོད་རའི་ ཨོལ་ལྐོག་ཁར་བཏགསཔ་བཏགས་ས་ར་ ཁྱོད་ར་མར་ དམག་མི་གི་(ཊེ་ལིང)སྦྱོང་བརྡར་ག་ཅི་ར་རྐྱབ་ཟེར་རུང་ ཁྱོད་ཕུད་ར་མིན་དགོ་གསེས།
- ཉིམ་རྡོ་རྗེ Nim Dorjiཏེ་ཕྱི་རུ་ཡང་ཕུད་མིན་དགོ་ ད་འབདན་ཁྱོད་ འ་ནཱི་བདག་འཛིན་འཐབ་སྨ་རེ་ ཨ་པ་གིས་ ཁྱོད་ལུ་བྱིན་ནི་ཟེར་རུང་ འ་ནཱི་ཨིན་ གཞན་ག་ནི་ཡང་ བྱིན་ནི་མེད་གསེས་ ཏེ་འ་ནཱི་ ཨ་པ་གིས་ ང་ལུ་བྱིན་བྱིནམ་ཨིན།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱི་ ང་ཨོལ་ལྐོག་ཁར་བཏགས་ ཏེ་དེ་ལས་ཏེ་ དམག་མི་ནང་ལུ་ཏེ་ ཊེ་ལིང་རྐྱབ(སྦྱོང་བརྡར་འབད) ཏེ་ང་བཅས་ ཧེ་མ་གི་དམག་མི་དང་ ད་རེས་ཀྱི་ དམག་མི་མི་འདྲ་བས་ ཏེ་ད་རེས་དམག་མི་ཨ་ཙི་འཇམ་མས།
- ཉིམ་རྡོ་རྗེ Nim Dorjiཧེ་མ་ང་བཅས་ཏེ་ གནམ་མེ་ས་མེད་ ཏེ་ནུབ་མོ་ ནུབ་མོ་ཡང་ཏེ་ ཆུ་ཚོད་གཅིག་གཉིས་གསུམ་ལུ་ ཞག་ཉལ་ནི་མེད་ རི་ཁ་ལས་ཕར་ ས་དོང་བརྐོ་ ཏེ་དེ་ལས་ཏེ་ ག་ར་ཀྲོབ་མདའ་འདི་ ཨོལ་ལྐོག་ཁར་བཏགས།
- ཉིམ་རྡོ་རྗེ Nim Dorjiདེ་ལས་ དེ་ལས་ ད་རུང་ ཕྱི་རུ་ལྟོ་འབད་བཟའ་ནི་གི་ རྒྱགས་སྐལ་འདི་ཚུ་ག་ར་ པེག་རྐྱབ(བསྡམས) རྒྱབ་ཁར་བཀལ་ དེ་གུ་ལས་ཕར་ ཀྲོབ་མདའ་ལག་མདའ་བཀལ་ ཧེམ་ ལྕགས་ངར་ སྟར་ ཏོག་ཙི་ག་ར་ འ་ནཱེ་སྦེ་ ཐུང་ཀུ་ཐུང་ཀུ་སྦེ་བཟོ་ འ་ནཱི་པུ་ར་(ཆ་མཉམ)འབག་སྟེ་གིས་སྦེ་ རི་ཁར་ལས་ཕར་ཏེ་ སྐྱེལ་ལུས་རྐྱབ་དགོ།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་ཁར་ལུ་དོང་བརྐོ་ འ་ནཱ་ད་རུང་ དོང་བརྐོ་ཚརཝ་ད་ ད་ནཱ་མི་བཏུབ་པས་ ཨ་ཕར་ལས་ཚུར་ བྱང་ཕྱད་ཀྱིས་མཐོང་ཡི་གསེས་ ང་བཅས་ ཕར་སྤོ་དགོ་པས་གསེས་ འ་ནཱ་དོང་བརྐོ་ཚརཝ་ད་ ཕར་འབག་ཡར་འོང་ ཨ་ཕར་བརྐོ་དགོ། ཕར་ལྷོདཔ་ད་ ཡ་ནཱི་ནང་ཡང་ རོགས་ཀྱི་བྱང་ཕྱད་ཀྱིས་མཐོང་ཆི་ ད་ཨ་ཕར་སྤོ་དགོ།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱེ་སྦེ་དཀའཝ་སྤྱད་ གནམ་མེད་ས་མེད་ཐབས་སྡུག་ ཏེ་རྔུ་རུང་ རོགས་ཀྱིས་བཞག་མི་བཏུབ་ ཨའི་འབོ་རུང་ རོགས་ཀྱིས་བཞག་མི་བཏུབ་ ཨ་པ་འབོ་རུང་བཞག་མི་བཏུབ་ ཏེ་དེ་བསྒང་ལས་ རོགས་ཀྱིས་ཏེ་ ཏེ་སློབ་དཔོན་འདི་ཚུ་གིས་འཁྱིད་ཏེ་ འ་ནཱེ་སྦེ་ དཀའཝ་སྤྱད།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱེ་འབད་རུང་ཏེ་ ང་གིས་ གོ་བ་བཏབ་བཏབ་ས་ ད་ཕ་མ་གིས་ཏེ་ བསླབ་བྱ་འདི་ འ་ནཱེ་སྦེ་བྱིན་ཡི། ད་འ་ནཱི་མནོ་སྟེ་ སེམས་ཁར་བཀལ་འདི་ར་ཏེ་ འ་ནཱེ་སྦེ་ ཏེ་ནཱེ་ལསན་ ཕར་རོགས་ཏེ་ ད་དམག་མི་བསྡོམས་དྲུག་ སྦྱོང་བརྡར་འབད་ འ་ནཱེ་སྦེ་ རི་ཁར་ལས་ཕར་ ག་དེམ་ཅི་ར་ཏེ་ ཚལ་མ་ནང་ལས་ཕར་ ག་དེ་སྡོད་ར་རུང་ ཏེ་འདྲེ་སྲིན་སྡེ་བརྒྱད་ཀྱི་ གནོད་པ་ཡང་མ་འབྱུང་།
- ཉིམ་རྡོ་རྗེ Nim Dorjiང་བཅས་ཀྱི་ཆ་རོགས་ཚུ་ ལ་ལུ་ན་འབད་སྦེ་འབད་ ག་ཅི་འབད་རུང་ གནམ་མེད་ས་མེད་འབད་ཡི་ ང་རུ་འདི་ གནོད་པ་ག་ཅི་ཡང་མ་འབྱུང་ ཏེ་འ་ནཱེ་འདི་ ང་ར་གི་ ཏེ་ད་ ཨ་པ་གིས་ བྱིན་མི་གི་ སྲུང་ཁོབ་འདི་གི་ སྐུ་དང་གྲིབ་མ་ལས་བརྟེན་ཨིན་མས་མནོ་ ང་ར་ཡང་ མནོ་བསམ་འདི་ འ་ནཱི་ཅིག་བཏང་ཆེ་ཡི་སྦ་ཏེ།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱ་ལས་ ང་ར་ཡང་ འདི་ལུ་དད་པ་ཅིག་བསྐྱེད་ ཏེ་ངེ་ཨ་པ་གིས་ སླབ་ནི་ཡོད། ད་ཁྱོད་ ད་ཁྱོད་ཧེ་མ་ དཔེ་ཆ་ཨ་ཙི་ཅིག་བལྟ་ཡི་སྦ་གསེས་ ཡར་སེམས་རྟོགས་ཁར་ཨ་ཙི་ཅིག་བལྟ་ཡི་ ང་ཆུང་ཀུ་བསྒང་དཔེ་ཆ་ འ་ནཱི་ འཇིག་རྟེན་དབང་ཕྱུག་འདི་སྐྱོར་དགོ་སྨ་རེ་གསེས།
- ཉིམ་རྡོ་རྗེ Nim Dorjiཨ་པ་གིས་ འ་ནཱེ་སྦེ་སླབ་པའི་ དྲོ་པ་ལོངམ་ད་ འཇིག་རྟེན་དབང་ཕྱུག་ ཚར་གསུམ་སྐྱོར་ཤིག་གསེས་ ཕྱི་རུ་ཉལཝ་ད་ འཇིག་རྟེན་དབང་ཕྱུག་ ཚར་གསུམ་སྐྱོར་ཤིག་གསེས་ འ་ནཱི་གིས་ར་བཏུབ་གསེས་ ང་ར་འ་ནཱི་ འཇིག་རྟེན་དབང་ཕྱུག་འདི་སྐྱོར།
- ཉིམ་རྡོ་རྗེ Nim Dorjiཏེ་འཇིག་རྟེན་དབང་ཕྱུག་ཟེར་མི་ ཚིག་ཐེངས་ཉུང་སུ་ ཉུང་སུ་ཅིག་ལས་བརྒལ་མིན་འདུག་སྨོ་ཤིག་ འ་ནཱི་སྐྱོར་ ཏེ་ནཱེལས་ འ་ནཱེ་སྦེ་ ཏེ་དེ་ལས་ཏེ་ དམག་མི་གི་ སྦྱོང་བརྡར་འདི་ཚང་སྦེ་ཏེ་ དེ་ལས་ཏེ་(སེན་ཊན)ལྟེ་བ་ནང་བཏང་།
- ཉིམ་རྡོ་རྗེ དེ་ལས་ཏེ་ ཕར་བཏང་ ཡར་བཏང་ ཏེ་ལཱ་མཇུག་ཁ་ཏེ་ ཕར་སྤ་རོ་འགྱོ་ད་ཏེ་ ཏེ་འ་ནཱི་ལས་ཏེ་ ཨ་ཞེ་གིས་ཏེ ཕར་གི་རྟེན་ཅིག་ ཏེ་འ་ནཱི་ལས་ ད་ལྟོ་ཚུན་ཚོད་ཏེ་ ང་གིས་ འ་ནཱི་ཏེ་བསྡུ་བཞག་ ང་ཤུལ་ལས་ ང་དམག་མི་ནང་ལུ་སྡོདཔ་ད།Nim Dorji:་
- ཉིམ་རྡོ་རྗེ Nim Dorjiང་ཡར་སྤ་རོ་ སྟག་ཚང་ཁ་གི་འ་ནཱ་ འབྲུག་རྒྱལ་རྫོང་གི་ འ་ནཱ་མར་འོངམ་ད་ དེ་བསྒང་ ང་བཅས་ གཱ་རི་ཀར་རི་ལོ་ མར་ཊི་ལོ་ ག་ཅི་ལོ་ཟེར་མི་ཚུ་ཙ་ལས་མེད་ ཇིབ་དེ་ར་ཨིན་ ཨིན་དྲ་གི་ཇིབ་འདི་ར་ ཞབས་འབྲུག་རྒྱལ་གསུམ་པ་ ཁོ་ར་ཡང་ ཇིབ་ནང་བྱོན་མི་ཏེ།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་ ཇིབ་ནང་འཛུལ་ཡར་ལས་མར་ལོགཔ་ད་ འ་ནཱི་ སྤ་རོ་སྟག་ཚང་ཁའི་ གདོང་སྐོར་ལས་མར་ ཏེ་ཌའི་བར་(དེད་གཡོགཔ) དེ་གིས་ མར་གཙང་མི་ཁར་ ག་འགྱི་ཡི། ཏེ་གཱ་རི་ཨེསི་ཊེན་(ཐུག་རྐྱེན)རྐྱབ་ཅི།
- ཉིམ་རྡོ་རྗེ Nim Dorjiདེག་གཡོགཔ་དེ་ ཁོ་ར་ཁ་བཏམ་ཡར་སོང་ཡི་ ཤི་སོང་ཡི་ ངེ་ཆ་རོགས་འདི་ འ་ནཱ་མར་ དཔྱལཝ་བཀག་ འ་ནཱ་ལས་ སྤྱི་མིག་འབལ་ འ་ནཱ་ལས་ ངར་རྡོག་དུམ་ཐག་མཁནམ་བཅགས་ ཁོ་དྲན་མེད་བརྒྱལ་ ང་འདི་ འ་ནཱ་ལས་ སྒོ་ཅུང་ནང་ལས་ གཱ་རི་ཤེལ་ཆག་ སྒོ་ཅུང་ནང་ལས་ཐོན་ ཨ་ནཱ་ལས་ཡུདཔ་ཅིག་ ཨ་ཕར་དེ་ཅིག་ཁར་ ཕར་བཀོ་ད་ནུག།
- ཉིམ་རྡོ་རྗེ Nim Dorjiཕར་རྡོ་ཅིག་གི་ ཚང་ནང་ལས་ཕར་ ག་འགྱོ་ནུག་སྦ་ཏེ་ལགས། རྡོ་འ་ནཱེམ་ཅིག་ནང་ལུ་ ཏེ་ཚར་གཅིག་འདི་ གནག་ཐུམ་བཏང་ཡི་ འ་མནོ་ཏེ་ དྲན་པ་ཚར་ཅིག་གཏོར་ད་ནུག་སྦ་ཏེ་ ཡུདཔ་ཅིག་ཁར་ལས་ཁོད་སིར་འབདཝ་མས།
- ཉིམ་རྡོ་རྗེ Nim Dorjiད་ག་ཏེ་ཅིག་ལྷོད་ཅི་ག་ མནོ་འབདཝ་དན་ ཏེ་ང་ཕར་རྡོའི་ཚང་ན་ཨིན་པས་ ཏེ་དེ་བསྒང་ལས་ ང་དྲན་པ་ཟུན་ཆེ་ཡི་ དབའེ་ ད་རིས་ཡ་ གཱ་རི་འདི་ རྦོབ་ཏོ་འདྲིལ་སོང་ཡི་སྨ་རེ་མནོ་ ཏེ་དེ་ལས་ཏེ་ དེ་སྦེ་སྡོད་པ་མི་བཏུབ་མནོ་ ཏེ་ང་ར་དཔྱལ་རི་མེད་པ་ཏེ་ ཡར་ལོངམ་མས།
- ཉིམ་རྡོ་རྗེ Nim Dorjiཡར་ཚར་ཅིག་ལོང་ཞིནམ་ལས་ མར་ཚར་ཅིག་ འགྱེལ་སོང་ཡི་ད་རུང་ གཟུགས་འ་ནཱེ་སྦེ་ ཆོམ་ཆོམ་འབདཝ་མས་སྦ་ མར་ཚར་ཅིག་སྡོད་སྦེ་འབད་ཞིནམ་ལས་ དབའེ་ད་ག་ཅི་ན་སྨོ་ ཏེ་འཕྲང་ར་ ཡ་ད་འབདན་ད་ གདོང་ཁར་ལུ་ སྐྱོན་ཅིག་མ་རྐྱབ་ག་མནོ།
- ཉིམ་རྡོ་རྗེ Nim Dorjiཏེ་ང་ར་གི་ དམག་གོ་གི་ལགཔ་མར་འཐེན་ འ་ནཱེ་སྦེ་ གདོང་འཕྱག་བཀོཝ་ད་ ག་ཅི་ཡང་མིན་ནུག་ ཁྲག་ཡང་ག་ཅི་ཡང་ཅིག་ཡང་ནུག། དེ་ལས་ གཟུགས་འདི་ འ་ནཱེ་སྦེ་སྤརཝ་ད་ ཡངས་ཆག་ཆག་སྦེ་སྡོད་ནུག།
