Skip to main content Skip to search
28 Aug 2018
8 min 50 sec
Video Overview
Creators: 
Sonam Chophel, Dawa Tshering

Domche from Laya village in Gasa Dzongkhag (district), shares an account of a Yak called Zhaw Laga. According to him it is believed that the yaks of Laya village originated from Yak Zhaw Laga, a treasured yak and descendant from Yak Lhadar Gaw of Soe Gewog (county) in Paro district. Yak Zhaw Laga was considered important because the yak had extracted water from the ground in a previously arid place by digging with his horns. Besides this event in Tongra, there are other different places where the yak left an extraordinary imprint. Later district administrators took the yak to Gasa Dzong in order to kill it, but the special yak disappeared from the Dzong and transformed himself into a mountain just opposite to Gasa Dzong, which can still be seen today. The yak's blessing traveled to Dagana and today that district is believed to have some of the best quality yak in the country.

༉  མགར་ས་རྫོང་ཁག་ ལ་ཡག་གཡུས་ཚན་ལས་དམ་ཆོས་ཀྱིས་ ལ་ཡག་གི་གཡག་ ཤཝ་ལ་གར་གྱི་སྐོར་ལས་ལོ་རྒྱུས་སླབ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ སྤ་རོ་རྫོང་ཁག་ སོས་རྒེད་འོག་ནང་ གཡག་ལྷ་དར་དགའཝ་བཟུམ་སྦེ་ ལ་ཡག་ལུ་ གཡག་གི་ཕ་སོན་ ནོར་བུ་དང་འདྲ་བའི་གཡག་ ཤཝ་ལ་གར་ལས་བརྟེན་བྱུང་ནུག་ ཟེར་ཨིན་མས། གཡག་ཤཝ་ལ་གར་འདི་ ནོར་བུ་བཟུམ་སྦེ་བརྩི་དགོ་མི་དེ་ཡང་ གཡག་དེ་གིས་ ས་གནས་སྟོང་ར་ཟེར་སའི་སྤང་སྐམ་ཅིག་ནང་ལས་ རྭཝ་གིས་འབད་ཞིནམ་ལས་ ཆུ་བཏོན་ཡོདཔ་མ་ཚད་ གཞན་ཡང་ད་རིས་ནངས་པར་ཡང་ ཡ་མཚན་ཆེ་ཏོག་ཏོ་གི་ཤུལ་ ལེ་ཤ་ཅིག་ཡོདཔ་མཐོང་ཚུགས་པ་ལས་བརྟེན་ཨིན་མས། ཤུལ་ལས་ མགར་ས་རྫོང་ཁག་གིས་ གཡག་འདི་གསད་ནི་འབད་འཁྱིད་སོང་པའི་སྐབས་ གཡག་འདི་གཞན་དང་མ་འདྲཝ་ཅིག་ཡོདཔ་ལས་ ག་ཏེ་ཡང་མེདཔ་ཡལ་ཏེ་ རྫོང་གི་གདོང་ཕྱོགས་ལུ་ ད་རིས་ནངས་པར་ཡང་གསལ་ཏོག་ཏོ་སྦེ་མཐོང་ཚུགས་མི་ རི་དེ་ལུ་སྤྲུལ་ཡོདཔ་ད་ དེའི་བྱིན་རླབས་འདི་སོང་སྟེ་ ད་རེས་ནངས་པར་ དར་དཀར་ན་ལུ་གཡག་གི་སྤུས་ཚད་ལེགས་ཤོམ་འོང་མི་དེ་ འདི་ཨིན་ཟེར་བཤདཔ་ཨིན་མས།

Transcript search
No results found for this search
0 of 0
  • དམ་ཆོས། Damchoe ལ་སོགས་ལགས། ད་ང་བཅས་ཀྱི་ལ་ཡག་འདི་ནང་ལུ་ ཏེ་ང་བཅས་ཀྱི་ལ་དགུང་གསུམ་འདི་ནང་ལུ་ དང་པ་ར་ང་བཅས་གཡུས་ཀྱི་མིང་འདི་ ལ་ཡག་ཟེར་འདུག་ ཏེ་ད་འདི་ནང་ལུ་ ཏེ་ད་རྒྱུ་མཚན་འདི་ག་ཅི་ལས་བརྟེན་ཏེ་གིས་ ད་ཚོར་སྣང་འདི་ག་ཅི་ལས་བྱུང་འོང་ག་ཟེར་བ་ཅིན།
  • དམ་ཆོས། Damchoe ལ་ནོར་འཐོན་ས་ཅིག་འབད་ཞིན་ན་ལས་ གཡག་དང་འབྱིམོ་འ་ནཱི་ཚུ་གིས་ ཏེ་ལག་ལེན་འཐབ་མི་ཅིག་ ཏེ་ཨིནམ་ལས་བརྟེན་འདི་གི་སྦེ་ འདི་གི་རྒྱུ་མཚན་འདི་ ག་དེ་སྦེ་ འགོ་དང་པ་ལུ་ ང་བཅས་ཀྱི་ཕམ་འདི་ཚུ་གི་ངོ་བསྒང་ལུ་ག་དེ་སྦེ་བྱུང་ཡི་ག་ཟེར་བ་ཅིན།
  • དམ་ཆོས། Damchoe ཏེ་ད་ མི་རྒན་ཤོས་ཚུ་གིས་སླབ་སྲོལ་ཡོད་མི་འདི་ ཏེ་ང་བཅས་དུམ་གྲ་ཅིག་ ཁུངས་དང་དགོས་པ་དུམ་གྲ་ཅིག་ ཏེ་གངམ་འདི་རང་གིས་ཤེས་ཡང་མི་ཤེས་པས་ ཏེ་ཤེས་ཤེསཔ་མཐོང་མཐོངམ་ཅིག་ཞུ་བ་ཅིན།
