Skip to main content Skip to search
20 Jun 2018
6 min 6 sec
Video Overview
Creators: 
Duptho, Sonam Chophel

Tshewang Jamtsho, a villager from Phongmey, Tashigang, shares the oral history of his village, Yabrang. He says that there is no written history of their village, and all he knows is what is been transmitted orally from his grandparents. It is believed that the village was blessed by the descendants of the great King Songtsen Goenpo of Tibet. It is said that his descendants visited their village, and after that different places were named accordingly. Another person who blessed their village is said to have been Zhemkhar Jamtsho, who was a strong man who resided in their village and named nearly all places with names ending in “-khar,” including Dungkhar, Tsangkhar, Tsenkhar, Kangkhar and Jangkhar. 

 

བཀྲིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ལས་འབད་མི་ ཚེ་དབང་རྒྱ་འཚོ་གི་ ཁོརའི་གཡུས་ ཡབ་རང་ཟེར་མའི་ སྐོར་ལས་ ངག་ཐོག་ལས་བཤདཔ་ ཨིན་མས། ཁོ་གི་ སླབ་མི་ནང་ ཁོ་རའི་གཡུས་ཀྱི་སྐོར་ལས་ ཡིག་ཐོག་ལུ་ འབྲིས་བྲིཝ་མེདཔ་ལས་ ངག་ཐོག་ལུ་ ཕམ་རྒས་ཤོས་ཀྱི་ གསུངས་མི་རྐྱངམ་གཅིག་ ཡོད་ཟེར་ཨིན་མས། གཡུས་ཁའི་མི་ཚུ་གི་ ཁོང་རའི་ གཡུས་འདི་ བོད་ཀྱི་རྒྱལ་པོ་ སྲོང་བཙན་སྒོམ་པོ་གི་ བྱིན་གྱིས་རླབས་ཏེ་ ཡོད་ཟེར་ ཡིད་ཆེས་དོ་ ཡོདཔ་མས། དེ་མ་ཚད་ དེའི་ཤུལ་ལས་ ཁོ་གི་ བརྒྱུད་པ་ཚུ་ ལེ་ཤ་ར་འབྱོན་ཏེ་ ས་གནས་དང་འཁྲིལ་ མིང་མ་འདྲཝ་བཏགས་ནུག། དེ་ལས་ དོ་རུང་ཞེམ་ཁར་རྒྱ་འཚོ་གི་ཡང་ བྱིན་གྱིས་རླབས་ ཡོད་ཟེར་ཨིན་མས། མི་འདི་ གཡུས་དེ་ནང་གི་ སྟོབས་ཤུགས་ཅན་གཅིག་ ཨིནམ་ལས་ གཡུས་འདི་ནང་གི་ ས་གནས་ མང་ཤོས་རང་ ཁར་ ཟེར་མི་མིང་འདི་གི་ མཇུག་བསྡུཝ་ཨིན་མས དེ་ཡང་ དུང་ཁར་ རྩང་ཁར་ རྩེན་ཁར་ རྐང་ཁར་ དང་ བྱང་ཁར་ ཚུ་ཨིན་མས།

 