- ཉིམ་རྡོ་རྗེ ག་ཅི་ཡང་མ་འབད་ ང་ཡར་ལོང་དགོ་ཟེར་ དེ་ལས་ ཡར་ལོང་ཅི་ ཡར་ལོང་འབདཝ་ད་ ཧིང་སངས་ས་སྦེ་སྡོད་ནུག་ ག་ནི་ཡང་མ་འབད་བས་གཟུགས་ ཏེ་ང་ལས་ཕར་སྦེ་འགྱོ་ཡི་ འགྱོཝ་ད་ཏེ་ཕར་ གཱ་རི་འདི་ ཕར་ཕར་ཕར་ཚལ་མ་ནང་ལས་མར་ མགུ་མཇུག་སྦེ་ ཧོག་ཀ་ཅིག་ནང་ལུ་ བསྟིར་ད་ནུག།Nim Dorji:
- ཉིམ་རྡོ་རྗེ Nim Dorjiམར་རྒྱབ་ཁའི་ གཱ་རི་གི་ཙ་ཀ(འཁོར་ལོ)འདི་ འ་ནཱེ་སྦེ་བསྒྱིར་འདི་མས་ འ་ནཱི་ གཱ་རི་གི་ འ་ནཱི་མེ་ཤིན་བཱན་(འཕྲུལ་མ་ཆད)སྦ་ཏེ་ ཨིསི་ཀྲཊ་བཱན་མ་འགྱོ་བས་སྦ་ཏེ་ རྒྱབ་ཁའི་འཁོར་ལལོ་བསྒྱིར་སྡོད་ནུག་སྦ།
- ཉིམ་རྡོ་རྗེ Nim Dorjiདེ་ལས་ ཕར་སོང་ དབའེ་དབའེ་ཆ་རོགས་ ཁྱོད་ག་ཅི་ཡང་མ་འབད་ག་གསེས་ དེ་ལསན་ཏེ་ ཁོ་ཏེ་ དེ་བསྒང་ལས་ དྲན་པ་མིན་འདུག་ཏེ་ གདོང་ག་ར་ཁྲག་གིས་གནམ་མེད་ས་མེད་གང་ ཁོ་ཕར་ གཱ་རི་ནང་ར་སྡོད་ནུག་སྡོད་ནི་འདི་ གཱ་རི་ནང་ན་ར།
- ཉིམ་རྡོ་རྗེ Nim Dorjiཏེ་དྲེ་བར་(དེད་གཡོགཔ)འདི་མིན་འདུག་ དེག་གཡོག་འདི་ གདོང་ཁའི་ཤེལ་བཅགས་ཕྱི་ཁར་ བཏོན་བཏང་ནུག་ལགས། དེ་བསྒང་ལས་ དེད་གཡོགཔ་འདི་ཏེ་ གདོང་ཁར་པུ་ར(ག་ར)ཤེལ་ཟུགཔ་སྟེ་ཏེ་ བར་ཚིག་གུ་ལས་མར་ ཤི་སོང་ནུག་ཏེ་ལགས།
- ཉིམ་རྡོ་རྗེ Nim Dorjiཏེ་ཁོ་འདུག་ ཏེ་ང་ཁོ་གཟུགས་ཁར་བཤེད་གསིག་ དེ་ལས་ ཁོ་གིས་ཏེ་ དབའེ་དབའེ་ ལོང་ལོང་ ད་ང་བཅས་ གཱ་རི་རྦོབ་ཏོ་འདྲིལ་སོང་ཡི་ ང་བཅས་ཡར་ ལམ་ཁར་ལུ་ཐོན་གེ་ ན་སྡོད་པ་ཅིན་ ད་ལྟ་ར་ ང་བཅས་གཉིས།
- ཉིམ་རྡོ་རྗེ Nim Dorjiང་འདི་ ག་ཅི་ཡང་མ་འབད་བས་ ཏེ་ཁྱོད་ ཁྲག་གི་ གནམ་མེད་ས་མེད་གང་སོང་ནུག། ཏེ་ལྟ་ར་ ཁྱོད་ཁྲག་ལུ་འཁྱིལ་ ད་ལྟ་ར་ ཁྱོད་ཤིང་འོང་ ཏེ་འགྱོ་གེ་གསེས་ ཏེ་ང་ཁོ་ལྷོང་མི་ཏེ་ ཏེ་ཁོ་རྐངམ་ རྩ་བ་བཙུགས་མི་ཚུགས་པས་ཏེ།
- ཉིམ་རྡོ་རྗེ Nim Dorjiཏེ་རྐངམ་གན་བཙུགས་པ་ འ་ནཱ་ལས་ སྤྱི་མིག་སྦལ་ད་ནུག་ ངར་རྡོ་གཉིས་ལྟབ་བལྟབ་ནུག་ གདོང་ག་ར་ འ་ནཱ་པུ་ར་(ཆ་མཉམ)བཀག་ཚར་ནུག་ ཏེ་ཁོ་འགྱོ་མི་ཚུགས་པས་ལོ་ ཏེ་ང་འདི་ ག་ནི་ཡང་མ་འབད་བས།
- ཉིམ་རྡོ་རྗེ Nim Dorjiཏེ་ང་ཁོ་འབག་ ཏེ་མར་ལས་ཏེ་ ལགཔ་འཁན་པ་པ་གུ་བཤེད་ཡི་བཤེད་ཡི་འཛེགས་ ཏེ་ཡར་ གཱ་རི་ལམ་ཁར་བཏོན་འདི་ ང་ཁོ་ ཡར་གཱ་རི་ལམ་ཁར་བཏོན་ དེ་ལས་ཏེ་ མར་ལས་ཡར་རོགས་ སྐུ་སྲུང་དམག་མི་ཡོད་པའི་ཡར་སྤ།
- ཉིམ་རྡོ་རྗེ Nim Dorjiཡར་རྒྱ་གར་ཐང་གི་འ་ནཱ་ལུ་ སྐུ་སྲུང་དམག་མི་ ཊེ་ལིང་རྐྱབ་མི་ཡོད་སྦ་ མར་སྟག་ཚང་ཁ་གི་མཇུག་ལས་ཡར་ རམ་ཐང་ཀ་ཟེར་མི་འདི་ཁར་ལས་ཡར་ ཁོང་བསྡོམས་ཊེ་ལིང་རྐྱབ་(སྦྱོང་བརྡར་འབད་དོ)སྦ།
- ཉིམ་རྡོ་རྗེ Nim Dorjiའ་ནཱེ་འབདཝ་ད་ ཕར་ལས་ཡར་ རྒྱ་གར་ཀེབ་ཊེན་(སྤྱི་དཔོན)ཅིག་ཡོད་ འོང་དེས་ གཱ་རི་ཅིག་ བདའ་ཁོ་རོགས་ ཏེ་ང་བཀག་ཅི་ ག་ཅི་འབད་ཡི་ལོ་ ཏེ་ང་བཅས་ དམག་མི་འབད་ནི་དེ་གིས་ རོགས་བཀགཔ་ཅིག་སྡོདཔ་མས།
- ཉིམ་རྡོ་རྗེ Nim Dorjiཏེ་ག་ཅི་འབད་དཔ་སྨོ་ ཀ་ཧོ་གི་ཡ? ཀེ་ཧོ་གི་ཡ? (ག་ཅི་འབད་དེཔ་སྨོ? ག་ཅི་འབད་དཔ་སྨོ)ཟེར་ སླབ་དེས་ ཏེ་འ་ནཱེ་སྦེ་ རྦོབ་ཏོ་འདྲིལ་སོང་ཡི་ཟེར་ སླབ་ཅི། ཏེ་ནཱི་ལས་ འ་ནཱེ་སྦེ་ བལྟ་ཞིནམ་ན་ཏེ་ ཏེ་དེ་གིས་ གཱ་རི་རྦག་(རྒྱབ་ཤུལ་)རྐྱབ།
- ཉིམ་རྡོ་རྗེ Nim Dorjiཏེ་གཱ་རི་འདི་ མར་སྒོ་ཕྱིཝ་ ཅིན་ཁོ་འ་ནཱེ་སྦེ་ བལྟ་ཞིནམ་ད་ ཏེ་འ་ནཱི་ ངེ་ཆ་རོགས་འདི་ དྲུང་ཡིག་ཨིན་སྦ་ཏེ་ མར་ཁྲིམས་དཔོན་གྱི་ སྤ་རོ་ཁྲིམས་དཔོན་གྱི་དྲུང་ཡིག་ཨིན་ཏེ་ཁོ་ ཏེ་ཁོ་གཟུགས་ཁར་ སྒོ་གྱོན་ཡོད་ནི་དེ་གིས་ ཏིམ་བེ་ཁྲོ་ ཨུ་ཆོར་དོ་ སི་བིལ་ཧའེ་(ཁྱོད་སྡོད་ ཁོ་བཀོ་བཞག་ ཞི་བའི་མི་སེར་)གསེས་མས་ཏེ།
- ཉིམ་རྡོ་རྗེ Nim Dorjiཁོ་གོ་གྱོན་ནི་དེ་གིས་ ཁོ་སི་བཱིལ་ཨིནམ་མམ་ ཁོ་བཞག་ལོ་ ང་འཛུལ་ལོ་ ཏེ་ང་ག་ནི་ཡང་མ་འབད་ ཧེ་ཧེ་ ཏེ་ང་སླབ་ཅི་ འ་ཏེ་ དེ་སྦེ་མི་བཏུབ་ ཨེ་སེ་མཱཊ་ཀར་(ནཱེ་སྦེ་མ་འབད)ས་ སཱཊ་མར་དོསི་ཏི་ཧའེ་ ཨུ་བི་ལན་ནི་པཱ་རེ་ག་(ངེ་གི་ཆ་རོགས་ཨིན་ ཁོ་ཡང་གཅིག་ཁར་འབག་དགོ)གསེས་ སླབ་ཅི་ ཧེ་ཧེ་ཧེ་ཧེ་ཧེ།
- ཉིམ་རྡོ་རྗེ Nim Dorjiཧེ་ཧེ་ཧེ་ ཏེ་ནཱེ་ལས་ ད་རུང་ ང་ཏེ་ ཏེ་ཁོ་ཡང་ཏེ་ དེ་བསྒང་ལས་ ཁོ་ཡར་ལོང་མི་ཚུགས་པས་ཏེ་ གནམ་མེད་ས་མེད་ ཟུག་རྐྱབ་དོ་ཏེ་ཁོ་ འ་ནཱེ་སྦེ་གསེས་ཏེ་ དེ་ལས་ཏེ་ ང་ཁོ་འཐུ་ ཏེ་ཕར་གཱ་རི་རྒྱབ་ཁར་བཙུགས་ ཏེ་ལོག་མར་སོང་ ཏེ་མར་རྒྱ་གར་ཐང་ ཁོང་དམག་མི་གི་ སྨན་ཁང་འདུག་སྦ།
- ཉིམ་རྡོ་རྗེ Nim Dorjiཕར་དམག་མི་གི་ སྨན་ཁང་ནང་སོང་ ཏེ་ནཱི་ལས་ ཁོ་འ་ནཱི་ རྐངམ་བཅགས་མི་འདི་མར་ཕྲང་ དེ་ལས་ཏེ་ སྤུར་རས་རྐྱབ་འབད་དེ་སྦེ་ དེ་ལས་ ཁབ་རྐྱབ་ འ་ནཱེ་སྦེ་ཌོག་ཊར་ མེ་ཇཱར་(ལིང་དཔོན)ཅིག་འདུག་ ཁོ་རྐྱབ།
- ཉིམ་རྡོ་རྗེ Nim Dorjiདེ་ལས་ཏེ་ རོགས་ཕར་ ཁོ་འ་ནཱེ་འབད་མི་འདི་ ཁོ་ནདཔ་ གནམ་མེད་ས་མེད་ ནཱེམ་འབད་མི་འདི་ ཁོ་ཕར་ཙང་བཞག་སྦེ་ ཧེ་མ་ར་ ང་བལྟཝ་མས་ཏེ་ ང་ཅེག་(ཞིབ་དཔྱད)རྐྱབ་མས་ཏེ་ ང་བཅས་དམག་མི་གིས།
- ཉིམ་རྡོ་རྗེ Nim Dorjiཏེ་ང་འདི་ ཞིབ་དཔྱད་རྐྱབ་མིན་དགོ་སླབ་པའི་ ང་འདི་ ག་ནི་ཡང་མ་འབད་གསེས་ ཏེ་མེ་ཇཱར་འདི་ཡང་རྔམ་མས་ཁོ་ ཨ་དབའེ་ ཨེ་སེ་ ཀཱའི་སེ་ཧོ་གི་ཡ་ཏོ་ ཨབ་ཏོ་ཀུཅ་ན་ཧི་ཧོ་ཡ་ ཨོ་ས་ཏི་དེ་ཁོ་ན་ན་ སཊ་སབ་ཧོ་གི་ཡ་ ཨབ་ཀེ་སེ་བཱབ་གི་ཡ་(ཁྱོད་འདི་ ག་དེ་སྦེ་འབད་ཡི? ཁྱོད་ག་ཅི་ཡང་མ་འབད་བས་ ཆ་རོགས་འདི་ ཆ་མཉམ་མེདཔ་བཏང་ཚར་ནུག) གསེས་མས།
- ཉིམ་རྡོ་རྗེ Nim Dorjiཨབ་ཀཱའི་སེ་བཱད་གི་ཡ་(ཁྱོད་ག་དེ་སྦེ་ལུས་སོངམ་སྨོ)ལོ་ མ་ཤེས་ ང་ག་ནི་ཡང་མ་འབད་ སླབ་ཅི་ ཏེ་ང་དབྱེ་ཞིབ་འབད་བལྟཝ་མས་ཏེ་ འ་ནཱེ་སྦེ་ ཧེ་ཧེ་ཧེ་ ཏེ་ང་ ང་འདི་ ག་ཅི་ཡང་མ་སྦེ་ འ་ནཱ་ ངེ་ཆ་རོགས་འདི་ ཨ་ཙི་བལྟ་དགོ་པས་གསེས་ སླབ་པས་ཏེ།
- ཉིམ་རྡོ་རྗེ Nim Dorjiསྨན་བཅོས་རྐྱབ་ ཏེ་འ་ནཱི་ལས་ ཏེ་རོགས་འབག་མར་ ང་བཅས་མར་ ཚོང་འདུས་སི་བཱིལ་(ཞི་བའི་མི་སེར་)གྱི་ སྨན་ཁང་ནང་བཀལ་ཡི། ཏེ་འ་ནཱེ་སྦེ་ ཏེ་ང་འ་ནཱི་གིས་ཏེ་ ང་ག་ཅི་ཡང་མ་འབད་མི་འདི་ འ་ནཱི་གི་ ཐུགས་རྗེ་བྱིན་རླབས་མས། ཏེ་འ་ནཱི་གིས་་་་་་་་ནུག་སྦེ་ཏེ་ སྲུང་མ་དེ་གིས་ འ་ནཱི་གིས་ཚར་ཅིག་ ཏེ་ནཱ་ཁོ་གི་་་་་་་རྒྱབ་སྐྱོར་འབད་ཡི་ཁོ་གིས།
- ཉིམ་རྡོ་རྗེ དེ་ལས་ འ་ནཱི་གི་ སང་ཕོག་ད་རུང་ འ་ཕར་ སྤ་རོ་ཁང་ཀུ་གི་ འ་ནཱ་མར་ ད་རུང་ ང་བཅས་ བཱསི་ཅིག་ཡོད་ དེ་བསྒང་ལས་ ཏེ་ བཱསི་ལྷ་པ་རིངམོ་ཅིག་ མི་སེར་སྐྱེལ་མི་ཅིག་ འ་ནཱི་བཱསི་འདི་ ཚར་ཅིག་ སྤ་རོ་ཁང་ཀུ་གི་ ཨ་ཕར་ལས་མར་ག་འགྱོ་ཡི་ཚར་ཅིག།Nim Dorji:
- ཉིམ་རྡོ་རྗེ Nim Dorjiའ་ནཱི་ནང་ཡང་ ང་ཡོད་ཏེ་ ཏེ་ང་འདི་ འ་ནཱི་ཚུར་ ནཱ་ཐིམ་ཕུག་ལུ་ བཙོན་སྐྱེལ་བ་འོང་འོངམ་ཨིན་ཏེ་ ཁོ་བཙོན་མི་གཉིས་ཡོད་སྦ་ སྤ་རོ་ལས་འབག་སྟེ་གིས་ ཐིམ་ཕུག་རྩིས་སྤྲོད་རྐྱབ་སྦ་ འོང་འོངམ་ཨིན། འ་ནཱི་ བཱསི་ནང་བཙུགས་འཁྱིད་འོང་འོངམ་ཨིན་ཏེ།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱ་ ཁང་ཀུ་གི་ འ་ནཱ་མར་ལྷོདཔ་ཅིན་ཏེ་ བཱསི་འདི་ ནཱ་མར་ག་འགྱོ་ཡི། འ་ནཱ་ལུ་ མི་བདུན་བསད་ད་ཡི་ བཱསི་ནང་ལུ་ མི་དགུ་ནདཔ་བཏོན་ད་ཡི་ ང་འདི་ སྒོ་ཅུང་ནང་ལས་ཕར་ ཐོན་ཕར་མི་གནགཔ་གི་ ལྕང་ལཱ་རྐྱབ་རྐྱབ་པའི་ ཨ་རིང་ནང་ འདམ་མི་ནང་རྐྱབ་ དམག་སྒོ་ག་ར་འདམ་སྒྱེས་ཚར་ནུག་ ག་ནི་ཡང་མ་འབད་བས།
- ཉིམ་རྡོ་རྗེ Nim Dorjiརྨ་ཟེར་མི་ཅིག་ཡང་མ་བཏོན་ ཏེ་འ་ནཱ་ལས་ཏེ་ ང་ཏེ་ གནམ་མེད་ས་མེད་ ཁོ་ལུ་ཏེ་ སྐྱབས་སུ་མཆི་ཡི་ཏེ་ ང་ར་ཕ་མ་གིས་བྱིན་མི་འདི་ དགོད་བྲ་མེན་པས་སྨ་རེ་ཁོ་ ངོ་མ་ར་ ཁོ་ཏེ་ སངས་རྒྱས་ཀྱི་རྟེན་ངོ་མ་ཅིག་ཨིན་མས་མནོ།
- ཉིམ་རྡོ་རྗེ Nim Dorjiའ་ནཱ་ལས་འདི་ཏེ་ ང་ཏེ་ དྲོ་པ་ཕྱི་རུ་ཏེ་ འཇིག་རྟེན་དབང་ཕྱུག་འདི་ཏེ་ མ་འདྲཝ་ཅིག་སྦེ་ར་ཏེ་ གསོལཝ་བཏབ་ཅི་ ཁོ་ར་ཨིན་པས་ད་ སྐྱབས་ར་རེད་ས་ ཁོ་ར་ཨིན་པས་གསེས་ ཏེ་འ་ནཱ་ལས་སྦེ་ཏེ་ འ་ནཱེམ་ཅིག་སྦེ་ར་ ཏེ་ང་གིས་ བདག་འཛིན་འབད་དེ་ར་ཏེ་ གནམ་མེད་ས་མེད་རིང་བསྲེལ་འཁྲུངས།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱ་རྩི་རང་ལྷོདཔ་ད་ཏེ་ འ་ནཱ་ལས་ཏེ་ ནཱ་གི་རྩི་རང་ བླམ་གནས་བརྟན་གྱིས་ཏེ་ འེམ་ཨ་ཞང་ ཁྱོད་ཀྱི་རྟེན་འདི་ ད་ཁྱོད་ར་ལུ་ ཏེ་དཀའ་ངལ་ ག་དེ་སྦེ་ཡོད་དགོ་ཟེར་གསུངས་དེས་ བླམ་གནས་བརྟན་གིས།
- ཉིམ་རྡོ་རྗེ Nim Dorjiད་ངེ་དགའ་ངལ་འདི་ཏེ་ལགས་ ད་འ་ནཱེམ་བཤད་དགོ་པ་ཅིན་ཏེ་ ང་ལུ་ ཨ་ལུ་བཞི་ཡོད་ ཏེ་ང་ར་འདི་ ཏེ་མར་དམག་མི་ནང་སྦེ་ ཤུལ་ལས་ལོག་ དམག་མི་ནང་ལས་ ལོག་གཡུས་ཁ་འགྱོཝ་ད་ཏེ་ ང་ལུ་ ཕ་མའི་ས་ཡོད་མི་འདི་རོགས་ ཁོང་སྤུན་ཆ་ཚུ་གིས་ གོ་ཚར་ནུག་གསེས།
- ཉིམ་རྡོ་རྗེ Nim Dorjiཏེ་ནཱི་ལསན་ ང་ལུན་ས་མིན་འདུག་གསེས་ ཁྱིམ་འདི་ ང་ལུ་མེད་ལགས་གསེས་ཞུ་ཡི་ ཏེ་ང་ ད་ལྟོ་ཚུན་ཚོད་ཡང་ ང་ ཏེ་འ་ནཱེ་སྦེ་ ས་མེད་རྡོ་མེད་སྦེ་ ཏེ་ང་ཕར་ མི་རྩིས་ནང་ལས་ཡང་ བཏོན་བཏང་ནུག་གསེས་ ང་ར་མ་པ་ མི་རྩིས་ང་བཅས་ར་ ཕ་ཕད་མ་སྨད་བརྒྱད་ཡོད་ འ་ནཱི་ སོ་སོར་སྦེ་ཡོད།
- ཉིམ་རྡོ་རྗེ Nim Dorjiཏེ་འདི་འབདཝ་ད་ ང་ལུ་ས་ཡང་མེད་ ཁྱིམ་ཡང་མེད་ ཏེ་ང་མི་རྩིས་ནང་ལས་ བཏོན་བཏང་ནུག་གསེས་ ས་མེད་རྡོ་མེད་སྦེ་ཨིན་གསེས་ འ་ནཱེ་སྦེ་ཡོད་ལགས་གསེས་ཞུ་ཡི། ང་ལུ་ ཁྱིམ་མེད་གསེས་ ཏེ་ངེ་དཀའ་ངལ་འདི་ འ་ནཱེམ་ཅིག་ཡོད་ལགས།
- ཉིམ་རྡོ་རྗེ Nim Dorjiང་གིས་ ད་ལྟོ་ཞུ་ཚིག་འདི་ བཙུགས་ཏེ་གིས་སྦེ་ སྤ་རོ་ཞུ་ཚིག་བཙུགས་ཏེ་གིས་ ད་ལོ་ངོ་གསུམ་ལྷགཔ་ཅིག་ཡར་སོང་ཡི་ ད་ལྟོ་ ད་ལྟོ་ང་ལུ་ སའི་སྐྱིད་སྡུག་མ་ཐོབ་གསེས་ བླ་མ་གསུངས་དེས་ ད་ཁྱོད་ལུ་ ས་ཆ་ཅིག་གི་ སྐྱིད་སྡུག་ཨིན་པས། ཁྱིམ་གྱི་དཀའ་ངལ་ཅིག་ཨིན་པས།
- ཉིམ་རྡོ་རྗེ Nim Dorjiད་ཁྱོད་ཀྱི་སྐྱིད་སྡུག་འདི་ ང་བཅས་ཀྱིས་ རབ་རུབ་བཏང་ ཏེ་ད་བསལ་དགོཔ་སྦེ་ ཆ་རོགས་འབད་གེ་ ཁྱོད་ཀྱི་རྟེན་འདི་ ཁོ་རེ་ ནཱ་ང་བཅས་ཀྱི་ གྲྭ་ཚང་ནང་ རྟེན་ཅིག་སྦེ་ ཕུལ་ད་ནི་མས་མེན་ན་ལོ་ ཏེ་འདི་ལས་ ང་ཡང་མནོ་བསམ་བཏང་ཡི་སྨོ།
- ཉིམ་རྡོ་རྗེ Nim Dorjiད་རང་ལོ་རྒས་ཤོས་ འ་ནཱེ་ཅིག་ཁར་ལྷོད་པའི་ ལྟ་མ་ ད་ལྟོ་ཚུན་ཚོད་འདི་ ང་གིས་ ངེ་འ་ནཱེ་བདག་འཛིན་འབད་ཡི་ ད་ངེ་གི་ཨ་ལུ་ཚུ་གིས་ ནཱི་བདག་འཛིན་ཅིག་ སྐྱོར་སྐྱོར་བཟུམ་ར་མིན་འདུག་ ད་འདི་བ་འདི།
- ཉིམ་རྡོ་རྗེ Nim Dorjiང་ར་མ་ཤིཝ་ལས་ ཏེ་ད་ ད་ངེ་གི་ དགེ་བ་དགེ་རྩ་གསེས་སླབ་རུང་ རང་གི་ དགེ་བ་དགེ་རྩ་ཟེར་རུང་ ད་ཨ་རྩིང་རང་གྲྭ་ཚང་ནང་ལུ་ཕུལ་ད་ནི་མནོ་ ཏེ་དེ་ལསན་ཏེ་ ང་ནཱ་ཕུལ་ད་ཨིན་ རྩི་རང་གྲྭ་ཚང་ནང་ལུ།
- ཉིམ་རྡོ་རྗེ Nim Dorjiདེ་ལས་ འ་ནཱེ་ལས་ཏེ་ འདིའི་ནངས་པ་ལས་ཏེ་ བླམ་གནས་རྟེན་དང་ ང་ ད་རུང་ ཁོང་བླམ་གཉིས་ཡོད་ འ་ནཱ་ བླམ་དཀོན་མཆོག་ཟེར་མི་ཅིག་ཡོད་སྦ་ ད་ལས་ཏེ་ བླམ་གཉིས་ཀྱིས་ གཱ་རི་ནང་བཙུགས་འཁྱིད་ཏེ་ སྐྱབས་རྗེ་ཡར་སྤུན་ན་ཁ་ དགུན་སྐུ་མཚམས་ནང་ལུ་བཞུགས་སྡོད་ནུག་སྦ།
- ཉིམ་རྡོ་རྗེ Nim Dorjiཕྲང་ར་ཡར་ སྤུན་ན་ཁ་ལུ་སྐྱེལ་ད་ཡི་ བླ་མ་གིས་སྦེ་ ཏེ་མར་ལས་སྦེ་ ཡར་སྐྱབས་རྗེའི་སྐུ་མདུན་ལུ་ གཟིགས་ཕུལ་རྐྱབ་དགོ་པས་གསེས་ དེ་ལས་ སྐྱབས་རྗེ་སྐུ་མདུན་འགྱོཝ་ད་ཏེ་ སྐྱབས་རྗེ་སྐུ་མཚམས་ནང་འབད་སྦེ་ ཧབ་ཐ་(བདུན་ཕྲག་)གཅིག་གི་རྒྱབ་ལས་ལས་ སྐུ་མཚངམས་མི་བཏང་གསེས་མས་ལགས།
- ཉིམ་རྡོ་རྗེ Nim Dorjiང་བཅས་ ནཱ་ལས་ཡར་ སྤུན་ན་ཁ་ སྐྱབས་རྗེའི་སྐུ་མདུན་བཅར་ནི་སྦེ་འགྱོཝ་ད་ སྤུན་ན་ཁ་གི་ སྒོ་རས་སྒོ་ཁར་ དར་ཤིང་རྩ་བར་ལྷོདཔ་ཅིག་ ཉིམ་འདི་ གསེར་སྡིངས་སྡིང་སྦེ་ར་ཤར་ཏེ་ཡོད་ ཉིམ་འདི་ གཞའ་གིས་བསྒོར་ཆེ་ནུག།
- ཉིམ་རྡོ་རྗེ Nim Dorjiཡར་ལས་མར་ ཆར་ཟིམ་ཅིག་ ཐུལ་ཐུལ་བཏང་བབས་མས་ ཏེ་བླ་མ་གིས་གསུངས་དེས་ དབའེ་ཨ་ཞང་ཁྱོད་ཀྱི་རྟེན་འདི་ ཞབས་དྲུང་འཇིགས་མེད་གྲགས་ཀྱི་ ཚེམས་ངོ་མ་ར་ཨིན་པས་ གནམ་མེད་ས་མེད་ཀྱི་ རྟགས་ཡང་བལྟ་ཤིག་ ཨ་ཡ་ ཉིམ་གཞའ་གིས་བསྒོར་ ནཱ་སྤུན་ན་ཁ་རྫོང་ནང་ལྷོདཔ་ད་ ད་མེ་ཏོག་གི་ཆརཔ་བབས་མས་གསེས།
- ཉིམ་རྡོ་རྗེ Nim Dorjiགནམ་མེད་ས་མེད་ རྟེན་འབྲེལ་བཟང་ཡི་སྨ་རེ་གསེས་ ཐད་རི་བ་རི་མས་ ཤོབ་མེན་མས་ཁྱོད་ཀྱི་འདི་ ངོ་མ་ར་ཨིན་པས་གསེས་ ད་ནཱེ་ལས་ཏེ་ ནཱེ་ལས་ཡར་སྒོ་ར་སྒོ་ལས་སྦེ་ཡར་འཛེགས་ ཏེ་དང་པ་ར་ ཕར་ཀུན་ར་ནང་ ཕྱག་འཚལ་ཅིག་འཚལ་ ཕར་སྙན་དར་ཅིག་ཕུལ་གེ་གསེས།
- ཉིམ་རྡོ་རྗེ Nim Dorjiད་ཕར་ཀུན་ར་ནང་འགྱོཝ་ད་ ཕར་ཀུན་ར་སྒོ་ཁར་ལུ་ཏེ་ ཕར་ལས་ཚུར་ དགེ་སློང་ཞལ་གྲངས་གསུམ་རོགས་ འ་ནཱི་མཆོདཔ་ ནངས་པ་དྲོ་པ་གི་མཆོད་ཕུལ་ནི་གི་ ཆུ་དབོག་དགོ་པས་སྦ་ མཆོད་ མཆོད་བོ་རྡིགགསུམ་ འ་ནཱེ་སྦེ་ ཆུ་ལྟེམ་ལྟེ་རྡེགས་སྦེ་ ཞལ་གྲངས་གསུམ་ མཆོད་པའི་བོ་རྡིག་གཡའ་བར་བཀལ།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་ཤུལ་ཤུལ་བདའ་སྟེ་ ཨམ་ཅིག་ ཨོམ་དམ་སྦྱིས་གང་ ཧེམ་ཅུ་ནང་བཙུགས་སྦེ་ ནང་ཀུན་ར་ནང་ལུ་ ཞལ་དཀར་བཀང་མ་ཨིན་ཟེར་ འ་ནཱེ་ཤུལ་ཤུལ་ ཨམ་འདི་འབད་སྦེ་ འ་ནཱི་སྒོ་ར་སྒོ་ཁར་ལུ་ ཀུན་ར་སྒོ་གར་ ཁ་ཐུག་ཀྲིག་ཀྲི་མས་ ང་བཅས་དང་གཅིག་ཁར།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱ་ཡང་ བླ་མ་གིས་གསུངས་དེས་ རྟགས་དང་རྟེན་འབྲེལ་འདི་ གནས་མེད་ས་མེད་ མ་འདྲཝ་ཅིག་བྱུང་དོ་སྨ་རེ་ ཁྱོད་གསེས་ ཏེ་ནཱེ་ལས་ཏེ་ ང་བཅས་ཏེ་ ཕར་ཏེ་ སྙན་དར་ཕུལ་ ཕྱག་འཚལ་ དེ་ལས་སྦེ་ ཏེ་ཡར་སྐྱབས་རྗེ་སྐུ་མདུན་འཛུལ།