  • དམ་ཆོས། Damchoe ཏེ་ཧེ་མ་ར་ གཡག་ལ་ནོར་འདི་ཚུ་ ག་དེ་སྦེ་བྱུང་བྱུངམ་ཨིན་ན་ཟེར་བ་ཅིན་ ཏེ་ལ་ནོར་འདི་ག་དེ་སྦེ་ ཏེ་ནོརབུ་འདི་ག་ཏེ་ལས་བཏོན་ཏེ་ ནོརབུ་འདི་ག་དེ་སྦེ་བརྩི་དགོཔ་ཨིན་ན་ཟེར་བ་ཅིན།
  • དམ་ཆོས། Damchoe བརྩི་བཀུར་འབད་དགོཔ་འདི་ གཡག་ཤཝ་ལ་གར་ཟེར་མི་འདི་ ཏེ་ང་བཅས་ལ་ཡག་ལས་ ཏེ་ཐོན་ནུག་ཟེར་ཞུ་ནི་ལགས། ཏེ་གཡག་ལེགས་པའི་ལྷ་དར་དགའཝ་ཟེར་མི་འདི་ ཏེ་ད་རིས་མ་པ་ལུ་ ཏེ་རོགས་ཕར་གླིང་གཞི་སྲེཔ་ན་རོཔ་དེ་ཚུ་གི་ ཏེ་རོགས་ཁོང་གི་ ཞབས་བྲོ་གི་ཚིག་འབད་ཡང་བརྩམས་ནུག ཏེ་ད་ཁུངས་དང་དགོས་པ་འདི་ཚུ་ཡང་རོགས་ཁོང་གིས་ ད་འ་ནཱི་སྦེ་བཀལ་ཏེ་འདུག
  • དམ་ཆོས། Damchoe ཏེ་ང་བཅས་ལ་ཡག་ལུ་ ཏེ་ད་གཡག་ཤཝ་བ་ལ་གར་སྦེ་མེན་པ་ གཡག་ལེགས་པའི་ལྷ་དར་དགའཝ་སྦེ་མེན་པར་ གཡག་ཤཝ་ལ་གར་ཟེར་ ཏེ་དེ་བསྒང་ ང་བཅས་ནཱ་ལུ་ མིང་གཏམ་ཐོབ་དགོཔ་འདི་རང་ ཏེ་ཤཝ་བ་ལ་གར་ཟེར་མི་འདི་ཨིན་ ཟེར་ཞུ་ནི་ལགས།
  • དམ་ཆོས། Damchoe ད་འ་ནཱི་ ཏེ་ད་ང་བཅས་ལ་ཡག་ལུ་ ཏེ་ཧེ་མ་ར་རོགས་ ད་ནོར་བུའི་དགོས་ ཏེ་ཁོ་ནོརབུ་ཐད་རི་བ་རི་ ནོརབུ་འདི་རང་ ཏེ་ཤ་བ་ལ་དགའ་ཟེར་མི་དེ་ལས་བརྟེན་འདི་གིས་སྦེ་ ཏེ་རྒྱུ་མཚན་འདི་ དེ་ལས་བརྟེན་ཏེ་བྱུང་ནུག་ཟེར་ཞུ་ནི་ལགས།
  • དམ་ཆོས། Damchoe ཏེ་ད་ ད་རིས་མ་པ་འདི་ ཏེ་ད་མ་པ་འདི་ ལ་ནོར་ཟེརཝ་ད་ ཏེ་རོགས་ནོར་བུའི་གྲངས་སུ་སྦེ་ར་བརྩིསཝ་མས། ནོར་བུ་འདི་ཡང་ ཏེ་ད་ ཁུངས་དང་དགོས་པ་འདི་རང་ གཡག་ཤཝ་བ་ལ་གར་ལས་བྱུང་ ཏེ་འ་ནཱི་འབད་ཞིན་ན་ལས་ ཏེ་བྱུང་ས་འདི་ཡང་ ཏེ་ང་བཅས་ལ་ཡག་གི་ས་གོ་དེ་ནང་ཨིན་པས།
  • དམ་ཆོས། Damchoe ཏེ་ ཁོ་ལ་ཡག་གི་ས་གོ་དེ་ནང་ ཏེ་སྡོད་པའི་དུས་ཚོད་འདི་ནང་ལུ་ ཏེ་ད་ཁོ་གིས་དེ་ལས་ཆུ་ག་ནི་ཡང་མེད་ས་གི་ས་གོ་ཅིག་ནང་ལུ་ ཏེ་ང་བཅས་ཀྱི་གཡུས་གཏོང་ར་ཟེར་མི་འདི་གི་རྒྱབ་ཁ་ལུ་ ཏེ་ཆུ་མ་པ་ལས་མེད་པའི་ས་གོ་གཅིག་ཡོད།
  • དམ་ཆོས། Damchoe སྤང་གཅིག་ ཏེ་འ་ནཱ་ལུ་ ཁོ་གིས་འབད་ ཏེ་ཁོ་གིས་མཚན་རྟགས་འདི་འ་ནཱ་ལུ་བཀོད་ནུག་ཟེར་ཞུ་ནི་ལགས། ཏེ་ག་དེ་སྦེ་ཤེས་ཤེསཔ་ཨིན་ན་ཟེར་བ་ཅིན་ ཏེ་གཅིག་འདི་འ་ནཱ་ལས་འབད་ ཏེ་ཤེས་ནུག་ཟེར་ཞུ་ནི་ལགས། ཏེ་འ་ནཱ་ལུ་ཆུ་ག་ནི་ཡང་མེད་པར་ ཁོ་ཁ་སྐོམ་སྟེ་ ཉིནམ་ཅིག་འབདཝ་ད་ ཏེ་ཆུ་མ་ཐོབ་པར་འབད་ཞིན་ན་ ཏེ་དེ་ལས་ འ་ནཱ་ལུ་ཁོ་གི་རྭ་འདི་ ས་ནང་གདབས་ཏེ་གིས་སྦེ་ ཏེ་ཁོ་ར་གི་རྭ་གིས་ཆུ་བཏོན་ཏེ་གིས་སྦེ་ ཆུ་འདི་ཡང་འ་ནཱ་ལས་འཐུང་ ད་འ་ནཱི་སྦེ་འབད་ནུག
  • དམ་ཆོས། Damchoe ཏེ་ད་འ་ནཱི་ཁ་ལས་ ཏེ་ཁོ་ནོརབུ་ཨིནམ་ ཐད་རི་བ་རི་ཏེ་འ་ནཱ་ལས་ཤེས་ནུག་ ཟེར་ཞུ་ནི་ལགས། ཏེ་ད་ ད་རིས་ནངས་པར་འབདཝ་ད་ ཏེ་ད་ཨ་ཙི་ཅིག་ ང་བཅས་ད་ ད་རིས་མ་པ་ ཉམས་སོངཔ་བཟུམ་ཅིག་སྦེ་ཡར་སོ་ཡི་ ད་བརྩི་བཀུར་འབད་མི་མེད་ ད་འ་ནཱི་སྦེ་ལུས་སྟེ་སྦེ་ཡོད།
  • དམ་ཆོས། Damchoe ཏེ་གཞན་འདི་ གྲུབ་ཆུ་ སྨན་ཆུ་ ད་འ་ནཱི་བཟུམ་ཅིག་སྦེ་ར་ ཏེ་གནམ་མེད་ས་མེད་ མནངས་ཆེ་དྲག་སྦེ་ གཡག་ཤཝ་ལ་གར་གི་ཆུ་ཟེར་ མིང་འདི་འ་ནཱི་སྦེ་ཐུག་སྟེ་རང་ཡོད་ ཟེར་ཞུ་ནི་ལགས།
  • དམ་ཆོས། Damchoe ཏེ་དེ་ལས་ ཏེ་ཁོ་ འགྲོས་ཀྱིས་བཏང་སྟེ་འབདཝ་ད་ ཏེ་ད་ ང་བཅས་ལ་ཡག་ལུ་ ད་ཨ་ཙི་ཅིག་ད་ གཅིག་ཟེརན་ ད་ལུང་བསྟན་མེདཔ་བཟུམ་ཅིག་ཡང་ཡར་སོ་ནུག་ ཟེར་ཞུ་ནི་ལགས།