- ཉིམ་རྡོ་རྗེ Nim Dorjiདེ་ལས་ཏེ་ སྐྱབས་རྗེ་སྐུ་མདུན་འཛུལཝ་ད་ ཏེ་སྐྱབས་རྗེ་ཏེ་ (བདུན་ཕྲག་)གཅིག་གི་རྒྱབ་ལས་མིན་འདུག་ སྐུ་མཚམས་ན་ཨིན་ལོ་ ཏེ་མིན་འདུག་ དེ་ལས་ ཇ་ཅིག་འདུག་ ཇ་འདི་འཐུང་ དེ་ལས་ ལོག་དེ་ལས་ ཡར་དབུ་རྩེ་ནང་ མ་ཆེན་ཀྱི་སྐུ་མདུན་བཅར་ཡི་།
- ཉིམ་རྡོ་རྗེ Nim Dorjiཏེ་མ་ཆེན་སྐུ་མདུན་བཅར་ དེ་ལས་ བླ་མ་གིས་གསུངས་དེས་ ཁྱོད་སྲུང་ཁོབ་འདི་ མ་ཆེན་གཟིམ་དཔོན་གྱི་ ཕྱག་ལུ་ཕུལ་ཤིག་ མ་ཆེན་ལས་ ཚར་ཅིག་བྱིན་རླབས་ཅིག་ཞུ་ཤིག་གསེས་ ང་སྲུང་ཁོབ་འདི་ མ་ཆེན་གཟིམ་དཔོན་ལུ་ཕུལ་ཡི་ལགས།
- ཉིམ་རྡོ་རྗེ Nim Dorjiཏེ་མ་ཆེན་གྱིས་གསུངས་དེས་ ཏེ་འདི་ག་ཅི་སྨོ་ ཏེ་བླ་མ་གསུངས་དེས་ ནཱི་ཨ་ཞང་གི་རྟེན་ཨིན་ ནཱ་ལས་བྱིན་རླབས་ཅིག་ཞུ་ནི་ཨིན་ མ་ཆེན་གྱི་སྐུ་མདུན་ལས་ བྱིན་རླབས་ཅིག་ཞུ་གནང་ཟེར་ ཏེ་འ་ནཱེ་སྦེ་ཨིན་གསེས་མ་སླབ།
- ཉིམ་རྡོ་རྗེ Nim Dorjiམ་ཆེན་གྱི་སྐུ་མདུན་ལས་ཏེ་ བྱིན་རླབས་ཞུ་ ཡ་མ་ཆེན་སྐུ་མདུན་ལས་ བྱིན་རླབས་ཅིག་ འ་ནཱེ་སྦེ་ ཞུཝ་ཅིག་ འ་ནཱི་ཧེ་མ་ལས་ ཕུལ་བཞག་བཞག་མས་སྦ་རོགས་ དཔོན་གྱིས་ ཕུལ་ཕུལཝ་ཨིན་ན་མ་ཤེས་ ཁ་དར་ཡར་ ཕུལ་བཞག་བཞགཔ་མས་སྦ་ཨ་ནཱེ་སྦེ།
- ཉིམ་རྡོ་རྗེ Nim Dorjiཡར་མ་ཆེན་གྱི་ འ་ནཱེ་སྦེ་ ཕྱག་ལུ་བསྣམས་ཏེ་འདུག་སྦ་ཏེ་ ངེ་རྟེན་འདི་ ཕར་འ་ནཱེ་སྦེ་འབདཝ་ཅིག་ ཡར་ལས་མར་ ཁ་དར་འདི་འབུདཝ་ཅིག་ ཕྲང་ཕྲང་ར་ ངེ་སྲུང་ཁོབ་གུ་མས། དེ་ལས་འདི་ དེ་ལས་འདི་ཏེ་ གནམ་མེད་ས་མེད་ཏེ་ བླམ་གནམ་མེད་ས་མེད་ ཡིད་ཆེ་ཡི་ཏེ།
- ཉིམ་རྡོ་རྗེ Nim Dorjiཡིདཔ་ཅིག་ལས་ཏེ་ བླམ་ཤུམས་ཡང་ཤུམས་དེས་ཏེ་ དབའེ་ཁྱོད་ཀྱི་རྟེན་དབའེ་གསེས་ དེ་ལས་ཏེ་ ང་བཅས་ལོག་འོང་ཡི་ ཏེ་ལོག་འོང་སྦེ་ དེ་ལས་ ལོག་ཏེ་ར་ ནཱ་འོང་ཡི་ ནཱ་འོངན་ཞག་གསུམ་སྡོད་ བཞི་ཟེརཝ་ད་ བླམ་བྱོན་སོང་ཡི།
- ཉིམ་རྡོ་རྗེ Nim Dorjiབླམ་གནས་བརྟན་ ཕར་ཐིམ་ཕུག་བྱོནམ་མས་སྦ་ ཏེ་ཁོ་ཕར་ལྷོདཔ་ད་ ཕར་ལས་ཚུར་ ཊེ་ལི་ཕོན་(བརྒྱུད་འཕྲིན)རྐྱབ་འོང་ (ཊེ་ལི་ཕོན་རྐྱབ) བརྒྱུད་འཕྲིན་བཏངམ་ཅིག་ ང་བཅས་ཤོག་སྨ་རེ་གསེས་གསུངས་དེས་ ཁྱོད་རྟེན་འདི་འབག་སྦེ་ཤོག་སྨ་རེ་གསེས་གསུངས་དེས།
- ཉིམ་རྡོ་རྗེ Nim Dorjiལགས་སོ་གསེས་ཞུ་སྦེ་ ཞག་བཞི་ ལྔ་ཟེརཝ་ད་ ཏེ་དྲོ་པ་ ཕར་ལས་ཚུར་ ཕོན(བརྒྱུད་འཕྲིན)ལྷོདཔ་མས། འ་ནཱི་བླམ་དཀོན་མཆོག་ ང་འབད་སར་འོང་དེས་ འེམ་ཨ་ཞང་འགྱོ་གེ་ བླ་མ་གིས་ ཕར་ལས་ཚུར་ ད་ས་དྲོ་པ་བརྒྱུད་འཕྲིན་འོང་ཡི།
- ཉིམ་རྡོ་རྗེ Nim Dorjiད་རིས་ར་ ཁྱོད་འཁྱིད་སྦེ་ རྟེན་འདི་ཡང་ཏེ་འབག་ཤོག་ལོ་ ཁྱོད་འཁྱིད་སྦེ་ ཕར་ཐིམ་ཕུག་ལྷོདཔ་སྦེ་ ཤོག་གསེས་ཨིན་པས་ལོ་ ཏེ་ནཱ་ལས་ཕར་ཏེ་ བླམ་དཀོན་མཆོག་གི་ གཱ་རི་ནང་འཛུལ་ཐིམ་ཕུག་སོང་ ནཱེ་ལས་ཏེ་ ཐིམ་ཕུག་ཕྲང་ར་མར་ བླམ་གནས་བརྟན་གྱི་ གཟིམ་ཅུང་ནང་སོང་ཡི་ མར་བར་སྦི་ས་ཨིན་པས་སྦ་ བླམ་གནས་བརྟན་འདི།
- ཉིམ་རྡོ་རྗེ Nim Dorjiད་ནཱ་གི་བླམ་གནས་བརྟན་འདི་ ཕར་བར་སྦི་ས་ལས་ཨིན་མས་སྦ་ བར་སྦི་ས་ བླམ་གནས་བརྟན་འབད་སར་སོང་ ཏེ་མར་འབད་བའི་བསྒང་ལས་ ད་རུང་ བླ་མ་གིས་ སྤ་མར་ཁོ་ར་བཞུགས་སར་ཨིན་པས་ མར་མཆོད་གཤམ་ཅིག་འདུག།
- ཉིམ་རྡོ་རྗེ Nim Dorjiམཆོད་གཤམ་ནང་ལུ་ཤོ་བཀལ་ སྤ་འ་ནཱེ་སྦེ་སྡོད་ནུག། ཏེ་དེ་ལས་ཕར་སོང་ ད་ཕར་ལྷོདཔ་ཅིག་ རྟེན་འདི་ཚུ་ ཚར་ཅིག་ཡར་ བླམ་གྱི་མཆོད་གཤམ་ནང་ལུ་ ཚར་གཅིག་བཙུགས་ འ་ནཱེ་སྦེ་ཏེ་ ཇ་ཅིག་ཡང་འཐུང་ དེ་ལས་ འ་ནཱི་ཇ་འདི་འཐུང་ཚརཝ་ཅིག་ དེ་ལས་བླ་མ་གསུངས་དེས།
- ཉིམ་རྡོ་རྗེ Nim Dorjiའེམ་ད་ཕྲང་ར་ཚར་ཅིག་ཡར་ རྟ་མགོ་རྡོར་གདན་ནང་ལུ་ རྗེ་ཁྲི་ཟུར་གྱི་སྐུ་མདུན་ ཚར་ཅིག་བཅར་གེ་གསེས་ དེ་ལས་ མར་ལས་ཇ་འཐུང་ ད་རུང་ རྟེན་འདི་འབག་ དེ་ལས་ཏེ་ མར་ལས་སྦེ་ བདེ་ཆེན་ཆོས་གླིང་ཁ་ཐུག་འགྱོ་ཡི།
- ཉིམ་རྡོ་རྗེ Nim Dorjiཏེ་ཡར་རྟ་མགོ་རྡོར་གདན་ནང་ལུ་ རྗེ་ཁྲི་ཟུརཔ་ཡར་བཞུགས་སྡོད་ནུག་སྦ་ཏེ་ ཏེ་རྗེ་ཁྲི་ཟུརཔ་གི་སྐུ་མདུན་བཅར་ རྗེ་ཁྲི་ཟུརཔ་ཡང་ ཏེ་གཞན་དེའི་ ཁ་ཙ་རོགས་ ཨ་སྐུ་མཚམས་ནང་ལས་ གྲོལཝ་ཅིག་ཨིན་པས་ཏེ།
- ཉིམ་རྡོ་རྗེ Nim Dorjiཏེ་ནཱེ་ལས་ མར་སྒོ་ཁར་བཞུགས་མི་འདི་ཚུ་གིས་ ཡར་ཁ་ཙ་སྐུ་མཚམས་ནང་ལས་གྲོལཝ་ཅིག་ཨིན་ ཁྱེད་གནམ་མེད་ས་མེད་ཁ་རྗེ་འདུག་ གཞན་ཁ་ཙ་ཚུན་ཚོད་ ག་ཡང་བཙུགས་ནི་མེད་གསེས་མས་ ཏེ་ནཱེ་ལས་ཏེ་ ནཱ་བླམ་དབང་འདུས་ཐོན་འོང་ནུག་གསེས་ཞུ་ཤིག་གསེས།
- ཉིམ་རྡོ་རྗེ Nim Dorjiབླ་མ་གིས་དགོངས་སྐོར་ཞུ་ ཏེ་རྩི་རང་བླམ་གནས་བརྟན་ དབང་འདུས་ནཱ་བཅར་བ་ཐོན་ནུག་གསེས་ཞུ་ཞུཝ་མས་ ཤོག་གསེས་གསུངས་དེས་ལོ་ ཏེ་བླམ་གནས་བརྟན་གྱི་ ཨའི་ཏེ་ ཡར་བཀའ་སྒོ་ཅིག་ཞུ་དགོ་པས་གསེས་ བླམ་གནས་བརྟན་ཨའི་ཡང་འཁྱིད།
- ཉིམ་རྡོ་རྗེ Nim Dorjiང་བཅས་ མི་ལྔ་དྲུག་ཅིག་ཡོད་ ཏེ་ཕར་ཕྱག་འཚལ་ ཏེ་རྗེ་གི་སྐུ་མདུན་བཅར་ ཏེ་རྗེ་དེ་བསྒང་ལས་ཏེ་ དགུང་ལོ་བགྲེས་སྦེ་ཏེ་ སྙན་གནམ་མེད་ས་མེད་ར་ མི་དྭངས་མས་སྦ་ སོ་ཕ་སིཊ་ཆུང་ཀུ་འདུག་ ཏེ་དེ་ལས་ ཁོ་ར་ཕར་བཅར་ ཏེ་དེ་ལས་ཏེ་ བླ་མ་གིས་ཞུ་དེས།
- ཉིམ་རྡོ་རྗེ Nim Dorjiད་རིས་ ང་བཅས་ ནཱ་བཅར་དགོ་མི་འདི་ ཏེ་ང་བཅས་ཀྱི་ ནཱ་ལུ་ ཏེ་ད་ ནཱེམ་ཅིག་ ཏེ་རྟེན་ཅིག་བྱུང་ཡི་གསེས་ འ་ནཱི་རྟེན་འདི་ཅིག་ ནཱ་ལུ་ ཏེ་གཟིགས་ཕུལ་ཅིག་ ཞུ་བ་ཨིན་གསེས་ ཏེ་བླ་མ་ལུ་ རྗེ་གིས་གསུངསམ་མས།
- ཉིམ་རྡོ་རྗེ Nim Dorjiརྟེན་འདི་ག་ཅི་སྨོ་གསེས་གསུངས་དེས་ ཏེ་ནཱ་ཚར་ཅིག་ཏེ་ གཟིགས་ཤིག་ལགས་གསེས་ ཏེ་ང་སྲུང་ཁོབ་འདི་ ཕུད་སྦེ་ཏེ་ བླ་མ་ཕུལ་ཡི་ ཏེ་རྗེ་གིས་གཟིགས་ཅི་ ནེ་ར་གཟིགས་ཞིནམ་ལས་ དེ་ལས་ཕྱག་གིས་བཏོན་སྦེ་ དེ་ལས་ ཁོ་རའི་ དབུ་ལུ་ཚར་ཅིག་བཀལ་ སྨོན་ལམ་ཚར་གཅིག་གནང་ཡི།
- ཉིམ་རྡོ་རྗེ Nim Dorjiད་ལསན་ ད་རུང་ ཕྱག་ལུ་འ་ནཱེ་སྦེ་ར་ བཤེད་དེ་སྡོད་སྦེ་ འ་ནཱི་རྟེན་གྱི་ བྱིན་བདག་འདི་ ག་ཨིན་སྨོ་གསེས་གསུངས་དེས་ ཏེ་བླམ་གནས་རྟེན་གྱིས་གསུངས་དེས་ འ་ནཱ་ སྦྱིན་བདག་འདི་ ནཱ་ཁོ་ཨིན་ ཁྱོད་ག་ལས་ཨིནམ་གསེས་གསུངས་དེས།
- ཉིམ་རྡོ་རྗེ Nim Dorjiམ་པ་འདི་ རྫོང་ཁ་འདི་ སྤ་རོ་ཨིན་ལགས་ ཏེ་སྡོད་ས་འདི་ ད་ལྟོ་མར་ ཟླ་བ་ཁ་ལུ་ཨིན་གསེས་ ཏེ་ད་ལྟོ་ སྐབས་ཅིག་སྡོད་ས་འདི་ ཕར་རྩི་རང་ལུ་ཨིན་ལགས་ ཏེ་ངེ་ བུམོ་དང་རྨགཔ་ཕར་སྦེ་ བུམོ་དང་རྨགཔ་གཅིག་ཁར་སྡོད་པའི་གསེས།
- ཉིམ་རྡོ་རྗེ Nim Dorjiཁྱོད་རྟེན་འདི་ རོགས་ག་ཡང་ ད་རིས་ནངས་པ་ ང་བཅས་ འབྲུག་རྒྱལ་ཁབ་ཀྱི་ རྟེན་འདི་ དཔེ་ཤ་སྦོམ་ཐོབ་པས་གསེས་ ཕར་ཕྱིའི་རྒྱལ་ཁབ་ལས་ཕར་ བཙོང་མར་འབགཔ་མས་ ཏ་ཁྱོད་འབད་མ་ཚུགས་ཡ་ ཨ་ནཱི་ཕར་བཙོང་མ་ཚུགསཔ་ཟེར་གསུངསམ་མས།
- ཉིམ་རྡོ་རྗེ Nim Dorjiང་བཅས་ འབྲུག་རྒྱལ་ཁབ་ཀྱི་ རྟེན་ག་ར་ཕར་ལས་ཕར་ཐོན་སོང་སྦ་ ང་བཅས་ མི་གིས་ བཀྲ་མ་ཤིསཔ་འབད་ ག་ར་འབག་བཙོངམ་མས་སྦ་ཏེ་སྨོ་ཤིག་ ཁྱོད་འདི་འབད་མ་ཚུགསཔ་ག་སེས་གསུངས་དེས་ ང་བཙོང་ནི་གི་དེམ་ ཙ་ལས་ར་མེད་ལགས་ ཏེ་ང་ཕ་མའི་གི་ བསླབ་བྱ་ཅིག་ཡོད་གསེས།
- ཉིམ་རྡོ་རྗེ Nim Dorjiཏེ་ང་ར་ འ་ནཱི་ལུ་ ཉན་ཏེ་གིས་སྦེ་ ཏེ་ང་ར་བཙོང་ར་མ་བཙོང་ ད་ལྟོ་ཚུན་ཚོད་ ང་རང་ད་ཆ་འདི་ར་ཡོད་གསེས་ཞུ་ཡི། ཏེ་ལསན་ཏེ་ དབའེ་ཁྱོད་ང་བཅས་ཀྱི་ འབྲུག་རྒྱལ་ཁབ་ནང་ལུ་ འབྲུག་པའི་གི་ མི་སེར་ འབྲུགཔ་ངོ་མ་འདི་ ཁྱོད་ཨིན་པས་སྨ་རེ་གསེས་གསུངས་དེས་ རྗེ་གིས།
- ཉིམ་རྡོ་རྗེ Nim Dorjiཁྱོད་ཕོ་རྒྱ་ འ་ནཱི་ཨིན་པས་སྨ་རེ་གསེས་ འ་ནཱེ་སྦེ་ ཕྱག་གི་མཐེ་བོང་ འ་ནཱེ་སྦེ་ དྲག་དྲག་སྨ་རེ་གསེས་ ཁྱོད་ཕྱི་འདི་ མི་གནགཔ་འབད་རུང་ ནང་ན་ལུ་ ཁྱོད་བྱང་ཆུབ་སེམས་དཔའ་སྦེ་ ལེགས་ཤོམ་འདུག་གསེས་ ནཱེ་སྦེ་གསུངས་དེས།
- ཉིམ་རྡོ་རྗེ དབའེ་འ་ནཱེ་བཟུམ་གྱི་རྟེན་ ག་དེ་སྦེ་ཨིན་ན་ཟེར་ ཏེ་རྗེ་ཁོ་ར་ཡང་ ཕྱག་ཐལ་མོར་སྦྱར་ཏེ་ར་ ད་ཁྱོད་ འ་ནཱེ་ག་ཏེ་བསྐྱལ་ནི་སྨོ་གསེས་ གསུངས་དེས་ ཏེ་ད་ བླམ་གནས་བརྟན་གྱིས་ ཏེ་ད་ རྩི་རང་གྲྭ་ཚང་ནང་ལུ་ཅིག་ རྟེན་ཅིག་སྦེ་ ཕར་ཏེ་བཞག་ནི་སྦེ་ ང་གིས་ ཕར་ཕུལ་ནི་སྦེ་ ཏེ་འ་ནཱེ་སྦེ་ཏེ་ ང་གྲོས་ཐག་དེ་སྦེ་ ཆོད་ཅིག་ལགས་གསེས་དེ་སྦེ་ཞུ་ཡི།Nim Dorji:
- ཉིམ་རྡོ་རྗེ དྲག་སྨ་རེ་དྲག་ ཁྱོད་ཀྱིས་དེ་སྦེ་ ཁྱོད་ཁྱོད་ར་ ཁྱོད་ར་གི་བུ་ཚ་གི་ བུ་ཚ་གི་སྐབས་ལུ་ཡང་ ཏེ་ཁྱོད་ རྐྱེན་དང་བར་ཆད་མི་འབྱུང་སྨ་རེ་ ཁྱོད་འ་ནཱེམ་ཅིག་ ཁྱོད་ཀྱིས་ མནོ་བསམ་བཏང་ ང་བཅས་ར་ འབྲུག་རྒྱལ་ཁབ་འདི་ནང་ལུ་ རྟེན་འདི་ག་ཏེ་ར་ཕུལ་རུང་ ཅོག་ར་འཐད་སྨ་རེ་གསེས་གསུངས་དེས།Nim Dorji:
- ཉིམ་རྡོ་རྗེ Nim Dorjiང་བཅས་ འབྲུག་རྒྱལ་ཁབ་ནང་ལུ་ རྫོང་ཁག་ཁལ་གཅིག་ཡོད་ རྫོང་ཁག་ཁལ་གཅིག་ནང་ལུ་ ག་ཏེ་ར་ཕུལ་རུང་ ཅོག་ར་གཅིག་གསེས་ འ་ནཱི་ཁྱོད་ མནོ་བསམ་ འ་ནཱེམ་ཅིག་བཏང་མ་ཙམ་གིས་ ཁྱོད་ཚེས་ ལོ་བརྒྱ་ཐུག་སྨ་རེ་གསེས་གསུངས་ཡི།
- ཉིམ་རྡོ་རྗེ Nim Dorjiཁྱོད་ཀྱི་འ་ནཱ་ ཁྱོད་ར་བུ་ཚ་གི་ བུ་ཚ་གི་སྐབས་ལུ་ཡང་ རྐྱེན་དང་བར་ཆད་མི་འབྱུང་སྨ་རེ་ ལེགས་ཤོམ་སྦེ་འགྱོ་འོང་ དྲག་དྲག་གསེས་ ང་ལུ་ ལོག་ཅི་ལོག་ཅི་གསུངས་དེས་ ཏེ་ནཱེ་ལས་ཏེ་ དེ་ལས་ དེ་གིས་སྦེ་ཏེ་ དགོངསམ་ཞུ།
- ཉིམ་རྡོ་རྗེ Nim Dorjiཏེ་ང་ལུ་ བྱིན་རླབས་སྲུང་སྐུད་ ཏེ་ཏི་རུ་སྟོང་ཕྲག་གསུམ་ གསོལ་རས་འདུག་ ཏེ་དེ་ལས་ ཡར་ལུ་ ཁ་དར་ཅིག་ཡང་ཕུལ་ ཏེ་ནཱ་གནང་ སྐྱེས་བུ་དམ་པ་ ལེགས་ཤོམ་ཅིག་ཨིན་པས་སྨ་རེ་ཁྱོད་ ཁྱོད་ མི་དང་མི་འདྲ་རུང་ ཏེ་སེམས་དང་སེམས་མི་འདྲ་ ཁྱོད་སྐྱེས་བུ་དམ་པ་ ལེགས་ཤོམ་ཅིག་མས་ཟེར་གསུངས་དེས།
- ཉིམ་རྡོ་རྗེ Nim Dorjiཡ་ཡ་གསེས་གསུངས་དེས་ ཏེ་འ་ཡ་ལས་ཏེ་ ང་ཨིན་ ཡར་ལས་མར་ མར་འོང་ དེ་ལས་ ཐིམ་ཕུག་རྫོང་ནང་ ད་རུང་ ཏེ་བླམ་གནས་བརྟན་གྱིས་ མར་ད་རུང་ མར་སློབ་དཔོན་ བཞི་པའི་སྐུ་མདུན་ལུ་ ཚར་གཅིག་ ད་རུང་བཅར་གེ་གསེས།
- ཉིམ་རྡོ་རྗེ Nim Dorjiཏེ་མར་ཐིམ་ཕུག་རྫོང་ནང་ སློབ་དཔོན་བཞིཔ་ སློབ་དཔོན་བཞིཔ་འདི་ཏེ་ གཉིས་ཡོད་པ་ཅིག་ གསུམ་དེ་ཅིག་མེད་ གཅིག་ཡོད་པ་ཅིན་ གཉིས་མེད་ ཏེ་སློབ་དཔོན་བཞིཔ་ མར་རྫོང་ནང་ལུ་ དེ་སྦེ་ འཛོམས་ར་མི་ཚུགས་པས་སྦ་ཏེ།
- ཉིམ་རྡོ་རྗེ Nim Dorjiནམ་ཅིག་ལ་འབད་རུང་ ད་སྦེ་ འཛོམས་མི་ཚུགས་ལོ་ ཕར་ཚུར་འ་ནཱི་ ཕྱི་ཁར་ལས་ཕར་བྱོན་ ཕར་ཚུར་སྦེ་ དེ་ཚེ་རྟེན་འབྲེལ་གྱིས་ སློབ་དཔོན་བཞིཔ་ཆ་ར་ སློབ་དཔོན་བཞི་གི་མི་ཚད་པས་ སློབ་དཔོན་ལྔཔ་ཆ་ར་ མར་བཞུགས་ནུག་ རྫོང་ནང་།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་གཙུག་ལག་སློབ་དཔོན་གཏོགས་པ་ སློབ་དཔོན་ལྔ་འདུག་སྦ་ཏེ་ མཚན་ཉིད་སློབ་དཔོན་ དབྱངས་པའི་སློབ་དཔོན་ སྒྲ་པའི་སློབ་དཔོན་ རྡོ་རྗེ་སློབ་དཔོན་ གཙུག་ལག་སློབ་དཔོན་ སློབ་དཔོན་ལྔ་འདུག་སྦ་ཏེ།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་ སློབ་དཔོན་ལྔཔ་ཆ་ར་མར་བཞུགས་ནུག་ རྫོང་ནང་ དེ་ལས་ བླམ་གནས་བརྟན་གྱིས་ དགོངས་སྐོར་ཞུ་ རྟེན་ཅིག་འ་ནཱེ་སྦེ་བྱུང་ཡི་གསེས་ དེ་ལས་ སློབ་དཔོན་ཆ་མཉམ་ རོགས་ཕར་ཏེ་ ཀ་ཅུང་ནང་ལུ་ ཞལ་འཛོམས་ཕར་གནངམ་མས།
- ཉིམ་རྡོ་རྗེ Nim Dorjiདེ་ལསན་ ང་བཅས་ ཤོག་གསེས་གསུངས་དེས་ ཏེ་ང་བཅས་འཛུལ་ དེ་ལས་ཕྱག་འཚལ་ ཁ་དར་ཕུལ་ དེ་ལས་ སློབ་དཔོན་བཞི་པའི་སྐུ་མདུན་ ད་རུང་ ཚར་ཅིག་གཟིགས་ཕུལ་རྐྱབ་མམ། ད་རུང་ སློབ་དཔོན་བཞིཔ་ཚུ་གིས་ ད་རུང་ཡང་ཏེ་ རེ་རེ་གིས་གཟིགས།
- ཉིམ་རྡོ་རྗེ Nim Dorjiཏེ་ལས་ཏེ་ སློབ་དཔོན་བཞིཔ་ཚུ་ཡང་ གནམ་མེད་ས་མེད་ ཏེ་ཡ་མཚན་ཆེ་ དེ་ལས་ འ་ནཱི་ནང་ལས་ ཁུངས་དང་དགོས་པ་ ཚར་གཅིག་བཀལཝ་མམ་ང་ སློབ་དཔོན་བཞི་པའི་སྐུ་མདུན་ལས་ འ་ནཱི་གི་རྟེན་འདི་ བྱུང་པའི་གི་ཁུངས་དང་དགོས་པ་འདི་ཚར་གཅིག་ཞུ།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱི་ལསན་ཏེ་ མར་སློབ་དཔོན་བཞི་པའི་སྐུ་མདུན་ལས་ ཐོན་མ་ཚུགས་ཅིག་གི་བར་ན་ བླམ་གནས་བརྟན་ནང་ བརྒྱུད་འཕྲིན་ཅིག་འོང་ཡི་ལགས་ ཏེ་བླམ་ཕར་ ཕྱི་ཁར་བྱོན་སོང་ཡི་ དེ་ལས་ བླ་མ་གསུངས་དེས་ ད་འབདན་སྐྱབས་རྗེ་ ནཱ་བྱོན་ནུག།
- ཉིམ་རྡོ་རྗེ Nim Dorjiསྐྱབས་རྗེའི་སྐུ་མདུན་ལས་ ཡར་ཤོག་གསེས་གསུངས་དེས་ འགྱོ་གེ་འགྱོ་གེ་ལོ་ དེ་ལས་ ཕར་ལས་ སློབ་དཔོན་བཞི་པའི་ སྐུ་མདུན་ལས་ཏེ་རོགས་ ལི་ཕ་ཅིག་ནང་ལུ་ ཏེ་གསོལ་རས་ཅིག་འདུག་ སྟོང་ཕྲག་བཅུ་ཐམ་འདུག།
- ཉིམ་རྡོ་རྗེ Nim Dorjiང་ལུ་ཡ་ ཨ་ཞང་ གསོལ་རས་ཨིན་སྨ་རེ་ ང་བཅས་ སློབ་དཔོན་བཞི་པའི་གདོང་ཁར་ལས་ དྲག་དྲག་ཁྱོད་ གནམ་མེད་ས་མེད་ ཁྱོད་མི་ལེགས་ཤོམ་ཅིག་ཨིན་པས་ ཁོང་གིས་ཡང་ འ་ནཱེ་སྦེ་གསུངས་དེས།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱི་ལས་ ཏེ་ང་བཅས་མར་ལས་སྦེ་ཐོན་ཏེ་ ཡར་མུ་ཏིག་ཐང་ ད་རེས་ སྐྱབས་རྗེ་གི་སྐུ་མདུན་ཏེ་ སྐྱབས་རྗེ་ནང་ལས་ ཕར་བྱོན་ནུག་སྦ་ཏེ་ ཏེ་སྐྱབས་རྗེའི་སྐུ་མདུན་འགྱོ་ཡི་ཏེ་ ཏེ་སྐྱབས་རྗེའི་སྐུ་མདུན་ཏེ་ འགྱོ་ཡི་ཏེ།