  • དམ་ཆོས། Damchoe ཏེ་མ་པ་ལ་ནོར་འདི་ ད་ལྟོ་བར་ཡང་ ཏེ་ད་ གནམ་མེད་ས་མེད་རྒྱ་ཆེ་དྲག་ ཏེ་རིགས་འབད་རུང་ལེགས་ཤོམ་ ཏེ་ད་ གཡག་ནོར་འདི་ཚུ་ མ་བཏུབ་བཏུབ་སྦེ་ར་ ཏེ་ད་དཀར་ན་བཟུམ་ཅིག་སྦེ་ར་ གཅིག་འདི་ནོརབུ་གི་བྱེ་བྲག་ ལ་ནོར་ལེགས་ཤོམ་འདི་ ད་དཀར་ན་བརྩིསཝ་ཨིན་མས།
  • དམ་ཆོས། Damchoe ཏེ་འ་ནཱི་བཟུམ་ཅིག་ ད་ལྟོ་ང་བཅས་ལ་ཡག་ལུ་ དྲོད་མ་ཉམས་པར་འབད་རང་ཡོད་ ཟེར་ཞུ་ནི་ལགས། ཏེ་ཤཝ་ལ་གར་ཁོ་ར་ ཏེ་ད་ནཱ་ ཏེ་ཁོ་གི་རྒྱུད་པ་འདི་ཚུ་མེད་ ཏེ་ཁོ་ག་དེམ་ཅིག་འབད་ ཏེ་ནཱ་སྡོད་དེ་འབད་བ་ཅིན་ ཏེ་ད་ གནམ་མེད་ས་མེད་ཀྱི་ ཆེ་རིག་གནམ་མེད་ས་མེད་ཀྱི་ཡར་རྒྱས་ གནམ་མེད་ས་མེད་ཀྱི་ ཏེ་འ་ནཱི་བཟུམ་ཅིག་སྦེ་འགྱོ་ནི་གི་ གོ་སྐབས་ཐོན་སོ་འདུག་བ།
  • དམ་ཆོས། Damchoe ཏེ་ད་ འདི་འབདཝ་ད་ལུ་ ཏེ་ད་ ལུང་བསྟན་མེདཔ་བཟུམ་ཅིག་སྦེ་ འགྱོ་མི་འདི་ག་ཅི་ལས་བརྟེན་ཏེ་ཨིན་ན་ཟེར་བ་ཅིན་ ཏེ་ལོ་གཅིག་འབདཝ་ད་ མར་མགར་ས་རྫོང་ནང་ལུ་ ཏེ་ཧེ་མ་ ཏེ་ལོ་བསྟར་བཞིན་དུ་ ཏེ་མ་ལས་ཡར་ སྤུ་ན་རྫོང་ནང་ལས་གསུང་ཆོས་ ཏེ་མར་ལས་ཡར་བྱོན་ ཏེ་འ་ནཱི་སྦེ་འབདཝ་ད་ལུ།
  • དམ་ཆོས། Damchoe ཏེ་ ང་བཅས་ནཱ་ལས་མར་ ཤ་ནོར་འདི་ ཏེ་ལ་ཡག་ལས་ར་བཏོན་བདའཝ་མས། ཏེ་འ་ནཱི་ ང་བཅས་ཨ་ལོ་ཆུང་ཀུ་ཅིག་སྦེ་སྡོད་པའི་དུས་སྐབས་འདི་ནང་ལུ་ ཏེ་ཤ་ནོར་འདི་མང་རབས་ཅིག་ར་བདའ་ས་མཐོང་ཅི་ཟེར་ཞུ་ནི་ལགས།
  • དམ་ཆོས། Damchoe ཏེ་འ་ནཱ་ ལོ་གཅིག་འབད་བའི་བསྒང་ལས་ ཏེ་དེ་ལས་ང་བཅས་གཡུས་སྒོ་ནང་ལུ་ དམངས་ཀྱི་མི་ ད་རིས་བཟུམ་ཅིག་འབད་བ་ཅིན་ རྒཔོ་དམངས་ཀྱི་ཨཔ་བཟུམ་ཅིག་ལུ་ མར་རྫོང་བདག་གིས་ ཏེ་བཀའ་གནང་དཔོན་གྱིས། ཏེ་ད་ ཤ་ནོར་འདི་ ཨིན་ཅིག་མེན་ཅིག་ལ་ཡག་ལས་ ད་དུས་ཅིག་འབད་བའི་བསྒང་ལས།