- ཉིམ་རྡོ་རྗེ Nim Dorjiཏེ་ཡར་་ལྷོད་ ཏེ་ཡར་ཏེ་ སྐྱབས་རྗེའི་སྐུ་མདུན་བཅར་ ཡར་དར་བཏང་ ཏེ་ཕྱག་འཚལ་ནི་འབདཝ་ད་ ཕྱག་མ་འཚལ་གསེས་ འ་ནཱེ་སྦེ་གསུངསམ་མས་ ཏེ་འ་ནཱེ་ཅིག་ཁར་ སོ་ཕ་སིཊ(རྐང་ཁྲི)ཆུང་ཀུ་ཅིག་འདུག།
- ཉིམ་རྡོ་རྗེ Nim Dorjiཏེ་ནཱེ་ལས་ཏེ་ ད་རུང་ རྟེན་འདི་ཡར་ སྐྱབས་རྗེ་ལུ་ཕུལ་ད་ཡི་ དེ་ལས་ སྐྱབས་རྗེ་གིས་ གཟིགས་ ཨ་དེ་ལསན་ སྐྱབས་རྗེ་གིས་ཏེ་ གནམ་མེད་ས་མེད་ ཐུགས་སྨོན་གནང་ཡི་ཏེ་ འ་གསེས་ འ་ནཱེ་ལས་ཏེ་ སྐྱབས་རྗེ་གིས་གསུངས་དེས།
- ཉིམ་རྡོ་རྗེ Nim Dorjiཡ་ཤོག་ཤིག་གསེས་གསུངས་དེས་ ཏེ་ང་བཅས་ག་ར་ཡར་སོང་་་་་་་་་ཁ་བསྲུབས་འ་ནཱེ་སྦེ་ ད་འ་ནཱི་ འ་ནཱི་ཚེམས་འདི་གི་གུ་ལས་ འ་ནཱ་ འ་ནཱ་རིགས་གསུམ་མགོནམ་སྦེ་ བྱོན་དེས་ཁོ་ འ་ནཱི་རིགས་གསུམ་མགོནམ་བྱོནམ་ད་ འ་ནཱི་སྦུག་ལས་ ཅོག་ཏོག་ཀེར་ཀེར་སྦེ་ཅིག་ ཐོན་དེས་གོ་ཤིག་གསེས།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་ཁྱེད་འབད་བ་ཅིན་ ག་ཅི་་ག་ཅི་་་་་ག་ཅི་སྨོ་གསེས་གསུངས་དེས་ མ་པ་རིང་བསྲེལ་བཟུམ་ཅིག་ར་འདུག་ལགས་གསེས་ཞུ་ཡི་ཏེ་ འ་ནཱི་རིང་བསྲེལ་མེན་ འ་ནཱི་ ལོ་བཅུ་གཉིས་ བཅུ་གསུམ་དེ་ཅིག་གི་རྒྱབ་ཁར་ལས་ སྤྱན་རས་གཟིགས་དངོས་སུ་སྦེ་ འཁྲུངས་ནི་སྨ་རེ།
- ཉིམ་རྡོ་རྗེ Nim Dorjiཁྱོད་ཀྱི་ཚེམས་འདི་ ཨ་ཞང་ སི་ཛའི་ འ་ནཱི་བཟུམ་གྱི་རྟེན་ ང་གིས་ མཇལ་ར་མ་འཇལ་ ཞབས་དྲུང་འཇིགས་གྲགས་པའི་གི་ཚེམས་ འ་ནཱི་བཟུམ་གྱི་རྟེན་ ང་བཅས་ འབྲུག་རྒྱལ་ཁབ་ནང་མེད་གསེས་ གསུང་དེས།
- ཉིམ་རྡོ་རྗེ Nim Dorjiཁྱོད་ཀྱིས་ འ་ནཱེ་ཅིག་བདག་འཛིན་འབད་ཁོ་རེ་ ག་དེ་སྦེ་ བདག་འཛིན་འཐབ་ཅི་དགོ་གསེས་ གསུངས་དེས། ཁྱོད་ལུ་ འ་ནཱེ་སྦེ་ ཁྱོད་ནང་ལུ་ འ་ནཱི་བཟུམ་ཡོདཔ་ཤེས་དེ་གིས་སྦེ་ རོགས་ཀྱིས་ ཁྱོད་གུ་ལུ་ འ་ནཱེ་སྦེ་ ཇག་པ་(ཨརཝ) འདི་མ་ཐོན་ག་ བཀྲ་མ་ཤིས་འབད་མི་མ་ཐོན་ག་གསེས་ གསུངས་དེས།
- ཉིམ་རྡོ་རྗེ Nim Dorjiམ་ཐོན་ལགས་གསེས་ཞུ་ཡི་ ཏེ་ཐོན་མ་ ང་ ང་ལུ་འ་ནཱེ་སྦེ་ཡོད་ ང་འབད་སར་ འ་ནཱེ་སྦེ་ཡོད་གསེས་ ང་གིས་ ག་གིས་གདོང་ཁར་ཡང་ མ་སླབ་པ་འབད་ནི་དེ་གིས་ ཏེ་ང་ལུ་འདི་ཡོདཔ་ མི་ཤེས་པ་སྦེ་ འབད་ནི་དེ་གིས་ ཏེ་མ་ཐོན་མི་འདི་ འ་ནཱི་ཨིན་པས་ལགས་གསེས་ཞུ་ཡི།
- ཉིམ་རྡོ་རྗེ Nim Dorjiཏེ་རང་གི་ ཁ་འདི་གིས་སྦེ་ འའོ་ ང་ལུ་འ་ནཱེམ་ཅིག་ཡོད་ལོ་ ང་ལུ་འ་ནཱེམ་ཅིག་ཡོད་ལོ་ཟེར་མི་འདི་ ག་ཏེ་གུ་ཏེ་སླབ་པ་ཅིན་ ཏེ་ད་ལྟ་ར་ ང་སྡོད་ས་ཕུན་ཚོགས་གླིང་ལུ་ཨིན་ ཏེ་མར་ གུན་ཌ་(བཀྲ་མ་ཤིསཔ)གི་ཚང་ནང་ཨིན་པས་སྨོ་ཤིག་ ལྟ་མ་རོགས་ རང་གསད་ནི་གི་ ཉེན་ཁག་ཡོད་གསེས་ཞུ་ཡི།
- ཉིམ་རྡོ་རྗེ Nim Dorjiའ་ནཱེ་འབད་ནི་དེ་གིས་ ང་ག་ཏེ་ཡང་ སླབ་མི་མེད་ལགས་གསེས་ཞུ་ཡི་ འ་ནཱེ་ཁྱོད་སྤུས་ཙ་ ཡར་སོང་ནུག་སྨ་རེ་གསུངས་དེས་ འ་ཏེ་ དེ་ལས་འདི་ཏེ་ སྐྱབས་རྗེ་ཡང་ གནམ་མེད་ས་མེད་ ཐུགས་ངལ་རངས་ ཏེ་དེ་ལས་ཏེ་ ཏེ་བླམ་གནས་བརྟན་གྱིས་ཞུས་དེས།
- ཉིམ་རྡོ་རྗེ Nim Dorjiད་ཁོ་གི་འདི་ཕར་ ལུང་བསྟན་ར་ ཕར་རྩི་རང་གྲྭ་ཚང་ནང་ཨིན་ལགས་གསེས་ ཐོབ་ཡང་ཕར་ལས་ཐོབ་ཐོབ་ཨིན་ རྩི་རང་གྲྭ་ཚང་གི་ཏེ་ གྲྭ་ཚང་གི་ རྩ་བ་ལས་ར་ བྱུང་བྱུངམ་ཨིན་གསེས་ ཏེ་ཨ་ཞང་གི་ ཁོ་ར་ཡང་ཏེ་རོགས་ ཁོ་རའི་ བུམོ་དང་རྨགཔ་གཡོག་ཕར་སྦེ།
- ཉིམ་རྡོ་རྗེ Nim Dorjiཏེ་ཁོ་ཕར་འོངམ་ད་ ཁ་ཐུག་རྐྱབ་སྟེ་ ཏེ་འ་ནཱེ་སྦེ་ཏེ་ ནཱ་དགེ་སློང་ཚུ་དང་ཕྱད་ ཏེ་འ་ནཱེ་སྦེ་ ཁ་ཕྱི་ ཏེ་འ་ནཱེ་སྦེ་ ད་ཁོ་ ལུང་བསྟན་ར་ ཕར་རྩི་རང་ཨིན་ལགས་ འདི་ཕར་ རྩི་རང་གྲྭ་ཚང་ནང་ཅིག་ར་ བཞག་ནི་ཅིག་སྦེ་ཏེ།
- ཉིམ་རྡོ་རྗེ Nim Dorjiདེ་ལསན་ཏེ་ ཨ་ཞང་ ཁོ་ར་གིས་ ད་རྩི་རང་གྲྭ་ཚང་ནང་ ཕུལ་ནི་སྦེ་ ཁོ་ར་གིས་ཡང་ཏེ་ ད་སྨོན་སྐབས་དེ་སྦེ་བཀོད་དོ་གསེས་ ཨིན་ན? ཁྱོད་ཕར་ རྩི་རང་གྲྭ་ཚང་ནང་ ཕུལ་ནི་ཨིན་ན?གསེས་་གསུངས་དེས་ སྐྱབས་རྗེ་གིས།
- ཉིམ་རྡོ་རྗེ Nim Dorjiཏེ་ད་ ངེ་རྟེན་འདི་ ཏེ་ད་ ང་བཅས་ར་གི་ རྩི་རང་གྲྭ་ཚང་གསེས་ སླབ་རུང་ ག་ཏེ་གསེས་སླབ་རུང་ ཏེ་ང་བཅས་ར་ འབྲུག་རྒྱལ་ཁབ་ནང་ར་ཨིན་མས་གསེས་ཞུ་ཡི་ ཕྱི་ཁ་མེན་མས་གསེས་ ཏེ་ད་ ང་གི་འདི་ཅིག་ རྩི་རང་གྲྭ་ཚང་ནང་ཕུལ་ད་ནི་སྦེ་ ཏེ་ཨིན་གསེས་ཞུ་ཡི།
- ཉིམ་རྡོ་རྗེ Nim Dorjiཏེ་གན་སྨོ་ཟེར་བ་ཅིན་ ཏེ་ད་ རྩི་རང་ གྲྭ་ཚང་ཟེར་མི་འདི་ ཧེ་མ་མིན་འདུག་ གྲྭ་ཚང་ཟེརཝ་ཡང་མིན་འདུག་ རྩི་རང་ རྫོང་ཁག་ཟེརཝ་ཡང་མིན་འདུག་ ཏེ་ད་རིས་ནངས་པ་འདི་ཏེ་ ཏེ་རྫོང་ཁག་གསརཔ་རྐྱབ་ རྩི་རང་རྫོང་ཁ་གསེས་ གྲྭ་ཚང་ཡང་གསརཔ་རྐྱབ།
- ཉིམ་རྡོ་རྗེ Nim Dorjiརྩི་རང་གྲྭ་ཚང་གསེས་ ཏེ་འ་ནཱེ་སྦེ་འབདཝ་ད་ལུ་ ཏེ་ཕི་ནང་ལུ་ སྐུ་རྟེན་གསུང་རྟེན་འདི་ཏེ་འདུག་ ད་རེས་ནངས་པ་གསརཔ་ ཏེ་འདི་འབདཝ་ད་ རྟེན་བྱིན་རླབས་ཆེ་དྲགས་ཅིག་ ག་ནི་ཡང་མིན་འདུག་ལགས་གསེས་ཞུ་ཡི།
- ཉིམ་རྡོ་རྗེ Nim Dorjiརྫོང་འདི་ གྲྭ་ཚང་འདི་གསརཔ་ཨིན་པས་གསེས་ ཏེ་ད་ ང་བཅས་ར་ འབྲུག་རྒྱལ་ཁབ་འདི་ནང་ལུ་ ལྷོ་མཚམས་ཀྱི་ ངོ་ལོགཔ་གི་དང་པ་ར་ རྩི་རང་རྫོང་ཁག་ནང་ལས་ཐོན་ཐོནམ་ཨིན་གསེས་ ཏེ་འ་ནཱི་འབད་ད་ ང་རའི་སེམས་ཁར་ལས
- ཉིམ་རྡོ་རྗེ Nim Dorjiཨ་ཕི་ནང་ལུ་ ཁོང་ལྷོ་མཚམས་ཀྱི་ བཀྲ་མ་ཤིསཔ་ཚུ་གི་ ཁ་གནོན་ཅིག་སྦེ་ འ་ཕི་ནང་ཕུལ་ད་པ་ཅིན་ ཁོ་གི་ཁ་གནོན་ཅིག་སྦེ་ ཏེ་ཁོ་ཁམས་གསུམ་ཟིལ་གྱིས་ གནོན་ཚུགསཔ་འོང་མནོ་ ཏེ་ང་རང་ཡང་ འ་ནཱེ་སྦེ་ ཕུལ་ནི་སྦེ་ ཐག་འདི་དེ་སྦེ་ དད་པ་བསྐྱེད་ད་ཡི་ལགས་གསེས་ཞུ་ཡི།
- ཉིམ་རྡོ་རྗེ Nim Dorjiཨོང་་་་་ཁྱོད་མནོ་བསམ་སྤུས་ཙ་སྦེ་བཏང་ནུག་ འ་ནཱི་ལེགས་ཤོམ་ཨིན་གསེས་གསུངས་དེས་ སྐྱབས་རྗེ་གིས་ ཨིན་འ་ཕི་ནང་ཕུལ་ འ་ཕི་ནང་དགོ་ར་དགོ་ འ་ཕི་ནང་ལུ་ ཁ་གནོན་ཅིག་དགོ་ར་དགོ་གསེས་ དྲག་དྲག་ ཁྱོད་མནོ་བསམ་འ་ནཱེ་སྦེ་ བཏང་དྲག་སྨ་རེ།
- ཉིམ་རྡོ་རྗེ Nim Dorjiཡར་ ཡ་ཡི་རྗེ་ཁྲི་ཟུར་པ་གིས་ གསུངས་མི་ལས་ལྷགཔ་སྦེ་ མར་སྐྱབས་རྗེ་གིས་ འ་ནཱེ་སྦེ་གསུངས་དེས་ གནམ་མེད་ས་མེད་ ལེགས་ཤོམ་ཡར་སོང་ནུག་ ཁྱོད་གསེས་ ཏེ་ལོག་ཅི་ལོག་ཅི་ར་ ཁོ་རའི་དབུ་ལུ་བཀལ་ཡི་ཏེ་ སྐྱབས་རྗེ་གིས་ གནམ་མེད་ས་མེད།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱེ་འབད་ཞིནམ་ད་ཏེ་ ང་ཡང་ འ་ནཱ་ལུ་ཏེ་ དཀོན་གཉེར་སྦེ་ བླམ་གནས་བརྟན་གྱིས་ འ་ནཱ་ལུ་ དཀོན་གཉེར་སྦེ་སྡོད་ཟེར་མི་འདི་ར་ ཏེ་གཅིག་འ་ནཱི་ཨིན་ལགས། ད་མི་བརྒྱུད་བསྒང་ལས་ ད་ཏེ་མི་བརྒྱུད་བཟུམ་ཅིག་ཨིན་པས།
- ཉིམ་རྡོ་རྗེ Nim Dorjiཁྱོད་ར་ཡང་ ནཱ་རྩི་རང་རྫོང་ནང་ལུ་ རྟེན་ཅིག་ འ་ནཱེ་སྦེ་ཕུལ་ཡི་གསེས་ ཁྱོད་ར་ཡང་ འ་ནཱ་ལུ་ དཀོན་གཉེར་ཅིག་སྦེ་སྡོད་གསེས་ ཁྱོད་ཤི་རུང་ཡང་ ཁྱོད་ག་དེ་ཅིག་སྦེ་ འ་ནཱ་ཤི་སོང་འདི་འབད་རུང་ཡང་ ང་བཅས་རྩི་རང་གྲྭ་ཚང་གིས་ བསྡུ་ནི་ཨིན་ཁྱོད་རོ་འདི་གསེས།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་བསྡུ་བ་ལུ་ ང་བཅས་ཕོག་གསེས་ ཁྱོད་ཀྱིས་ འ་ནཱ་ག་ཅི་སྨོ་ཟེར་བ་ཅིན་ རྟེན་མ་བཏུབ་བཏུབ་པའི་རྟེན་ཅིག་ བྱིན་རླབས་ཆེ་ཏོག་ཏོ་ཕུལ་ཡི་གསེས་ འ་ནཱི་གི་ སྐུ་དང་གྲིབ་མ་ལས་བརྟེན་ ཁྱོད་ཤི་སོང་རུང་ཡང་ ང་བཅས་ རོ་ང་བཅས་ གྲྭ་ཚང་གིས་སྦེ་ བསྡུ་འོང་གསེས་གསུངས་ཡི་ བླམ་གྱིས།
- ཉིམ་རྡོ་རྗེ Nim Dorjiཁྱོད་ར་ ཚ་གྱང་ལང་མ་བཅུག་པར་ འ་ནཱ་དཀོན་གཉེར་སྦེ་སྡོད་ཤིག་གསེས་ ཏེ་ནཱ་ ཏེ་ཕར་ལས་ཚུར་ཏེ་ དེ་ཚེ་ཕྱི་རུ་ར་འོང་ཡི་ཏེ་ ཕར་ལས་ཚུར་ ཏེ་འོང་སྦེ་ ཏེ་བླ་མའི་གི་ ཡར་ལྷོདཔ་ད་ བར་སྦི་ས་ལྷོདཔ་དན་ཏེ་ བླ་མ་གིས་ འའོ་ད་ ད་རིས་གནམ་ཡང་སྲོཔ་མས།
- ཉིམ་རྡོ་རྗེ Nim Dorjiད་ད་རིས་ ནཱ་སྡོད་ད་གེ་ ནངས་པ་དྲོ་པ་ཧ་སག་ འགྱོ་གེ་གསེས་གསུངས་དེས་ ནངས་པ་ཕར་ རྩི་རང་གྲྭ་ཚང་ནང་ལུ་ ཁྱོད་རྟེན་འདི་ཕུལ་ནི་གི་ རྟེན་འབྲེལ་དང་ གཟའ་སྐར་ཡང་ནངས་པ་ཨིན་ ནངས་པ་ ང་བཅས་ཧ་སག་འགྱོ་གེ་ ཏེ་ད་རིས་སྡོད་ད་གེ་གསེས་ ཏེ་ཕྱི་རུ་བླམ་འབད་སར་བཞུགས་སྦེ།
- ཉིམ་རྡོ་རྗེ Nim Dorjiཏེ་དྲོ་པ་ཕར་ལས་ ཧ་སག་འོང་ ཕར་འོང་ དེ་ལས་ ནཱེ་ལས་ བླ་མ་གིས་ ཕར་རྡོ་སྐྱོང་ལ་ལས་ཏེ་ ཕོན་རྐྱབ(བརྒྱུད་འཕྲིན་བཏང) ནཱ་ལས་མར་ རྫོང་བདག་ ཁྲིམས་དཔོན་ རབ་འབྱམས་ རྒཔོ་ ཁོང་ག་ར་ཨ་མར་ འ་མར་ག་ཏེ་ལུ་ལོ་ ཨ་མར་ ཧཝ་རི་གངས།
- ཉིམ་རྡོ་རྗེ Nim Dorjiཨ་མར་དེམ་ཅིག་འདུག་མེན་ན་ལགས་ མཆོད་རྟེན་ཅིག་འབད་སྦེ་ ཨ་མར་ ཞབས་སུ་མར་ཤོག་གསེས་ མར་ཆང་ ཕུན་སུམ་ཚོགས་པའི་བཞུགས་གྲལ་ འ་མར་སྒྲིག་གསེས་ ཕར་ལས་ཚུར་ ཕོན་རྐྱབ་(བརྒྱུད་འཕྲིན་བཏང) ཏེ་ང་བཅས་ ཨ་མར་ལྷོད་པའི་བསྒང་ལས་ སྤའོ་ རྫོང་བདག་ ཁྲིམས་དཔོན་ རྒཔོ་ག་ར་མར་ ཐོན་ནུག།
- ཉིམ་རྡོ་རྗེ Nim Dorjiརབ་འབྱམས་དང་ ག་ར་མི་ནང་རོགས་ ཇ་སྲུ་ཇ་ཀྲིག་ཀྲི་སྦེ་སྡོད་ནུག་ ཏེ་འ་མར་ལས་ཏེ་ སྲུ་ཇ་འཐུང་ ཏེ་གཱ་རི་ཡང་ ག་ར་མར་བདའ་ཐོན་ནུག་ ཏེ་ཨ་མར་ལས་འོང་མི་བསྒང་ལས་ཏེ་ ང་བཅས་ཏེ་ ཧའི་ལེསི་ དང་པ་སིཊ་(སྡོད་ཁྲི་)ནང་ར་ཏེ་ བླམ་ ང་འཛུལ།
- ཉིམ་རྡོ་རྗེ Nim Dorjiནཱེ་ལསན་ ད་རུང་ དགེ་སློང་ལེ་ཤ་ཡོད་ཏེ་ དེ་ལསན་ཏེ་ ང་བཅས་ ཧའི་ལེསི་འདི་ གདུགས་དཀྱི་ དེ་ལས་ཏེ་ གཱ་རི་ལའིན་(གྱལ)སྒྲིག་ཏེ་ ནཱ་རྩང་རང་ རྫོང་ཁག་ནང་ཚུན་ཚོད་ ཏེ་འ་ནཱེ་སྦེ་འོང་ཡི་ ཏེ་ཡ་ཡར་ རྩི་རང་རྫོང་ཁག་གི་ ཨ་མར་ཊེག་སི་པཱར་ཀིན(གླ་འཁོར་བཀག་ས)ཅིག་ཡོད་སྦ།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་མཆོད་རྟེན་ དུར་ཁྲོད་ཨ་ཙི་བརྒལ་ད་ མར་གླ་འཁོར་བཀག་ས་འདུག་གོ་ཤིག་ལགས་ འ་ནཱ་ལྷོད་ཅི་ གཱ་རི་འ་ནཱ་བཞག་ ཏེ་འ་ནཱ་ལས་ ང་བཅས་ཏེ་ བཀབ་ནེ་བཀབ་ དེ་བསྒང་ལས་ཏེ་ རོགས་ཡར་ལས་མར་ གྲྭ་ཚང་གིས་ གནམ་མེད་ས་མེད་སེར་སྦྲེང་འབད་དོ།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་གི་ གླ་འཁོར་བཞག་ས་འདི་གི་ འ་ནཱ་ལྷོད་ འ་ནཱི་གུ་ལས་ཡར་ གདན་ཁྲི་འཛེག་ནི་འབདཝ་ཅིག་ ཉིམ་འདི་ གསེར་སྡིངས་སྡིང་སྦེ་ར་ ད་རུང་ ཡར་བལྟ་བའི་བསྒང་ལས་ ད་རུང་ ཡར་ཉིམ་གཞའ་གིས་བསྒོར་ཆེ་ནུག་ཏེ།
- ཉིམ་རྡོ་རྗེ Nim Dorjiནཱེ་ལས་ཏེ་ སྤ་་་རྫོང་བདག་དང་ ཁྲིམས་དཔོན་དང་ ག་ར་ཏེ་ ལགཔ་ཐལ་མོ་སྦྱར་ཏེ་དབའེ་ ཨ་ཞང་ཁྱོད་ཀྱི་རྟེན་འདི་ གཅིག་དང་ཡང་མ་འདྲཝ་ཅིག་ཨིན་པས་སྨ་རེ་ གནམ་མེད་ས་མེད་ཀྱི་ རྟགས་རྟེན་འབྲེལ་ཅིག་ ད་རུང་ ཡར་ཉིམ་གཞའ་གིས་ བསྒོར་འདི་ཨིན་པས་དབའེ་གསེས།
- ཉིམ་རྡོ་རྗེ Nim Dorjiཏ་འ་ནཱི་ལས་ཏེ་ སེར་སྦྲེང་འབད་ཏེ་ རྩི་རང་རྫོང་ཁག་ནང་ འ་ནཱེ་སྦེ་བཙུགས་ཏེ་ ད་ལྟོ་ ངེ་རྟེན་འདི་ འ་ནཱེ་སྦེ་ཡོད། ངེ་རྟེན་འདི་ནང་ ཚེམས་རྐྱངམ་ཅིག་གི་ མི་ཚད་ལགས་ ཞབས་དྲུང་ཁོ་ར་གི་ སྐུ་འདྲ་ཅིག་ཡོད་ དེ་ལས་ རྡོའི་ནོར་བུ་ཅིག་ཡོད་ ང་འ་ནཱི་གསུམ་ཆ་ར་ཕུལ་དའི་ང་།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་ རྡོའི་ནོར་བུ་འདི་ འ་ནཱི་ཞབས་དྲུང་གི་ སྐུ་འདྲ་འདི་ ཞབས་དྲུང་ཁོ་ར་གིས་ར་ གནང་གནངམ་མས་ ཨེང་་འ་ནཱི་ ཚེམས་འདི་ ངེ་གི་ཨ་རྒས་འདི་ལུ་ ཚེམས་འདི་སྤྲོད་དེ་གིས་སྦེ་ ཟླཝ་གཉིས་དེ་གི་རྒྱབ་ལས་ ཏེ་འ་ནཱི་སྐུ་འདྲ་འདི་ གནང་ནུག་ ཞབས་དྲུང་གིས་ལགས།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་ཚེམས་འདི་དང་ འ་ནཱི་སྐུ་འདྲ་འདི་ གཅིག་ཁར་བཞག་གསེས་ འ་ནཱེ་སྦེ་གསུངས་ནུག་ ཤུལ་ལས་ མ་འོངས་པའི་ནང་ལུ་ འ་ནཱི་གི་ ཁུངས་དང་དགོས་པ་འདི་ དཔྱད་དགོ་པ་ཅིན་ ཞབས་དྲུང་ཨ་ནཱི་གི་ ཚེམས་ཨིན་ཟེར་མིའདི་ དགོས་པ་ཅིག་དགོས་གསེས།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་སྐུ་འདི་ཡང་ ཁྱོད་འ་ནཱི་ ཚེམས་དང་གཅིག་ཁར་བཞག་གསེས་ འ་ནཱིམ་ཅིག་ལས་བརྒལ་མེད་ལགས་ དངུལ་གྱི་ཨིན་པས་ དངུལ་གྱིས་རྡུངས་རྡུངསམ་ འ་ནཱེམ་ཅིག་ལགས་ འ་ནཱི་སྐུ་འདི་ཡང་ འ་ནཱེ་སྦེ་ འ་ནཱེ་སྦེ་ དཀྲོགས་བལྟཝ་ད་ ནང་རྫས་ནང་ ཀི་རི་ཀི་རི་ཀི་རི་གསེས་ སླབ་ནི་འདུག།
- ཉིམ་རྡོ་རྗེ Nim Dorjiའ་ནཱེ་ཡང་ གནམ་མེད་ས་མེད་ སྐྱབས་རྗེ་གིས་ གནམ་མེད་ས་མེད་ ཐུགས་ཡིད་རངས་ལགས་ དབའེ་འ་ནཱི་ལུ་ཏེ་ འ་ནཱ་ལུ་ཏེ་ འ་ནཱ་ལུ་གཟུངས་འདི་ ཏེ་རིང་བསྲེལ་ངོ་མ་འདུག་གསེས་ ཁྱོད་ར་ ཁོ་འདི་རིང་བསྲེལ་ངོ་མ་ཨིན་པས།
- ཉིམ་རྡོ་རྗེ གནམ་མེད་ས་མེད་ ཏེ་འ་ནཱི་ རྡོའི་ནོར་བུ་ཅིག་ཡོད་པའི་ལགས་ གནག་ཏིང་ཏི་སྦེ་ རྡོའི་གུ་ལུ་འ་ནཱེམ་ཅིག་ཡོད། ཏེ་འ་ནཱི་འདི་ ནཱ་ལས་ ཞབས་དྲུང་གི་མེན་པས། འ་ནཱི་འདི་ ངེ་ཨཔ་འདི་ ཧེ་མ་ཨེང་ ལོ་བཅུ་གསུམ་ལས་ གོང་ས་ཨུ་རྒྱན་དབང་ཕྱུག་ འབྲུག་རྒྱལ་དང་པ་ གོང་ས་ཨུ་རྒྱན་དབང་ཕྱུག་གི་ནང་ལུ་ འབོད་འབད་ཆི་ནུག་སྦ་ ལྟོ་གཟན་སྦེ།Nim Dorji:
- ཉིམ་རྡོ་རྗེ Nim Dorjiཏེ་ལོ་བཅུ་གསུམ་ལས་ གོང་ས་ཨུ་རྒྱན་དབང་ཕྱུག་ནང་ལུ་ འབོད་འབད་ ཏེ་འ་ནཱེ་ལས་ ཡུདཔ་ཅིག་ལས་ ཁོང་དེ་བསྒང་ ལོ་ཆུང་ཀུ་ཨིན་པས་ ལོ་བཅུ་གསུམ་ལས་བརྒལ་མ་འགྱོ་བས། ཏེ་གོང་ས་ཨུ་རྒྱན་དབང་ཕྱུག་ཏེ་ དགོངས་པ་རྫོགས།
- ཉིམ་རྡོ་རྗེ Nim Dorjiདེ་ལས་ འབྲུག་རྒྱལ་གཉིས་པའི་སྐབས་ལུ་ཡང་ ཁོ་ཡང་ཏེ་ དེ་བསྒང་ལས་ཏེ་ ཨ་ཙི་ནང་ འཇིགས་མེད་དབང་ཕྱུངག་ནང་ལུ་ཏེ་ ཕྱག་སྒརཔ་སྦོམ་ཤོས་སྦེ་ དེ་བསྒང་ལས་ ངེ་ཨ་པ་ཏེ་ གནམ་མེད་ས་མེད་ སྒོ་ཁར་ལུ་ ཤུགས་ཅན་ཅིག་མས།