  • དམ་ཆོས། Damchoe གཡག་སྦོམ་བལྟ་སྟེ་ ལེགས་ཤོམ་བལྟ་སྟེ་གིས་སྦེ་ གཟུགས་ག་སྦོམ་ག་ སྤམ་ག་ཆེ་ག་ ད་འ་ནཱི་ཨིན་ཅིག་མིན་ཅིག་ མགྱོགས་པར་བདའ་ཤོག་ཟེར་ མར་ལས་བཀའ་རྒྱ་འ་ནཱི་སྦེ་གནངམ་ལས་བརྟེན་ཏེ་གིས་སྦེ།
  • དམ་ཆོས། Damchoe ཏེ་ང་བཅས་དམངས་ཀྱི་མི་གིས་ ཏེ་ནཱ་ལས་མར་གཡག་ཤཝ་བ་ལ་གར་ཟེར་མི་འདི་ བཏོན་བཏང་ཡི་ཟེར་ཨིན་མས་ལགས། ད་ འ་ནཱི་ ཏེ་མར་ ཁོ་བཏོན་བདའ་སོངཔ་ད་ ཏེ་ནཱ་ལས་མར་འདི་ཐགཔ་ རྒྱབ་ཐག་གདོང་ཐག་ ད་འ་ནཱི་སྦེ་བཏགས་ཏེ་གིས་སྦེ་ ཐགཔ་གསུམ་ཐག་བཞི་ཐག་བཏགས་ཏེ་གིས་སྦེ་ ཏེ་བཏོན་བདའ་ཡི་ཟེར་ཨིན་མས་ལགས།
  • དམ་ཆོས། Damchoe ཏེ་དེ་ལས་མར་ གཏོང་ཆུ་ཟེར་མི་འདི་ཁར་ལྷོདཔ་ད་ལུ་ ཏེ་བྱག་སྦོམ་གཅིག་ཡོད་དེ་གིས་སྦེ་ ད་འ་ནཱ་ལམ་འདི་ ཏེ་བྱག་གི་རྩ་བ་ལས་ཕར་འགྱོ་དགོཔ་འབདཝ་ད་ ཏེ་བྱག་འདི་ཡར་མཐོ་དྲག་སྦེ་ ཏེ་ཡར་ལས་ཕར་ མཐོ་དྲག་སྦེ་ འ་ནཱི་སྦེ་བྱག་འདི་མར་བསྒུག་སུ་ཙམ་ཅིག་སྦེ་ཡོདཔ་འོང་ནི་མས་ལགས།
  • དམ་ཆོས། Damchoe ཏེ་འ་ནཱ་ལུ་ཁོ་གིས་ ཡར་གྱི་[གཉའ་བོ་ཞ་ལག་?]འདི་ ཡར་ཐོགས་ཏེ་གིས་སྦེ་ ཏེ་འ་ནཱི་སྦེ་ཐོགས་པའི་བསྒང་ལས་ དེ་ལས་མི་གིས་ མཇུག་ཁ་ལས་འཁརཝ་གིས་བརྡུང་ས་ལས་བརྡུངས་ ཏེ་ཕར་མགུ་ཏོ་ཐགཔ་ཁྱིད་མི་གིས་ཁྱིད་འབད་པའི་བསྒང་ལས་ ཏེ་འ་ནཱི་ཁོ་གི་[གཉའ་བོ་ཞ་ལག་?]འདི་ ཡར་བྱག་ཁར་ཐོགས་སྦེ་ ཏེ་དེ་ལས་འ་ནཱི་སྦེ་[སྦྱིག་?]བཀོ་ དེ་ལས་འ་ནཱ་ཁྲག་འདི་ཚུ་ ཡར་བྱག་ཁར་གཏོར་ཏེ་གིས་སྦེ་ ཏེ་ད་ལྟོ་བར་ཡང་ པར་སྦེ་ར་ཡོད་ཟེར་ཞུ་ནི་ལགས།