- ཉིམ་རྡོ་རྗེ Nim Dorjiཏེ་འ་ནཱེ་སྦེ་སྡོད་སྡོད་པ་ ཏེ་ཕར་ སྤ་རོ་ སྤ་རོ་སྐུ་ཞོགས་ཚེ་རིང་དཔལ་འབྱོར་ཟེར་མི་འདི་ ཨེང་གོང་ས་འཇིགས་མེད་དབང་ཕྱུག་གི་ ནུ་གཅུང་མས་སྦ་ཏེ་ སྤ་རོ་ཚེ་རིང་དཔལ་འབྱོར་ སྤུན་ཆ་ཨིན་མས་སྦ།
- ཉིམ་རྡོ་རྗེ Nim Dorjiཏེ་སྤ་རོ་སྐུ་ཞོགས་ཚེ་རིང་དཔལ་འབྱོར་ ཁོ་ཕར་སྤ་རོ་དཔོན་སློབ་སྦེ་ ཕར་ཁྲི་མངའ་གསོལ་ཕར་མས་ ཏེ་འ་ནཱེ་འབདཝ་ད་ ཕར་ལས་ སྤ་རོ་དཔོན་སློབ་ཀྱིས་ ཕར་ལས་ཚུར་ ཡི་གུ་ཅིག་ བཀའ་ཤོག་ཅིག་བཏང་བཏངམ་མས་ ནཱ་ལུ་ཞབས་ལུ་ འབྲུག་རྒྱལ་གཉིས་པ་ལུ།
- ཉིམ་རྡོ་རྗེ Nim Dorjiངེ་ཕར་ལུ་ མི་ཕྱག་ཞུ་མི་ མི་རྒས་ཤོས་ཨ་ཙི་ཅིག་ བརྟན་ཏོག་ཏོ་སྒྲིང་སྒྲིང་ཅིག་ ག་ཡང་མིན་འདུག་གསེས་ ཁྱོད་ཕར་ལས་ གཉིས་དེ་ཅིག་བཏང་གནང་མས་གསེས་ ང་དང་ཆ་སྡོད་མི་སྦེ་གསེས་ འ་ནཱེ་སྦེ་ བཀལ་བཏང་བཏངམ་མས།
- ཉིམ་རྡོ་རྗེ Nim Dorjiཏེ་ནཱ་ལས་ འབྲུག་རྒྱལ་གཉིས་པ་ འཇིགས་མེད་དབང་ཕྱུག་གིས་ཏེ་ གཅིག་ངེ་ཨ་པ་བཏང་བཏངམ་མས་ ཏེ་གཅིག་ཏེ་ ད་རུང་ཡར་ འ་ནཱི་ ད་ཁོ་ཡང་ དང་ཕུགས་ལས་ གཤགས་སོང་སྦ་ ཡར་སྒང་སྟེང་ལས་ཨིན་ ཤར་སྒང་སྟེང་ལས་ སྒང་སྟེང་ཨ་རྒས་རྡོ་རྗེ་གསེས་ཅིག་ཡོད་པའི་ འ་ནཱ་ཁོང་གཉིས་བཏང་བཏངམ་མས།
- ཉིམ་རྡོ་རྗེ Nim Dorjiདཔོན་གྱིས་ ནཱ་ལས་ཕར་ ཁྱེ་ད་ཕར་ སྤ་རོ་སྐུ་ཞོགས་ཚེ་རིང་དཔལ་འབྱོར་གྱི་ ཕྱག་ཕྱིད་ལེགས་ཤོམ་སྦེ་ ཞུ་སྨ་རེ་གསེས་ ཁྱེད་གཉིས་སོང་ཤིག་གསེས་ ཏེ་ངེ་ཨ་པ་དང་ ཁོང་གཉིས་ཕར་བཏང་ནུག། ཏེ་ངེ་ཨ་པ་ སྤ་རོ་ལྷོད་དེ།
- ཉིམ་རྡོ་རྗེ Nim Dorjiསྤ་རོ་སྐུ་ཞུགས་ཚེ་རིང་དཔལ་འབྱོར་གྱི་ ཕྱག་ཞུ་སྟེ་ ལོ་གསུམ་ བཞི་འགྱོཝ་ད་ སྤ་རོ་སྐུ་ཞོགས་ཚེ་ཚིང་དཔལ་འབྱོར་གྱིས་ ད་ཁྱོད་ཡང་ཏེ་ འབྲུག་རྒྱལ་དང་པ་གི་ ཕྱག་ཞུ་ གཉིས་པ་གི་ཕྱག་ཞུ་ ད་གསུམ་པ་ཟེརཝ་ད་ ང་མས་གསེས།
- ཉིམ་རྡོ་རྗེ Nim Dorjiཏེ་ཁྱེད་ རྒྱལཔོ་རིམ་ཐེངས་གསུམ་གྱི་ ཕྱག་ཞུ་སྡོད་མི་ཅིག་ཨིན་པས་གསེས་ ད་ང་གིས་ཁྱོད་ལུ་ གོ་གནས་ཅིག་ བཀལ་གེ་སྨ་རེ་གསེས་ ཏེ་ངེ་ཨ་པ་འདི་ མར་རྡོ་སྦྱིས་དཔོན་སློབ་སྦེ་ཏེ་ ཏེ་འབུ་རས་དམརཔོ་བཀབ་ དཔའ་རྟགས་བཏགས་སྦེ་ཏེ་ རྡོ་སྦྱིས་དཔོན་སློབ་སྦེ་ཏེ་ གོ་གནས་གནང་།
- ཉིམ་རྡོ་རྗེ Nim Dorjiཏེ་རྡོ་སྦྱིས་དཔོན་སློབ་སྦེ་ བཏང་བཏངམ་མས་ ཡར་ལས་མར་སྦེ་མར་ ཏེ་འ་ནཱི་ སྤ་རོ་དཔོན་སློབ་ རྩིསཔ་འབད་ནི་ ངེ་ཨཔ་མར་ རྡོ་སྦྱིས་དཔོན་སློབ་སྦེ་འགྱོཝ་ད་ ཁྱོད་ཨོལ་ལྐོག་ཁར་ལུ་ སྲུང་མ་ཅིག་དགོ་གསེས་ ཨ་མར་ལུ་ གན་སྨོ་ཟེར་བ་ཅིན་ མར་ལྷ་མཚམས་ཀྱི་ ས་མཚམས་གུ་ཨིན་གསེས།
- ཉིམ་རྡོ་རྗེ Nim Dorjiའ་ནཱི་ ཁྱོད་འབག་སྨ་རེ་གསེས་ ཏེ་རྡོའི་ནོར་བུ་འདི་ སྤ་རོ་སྐུ་ཞོགས་ཚེ་ཚེང་དཔལ་འབྱོར་རོགས་ ངེ་ཨ་པ་ལུ་གནང་གནངམ་མས་ འ་ནཱི་ སྤ་རོ་སྐུ་ཞོགས་ཚེ་རིང་དཔལ་འབྱོར་གྱིས་ ངེ་འ་ནཱི་ རྡོའི་ནོར་བུ་འདི་ ཐོབ་པའི་གི་ལུང་བསྟན་ ངེ་ཨ་པ་གིས་བཤད་ནི་འདུག།
- ཉིམ་རྡོ་རྗེ Nim Dorjiཁོང་ཕྱག་ཞུ་སྟེ་སྡོདཔ་ད་ འཕྲལ་འཕྲལ་ར་ སྤ་རོ་སྐུ་ཞོགས་ཚེ་རིང་དཔལ་འབྱོར་ ཡར་སྤ་རོ་སྟག་ཚང་ཁ་བྱོན་པའི་ལོ་ དུས་བཟང་དུས་བཟང་ལུ་ར་ ཁམས་སངས་ལུ་བྱོན་པའི་ལོ་ འ་ནཱི་ཚར་ཅིག་བྱོནམ་ད་ལུ་ཡང་ ཡར་སྤ་ར་ོ་སྟག་ཚང་ཁ་ལས་ གཏེར་ནང་བཞེས་བཞེསཔ་ཨིན་གསེས་མས།
- ཉིམ་རྡོ་རྗེ Nim Dorjiསྤ་རོ་སྐུ་ཞོགས་ཚེ་རིང་དཔལ་འབྱོར་གྱིས་ རྡོའི་ནང་སྐོར་ནང་ལས་ ཏེ་སྤ་རོ་ སྐུ་ཞོགས་ཚེ་རིང་དཔལ་འབྱོར་ཟེར་མི་འདི་ ཁོ་ཕྱི་ལས་འབདཝ་ད་ དཔོན་སྦེ་ཨིན། ནང་ན་ལས་ཁོ་ གུ་རུ་དངོས་སུ་ཨིན་ ཁོ་གུ་རུ་གི་སྤྲུལ་པ་ཨིན།
- ཉིམ་རྡོ་རྗེ Nim Dorjiཁོ་ཡར་ སྒང་སྟེང་སྤྲུལ་ཡང་ ཁོ་ཨིན་པས་ཏེ་ ཁོ་སྒང་སྟེང་ ཁོ་སྤ་རོ་སྐུ་ཞོགས་ཚེ་རིང་དཔལ་འབྱོར་སྦེ་ མཛད་ཞིནམ་ད་ལས་ ནཱ་སྒང་སྟེང་སྤྲུལ་སྐུ་ སྐྱེསཝ་བྱོན་ར་མ་འབྱོན་མས་སྦ་ཏེ་ ཁོང་ཤར་འདི་ཚུ་གིས་ ད་ང་བཅས་ སྒང་སྟེང་སྤྲུལ་སྐུ་་སྐྱེསཝ་འབྱོན་མིན་ནུག་ར་གསེས་ཏེ་ སླབ་དོ་ཡོདཔ་མས།
- ཉིམ་རྡོ་རྗེ Nim Dorjiཏེ་སྤ་རོ་ སྐུ་ཞོགས་ཚེ་རིང་དཔལ་འབྱོར་གྱིས་ གསུངས་མི་ལོ་ ཤར་འདི་ཚུ་གིས་ སྒང་སྟེང་སྤྲུལ་སྐུ་ འབྱོན་ནུག་ར་གསེས་འབད་དོ་ སླབ་དོ་ ཏེ་སྟང་སྟེང་སྤྲུལ་སྐུ་ འབྱོན་དགོ་པ་ཅིན་ ང་ཤི་དགོ་གསེས་ ང་ཤི་འདི་ལས་བརྒལ་ སྒང་སྟེང་སྤྲུལ་སྤྲུལ་སྐུ་མི་འབྱོན་གསེས།
- ཉིམ་རྡོ་རྗེ Nim Dorjiཏེ་སྒང་སྟེང་སྤྲུལ་སྐུ་གི་ སྤྲུལ་པ་ཡང་ཁོ་ཨིན་པས་ གུ་རུ་གི་སྤྲུལ་པ་ཡང་ ཁོ་ཨིན་པས། ཏེ་སྤ་རོ་ སྐུ་ཞོགས་ཚེ་རིང་དཔལ་འབྱོར་དེ་ ཁོ་དུས་བཟང་དུས་བཟང་ལུ་ཏེ་ སྟོད་རྩེ་གཤམ་ཐབས་བཞེས་ ཁྲུས་གནང་ ཡར་ཁྲི་གུ་སྡོད་ དེ་ལས་ཏེ་ ཚེས་བཅུ་གནང་མི་བསྒང་ལས་ཏེ་ ཁོ་ཏེ་ གུ་རུ་དངོས་སུ་སྦེ་ མཇལ་ཡི་ལོ་ཏེ་ སྤ་རོ་སྐུ་ཞོགས་ཚེ་རིང་དཔལ་འབྱོར་འདི།
- ཉིམ་རྡོ་རྗེ Nim Dorjiཏེ་ག་ནི་ཡང་ མ་མཁྱེནམ་མེད་ལོ་ ནང་པའི་ཆོས་ པུ་ར་(ཆ་མཉམ)མཁྱེན་ལོ་ ཁོ་རའི་མི་ཚེས་ནང་ ཏེ་འ་ནཱི་གིས་ ངེ་ཨ་པ་ལུ་ སྤ་རོ་ལས་མར་ རྡོ་རྗེ་དཔོན་སློབ་ཀྱི་ གོ་གནས་གནང་བཏངམ་ད་ འ་ནཱི་ཁྱོད་སྲུང་ཁོབ་འབད་སྨ་རེ་གསེས།
- ཉིམ་རྡོ་རྗེ Nim Dorjiརྡོའི་ལུང་བསྟན་ཨིན་སྨ་རེ་ སྤ་རོ་སྟག་ཚང་ཁ་ལས་ ང་ཐོབ་ཐོབ་ཨིན་གསེས་ཏེ་ ཏེ་འ་ནཱི་གསུམ་ཆ་ར་ ད་ལྟོ་ནང་ མཇལ་ཁ་ཡོད་ཏེ་ལགས་ ནཱ་རྩི་རང་ལུ་ ད་ལྟོ་ ནཱ་གསུང་མཆོད་ཕུལ་ཏེ་ར་ཡོད་ འ་ནཱི་འདི་ཏེ་ ནཱི་ཚུ་ལུ་བརྟེན་གྱི་ཏེ་ བླམ་གནས་བརྟན་གྱིས་ཏེ་ ང་ཨ་ཙི་བདག་འཛིན་འཐབ་སྡོད་ ཨ་ནཱ་ལུ་ ད་ལྟོ་ དཀོན་གཉེར་སྦེ་ བཞག་དགོ་པའི་ཁུངས་འདི་ འ་ནཱེ་སྦེ་ཨིན།
- ཉིམ་རྡོ་རྗེ Nim Dorjiབླམ་གནས་བརྟན་འདི་ཡར་སོང་ཡི་ ཏེ་གཞན་ཏེ་ ང་བཟུམ་ཅིག་གིས་ཏེ་ མི་ང་བ་ལྷགཔ་གི་ མི་གཞན་འདུག་ཏེ་སྨོ་ཤིག་ལགས་ ང་ལས་ཡོན་ཏན་ཆེ་དྲགས་ ང་བཅས་འདི་ཏེ་ འ་ནཱི་ཏེ་ ཐུན་རག་ཀ་རོ་ཀཅིག་བཏང་ཤེསཔ་ཅིག་མས།
- ཉིམ་རྡོ་རྗེ Nim Dorjiཏེ་རོགས་ནཱ་ སྟོད་རྩེ་བཤམ་ཐབས་བཞེས་མི་རྒྱགས་ཚད་འདུག་ ཏེ་ང་ འ་ནཱི་ཁར་བཞག་དགོ་མི་འདི་ཏེ་ ཁུངས་དང་དགོས་པ་ཅིག་ འ་ནཱི་གི་ རྟེན་འདི་གིས་ བཞག་བཞགཔ་ཨིན། ཏེ་འ་ནཱི་ཅིག་ ད་ལྟོ་ ང་གིས་ནཱ་ལུ་ ཏེ་ཁྱེད་ལུ་ ཏེ་ཁྱེད་གཉིས་ཀུ་ལུ་ ཏེ་འ་ནཱི་ཞུ་དགོ་མི་འདི་ ཁུངས་དང་དགོས་པ་འདི་ འ་ནཱིམ་ཅིག་ ཏེ་ང་གིས་ ཚུལ་ཙམ་ཅིག་སྦེ་ ཞུ་ཡི།
- ཉིམ་རྡོ་རྗེ Nim Dorjiཏེ་གཞན་གནམ་མེད་ས་མེད་ ང་ལུ་ཞུ་བ་ལུ་ ཞུ་ནི་མེད་ ཤེས་ཤེསཔ་མཐོང་མཐོངམ་ཅིག་ ནཱ་ལུ་ཞུ་ཡི།