  • དམ་ཆོས། Damchoe མར་གཏོང་ཆུ་བྲག་ཟེར་མི་འདི་གི་རྩ་བ་ཨིན་ཟེར་ཞུ་ནི་ལགས། ཏེ་འ་ནཱི་སྦེ་ སྦོམ་ཆུང་གི་ལོ་རྒྱུས་སླབ་པ་ཅིན་ འ་ནཱི་སྦེ་ ཏེ་[གཉའ་བོ་ཞ་ལགས་?]འདི་ ཡར་བྱག་ཁར་ཐོགས་ཏེ་གིས་སྦེ་ར་ སྦོམ་ཆུང་འདི་འ་ནཱི་སྦེ་ར་སྡོད་ཡོདཔ་ཨིན་པས་ལགས།
  • དམ་ཆོས། Damchoe ཏེ་ད་རིས་ནངས་པར་གྱི་གཡག་བཟུམ་སྦེ་ མེན་ཟེར་ཨིན་མས་ལགས། གནམ་མེད་ས་མེད་གླངམོ་ཆེ་ལས་སྦོམ་སྦེ་ ཏེ་ཡོད་ཟེར་ཨིན་མས་ལགས། ཏེ་དེ་ལས་ འ་ནཱི་མར་ཤ་ནོར་སྦེ་ མགར་ས་ལུ་མགྱོགས་བདའ་ ཏེ་མར་མགར་ས་རྫོང་གི་རྒྱབ་ཁར་ ཏེ་བཏགས་བཞག་སྦེ་ ཏེ་ཐགཔ་གསུམ་སྦེ་བཏགས་བཞག་ཅི་ ཟེར་ཨིན་མས་ལགས།
  • དམ་ཆོས། Damchoe ཏེ་ཐགཔ་ཡར་རྭཝ་གུ་བཏགས་ ཨོལ་ལྐོག་གུ་བཏགས་ཐགཔ་གཉིས་ དེ་ལས་གཅིག་ མར་མཇུག་ཐག་སྦེ་བཏགས་ རྐངམ་ལགཔ་བཏགས་སྦེ་ ཏེ་མར་མཇུག་ལས་གཙོ་ཕུར་གདབས་ ཏེ་འ་ནཱི་སྦེ་བཏགས་བཞགཔ་ད་ དེ་ལས་འདི་གི་དྲོ་པ་འདི་གསད་ནི་སྦེ་ ཏེ་ཁོ་གསད་ནི་སྦེ།
  • དམ་ཆོས། Damchoe ཏེ་འབད་ ཤ་རོགསཔ་འདི་ཚུ་ དེ་ལས་གཡག་མགྱོགས་བདའ་མི་འདི་ཚུ་ ཏེ་མར་རྫོང་ནང་ལས་ ཏེ་མགར་ས་རྫོང་ཁག་ནང་ལས་ཆ་རོགས་འབད་མི་ ཏེ་མི་འདི་ཚུ་ག་ར་བཏོན་ གྲ་སྒྲིག་འབད།
  • དམ་ཆོས། Damchoe ཏེ་ཁོ་གསད་ནི་སྦེ་ དེ་ལསན་ཏེ་ འ་ནཱི་སྦེ་འབད་ ཁོང་བཞེས་གོ་ཟ་བར་འགྱོ་ ཏེ་བཞེས་གོ་ཟ་ས་ལས་ལྷོདཔ་ཅིག་ ཁོ་གསད་ནི་གི་དུམ་ཁ་ཨིན་མས་ལགས། ཏེ་འ་ནཱི་སྦེ་ དུས་ཚོད་ཀྲིག་ཀྲི་རནམ་ད་ ཁོང་བཞེས་གོ་ཟ་བའི་བར་ཏ་ནང་ ཐགཔ་འདི་ཚུ་ག་ར་ བཏོག་བཞག་སྦེ་ དེ་ལས་ཕར་མགར་ས་རྫོང་ཁག་གི་ཆུ་ཕར་ཁ་ ད་རིས་ཚྭ་ཆུ་གི་ལྟག་ལུ་ ཕྲང་སྟེ་སྦེ་ཕར་བལྟཝ་ད་ མཇལ་ཁ་ཡོད་ལགས།
  • དམ་ཆོས། Damchoe དེ་ལས་གཡག་ཤཝ་བ་ལ་གར་གྱི་ཁོ་ར་གི་སྤྲུལ་པ་འདི་ ཕར་རྡོ་ཕུག་སྦོམ་ཅིག་ལུ་སྤྲུལ་བཞག་ནུག་ཟེར་ ད་ད་རིས་མགར་ས་རྫོང་ཁག་ལས་ འ་ནཱི་སྦེ་ཕར་བལྟཝ་ད་ ཕར་ཀྲིག་ཀྲི་སྦེ་མཐོང་འོང་ལགས།
  • དམ་ཆོས། Damchoe ཏེ་ཕར་གྱི་ རྩྭ་འབྲོག་འདི་གི་མིང་ཡང་ གཡག་ཤཝ་བ་ལ་གར་གྱི་འབྱམ་འབྲོག་ཟེར་ འ་ནཱི་སྦེ་བརྩིསཝ་ཨིན་ལགས། མགར་ས་རྫོང་དང་གདོང་སྐོར་སྦེ་ ཏེ་འ་ནཱི་སྦེ་ཕར་ལས་ཚུར་ ཐང་དགའ་ཏོག་ཏོ་སྦེ་ སྤང་སྦེ་འ་ནཱི་སྦེ་ཡོད་ལགས།
  • དམ་ཆོས། Damchoe ཏེ་འ་ནཱི་གི་ཟེ་ཏོག་འདི་གུ་ར་ གཡག་ཁོ་ར་ཅོག་ར་འཐདཔ་སྦེ་ ཏེ་འ་ནཱི་སྦེ་སྤྲུལ་བཞག་ནུག་ལགས། ཏེ་ད་ལྟོ་བར་ཡང་ མི་གིས་རྩིས་བཀུར་འབད་མི་མེད་པར་ བདག་སྣང་བསྐྱེད་མི་མེད་པར་ འ་ནཱི་སྦེ་ཡར་སོངཔ་མས་ལགས།
  • དམ་ཆོས། Damchoe ཏེ་གཞན་ ཁོ་ར་ཅོག་རང་འཐདཔ་སྦེ་ ཏེ་སྒལ་ཏ་དང་ ཡར་གྱི་[གཉའ་བོ་ཞ་ལག་?]དང་ ཏེ་ཨོལ་ལྐོག་དང་ འ་ནཱི་ཚུ་ཁོ་ར་གཡག་ཅོག་རང་འཐདཔ་སྦེ་ར་ ཡར་སྤྲུལ་བཞག་སྦེ་ ཏེ་འ་ནཱི་སྦེ་ཕུར་ཡར་སོངཔ་མས་ལགས།
  • དམ་ཆོས། Damchoe ནཱ་ལས། དེ་ལསན་ཏེ་ མི་འདི་ཚུ་འོང་པའི་བསྒང་ལས་ གཡག་བྱང་ད་ ཏེ་ཐགཔ་འདི་མར་བཏོག་བཞག་ དེ་ལས་ལོག་འབད་བའི་བསྒང་ལས་ ཏེ་ཁོ་གི་སྤྲུལ་པ་འདི་ ཕར་གྱོན་བཞག་ནུག་ཟེར་ ཏེ་འ་ནཱི་གི་ངོ་རྟགས་འདི་ འ་ནཱི་སྦེ་ངོ་ཤེས་ནུག་ལགས།
  • དམ་ཆོས། Damchoe ཏེ་འ་ནཱ་ལས་ ཏེ་ད་དཀར་ན་འཕུར་ཡར་སོ་ཡི་ཟེར་ཨིན་མས་ལགས་ འགྱོ་ནི་འདི། ཏེ་ད་གཡག་ཤཝ་བ་ལ་གར་གྱི་སྐོར་ལས་ ཏེ་ད་ང་གིས་ ཁུངས་དང་དགོས་པ་ཟེར་རུང་ ཏེ་ང་བཅས་ཕམ་རྒན་ཤོས་ཚུ་གིས་སླབ་ས་ལུ་ དུམ་གྲ་ཅིག་གོ་འབདཝ་ད་ ད་འ་ནཱི་ཅིག་ལས་བརྒལ་ཏེ་ ང་གིས་ ཏེ་མི་ཤེས་པས་ ཟེར་ཞུ་ནི་ལགས། ཨེ་ཧེ་ཧེ་ཧེ་་་་་་།། །།