Transcript search
No results found for this search
0 of 0
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ལགས་སོ་ ད་ནཱ་ ང་གིས་ འ་ནཱི་ཡབ་རང་གི་སྐོར་ལས་ལོ་རྒྱུས་ ལོ་རྒྱུས་ཆུང་ཀུ་ཅིག་ཞུ་བ་ཅིན་ མ་གཞི་ང་གིས་གནམ་མེད་ས་མེད་རྣམ་ཅོ་གོ་གོཝ་ཅིག་མེད་ཟེར་ཞུ་ནི། ཨིན་ཏེ་ར་འབད་རུང་ དང་པ་རང་ང་རའི་ངོ་སྤྲོད་འབད་བ་ཅིན་ ནཱ་ཡབ་རང་ཟོར་ལས་ ང་ཚེ་དབང་རྒྱ་མཚོ་ ངེའི་མིང་ཚེ་དབང་རྒྱ་མཚོ་ཟེར་སླབ་ཨིན་ལགས། ནཱ་ ད་ཡབ་རང་གི་སྐོར་ལས་ ཧེ་མ་ ཡེམ་མཁར་རྒྱ་མཚོ་ཟེར་ གཅིག་སྡོད་སྡོདཔ་ཨིན་མས་ལགས།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ང་བཅས་ར་ནཱ་ལུ་འགོ་དང་པ་རང་ཁོ་གིས་ གཞི་བཅགས་ཏེ་ ཁོ་འདི་ ཡེམ་མཁར་རྒྱ་མཚོ་ཟེར་ གནམ་མེད་ས་མེད་མིང་གཏམ་ཅན་ཅིག་ རྟ་ནོར་སེམས་ཅན་ག་ཅི་རང་ཨིན་རུང་ ཏེ་ཕྱུགཔོ་ རྒྱུ་སྟོབས་སྦོམ་ གནས་སྐབས་སྦོམ་ གནམ་མེད་ས་མེད་ཁེ་ཀོ་ཡང་སྦོམ་གཉའ་རྒོད་བཟུམ་ཅིག་ ཁོ་འདི་བཟུམ་ ཏེ་ནཱ་ལུ་བཞུགས་ཏེ་སྡོད་ནུག་ཟེར་ཞུ་ནི་ལགས།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ཏེ་འ་ནཱི་ཡང་ ཏེ་ནཱ་ཡེམ་མཁར་རྒྱ་མཚོ་ཟེར་ མཁར་མཁར་ཟེར་ད་ལྟོ་ནཱ་ གདུང་མཁར་ གཙང་མཁར་ བཙན་མཁར་ ཀེང་མཁར་ཟེར་ ཁམས་མཁར་ བྱང་མཁར་ཟེར་ཐོབ་མི་ག་ར་ མ་པ་ང་བཅས་ཀྱིས་རྣམ་ཅོ་གིས་གོ་གོཝ་ རོགས་དང་ཕུའི་ཕམ་ཚུ་གིས་གསུང་གྲོས་མཛད་མི་ ཉན་བལྟཝ་ད་ལུ་ ཏེ།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    དང་ཕུ་བོད་ཀྱི་རྒྱལ་པོ་ སྲོང་བཙན་སྒམ་པོ་ སྤྱན་རས་གཟིགས་ཀྱི་སྤྲུལ་པ་ ཁོ་གནམ་མེད་ས་མེད་རིགས་རྒྱུད་བཟང་པོ་ ཁོའི་རྒྱུད་པ་ཚུ་ག་ར་ འཛམ་གླིང་ལུ་གར་ཁྱབ་འགྱོ་བའི་སྐབས་སུ་ལུ་ ཏེ་འ་ནཱི་ཁོ་ར་གི་ ཏེ་སྐུ་འཁོར་དང་བཅསཔ་ག་ར་ཕར་ཚུར་ སྐུ་འཁོར་ཚུ་ག་ཏེ་ཁྱབ་སར་ མཁར་ཟེར་ མིང་བཏགས་ཟེར་ འདི་བཟུམ་ གསུངས་གནངམ་ལས་རྟེན་ཏེ།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ད་ལྟོ་ གདུང་མཁར་ བཙན་མཁར་ གཙང་མཁར་ ཀེང་མཁར་ཟེར་ འདི་བཟུམ་མཁར་མཁར་ཟེར་ ཡེམ་མཁར་ ཏེ་ཁམས་མཁར་ བྱང་མཁར་ཟེར་སླབ་མི་ག་ར་དེ་སྦེ་ཨིན་མས་ཟེར་ ཁོང་ འདི་བཟུམ་མའི་གནས་བཏང་ ཕམ་ཚུ་འདི་བཟུམ་སྦེ་ ཨ་ཙི་ཅིག་བློ་སླབ་སྟེ་ ཁོང་འདི་བཟུམ་མའི་གསུང་གྲོས་མཛད་དེས་ཟེར་ཞུ་ནི་ཨིན། མ་གཞི་གནམ་མེད་ས་མེད་ ང་བཅས་ལུ་ཡང་ཉམས་མྱོང་ཅིག་འདི་མེད།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ཨིན་ཏེ་རང་འབད་རུང་ ད་ཡེམ་མཁར་རྒྱ་མཚོའི་ཐད་ཁར་ལྷོདཔ་ད་ལུ་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་གི་ད་ལྟོ་ཡང་མར་ ཕོ་བྲང་གཅིག་ཡོད་ཟེར་ཞུ་ནི་ལགས། ཏེ་ང་བཅས་ཀྱིས་ད་ལྟོ་ ད་རེས་ནངས་པར་འདི་ མགུ་ཏོ་བཏོག་སྟེ་ མོད་ཐང་ཟེར་སླབ་ཨིན་ལགས། མོད་ཐང་ཟེར་ས་ ཡབ་རང་གི་མཇུག་ལུ་ མོད་ཐང་ཟེར་ ཐང་སྦོམ་གཅིག་ཡོད་ཟེར་ཞུ་ནི་ལགས།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    འ་ནཱི་འདི་ དང་ཕུ་ཡེམ་མཁར་རྒྱ་མཚོ་ ཁོ་བཞུགས་པའི་སྐབས་སུ་ལུ་འདི་ མོད་ཐང་ཟེར་མེན་པར་ སྨད་ཐང་ཟེར་སླབ་ཨིན་མས་ཟེར་ཞུ་ནི་ལགས། སྟོད་སྨད་ཟེརཝ་ད་ མར་གྱི་འདི་ སྨད་སྨད་ཐང་ཟེར་ དེ་ལས་ཡར་ལྟ་འདི་ ང་བཅས་ར་ནཱ་ཡབ་རང་ལུ་འདི་ སྟོད་ཟེར་བརྩིས་བརྩིསཝ་ཨིན་མས་ཟེར་ཞུ་ནི་ལགས། ཏེ་ཡབ་རང་ཟེར་སླབ་དགོ་པའི་ཁུངས་ག་ཅི་སྨོ་ཟེར་བ་ཅིན།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ད་ ཁོ་གིས་ནཱ་ལས་ བང་ཟེར་མི་འདི་ ཁོ་གིས་བང་ཡི་ཟེར་ ཡར་ཟེར་བ་ཅིན་ ཡར་ལས་མར་ལྟ་རང་ བང་ཡི་ཟེར་ ཡང་ན་ཟེར་བའི་བློ་ཅིག་ཨིན་ན་ ག་ཅི་ཨིན་ན་ ང་བཅས་ཀྱིས་ཡང་འ་ནཱི་ ཁུངས་བཀལ་མི་ཚུགས་པས་ཟེར་ཞུ་ནི། ཡར་ཟེར་མི་འདི་ ཏེ་ད་དག་པའི་ཁ་འབད་བ་ཅིན་ ཡར་ཟེར་བ་ཅིན་ ཡར་རང་ཨིན་མས་ ཡར་ལས་མར་རང་བང་ཡི་ཟེར་ ཁོ་གིས་འ་ནཱི་བངམ་ལས་བརྟེན་ཏེ་ ཡར་བང་ཟེར་ཐོབ་ཐོབ་ཅིག་ཨིན་མས་ ཟེར་ཞུ་ནི་ལགས།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ཏེ་འདི་གི་ནང་ལས་ཡང་ ད་ཡབ་རང་ནང་ན་ དེ་ཅིག་གི་ སྤྱིར་བཏང་གི་ཡབ་རང་ཟེར་ཐོབ་ཨིན། འ་ནཱི་ནང་ལས་ཡང་ དོ་རུང་ དུང་མཇུག་ཀ་ཟེར་ ཟོར་ག་ཟེར་ ཟོར་རྒྱབ་ཟེར་ སྒབ་ཆ་སྤང་ཟེར་ དེ་ལས་ དུང་སིང་མ་ཟེར་ ཕྲཱང་ག་དུང་ཟེར་ དེ་ལས་ནཱ་ བར་དགོན་པ་ཟེར་ གོང་ལམ་ར་ག་ཟེར་ ཨ་ནཱ་ལས་ཡར་ལྟ་འགྱོཝ་ད་ལུ་ ཡར་དགོན་པའི་སྟོད་ལུ་རང་ འ་ནཱི་དགོན་པ་ལུ་འདི།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ཨོམ་ཤ་སྒྲོལ་མ་ཟེར་ དེ་སྦེ་སླབ་ཨིན་ཟེར་ཞུ་ནི་ལགས། དེ་ལས་ཨོམ་ཤ་སྒྲོལ་མ་ལས་ཡར་ལྟ་འགྱོཝ་ད་ལུ་ ཏེ་ས་ཡུང་ཟེར་སླབ་ཨིན། དེ་ལས་ས་ཡུང་ལས་ཡར་ལྟ་ རྒྱལ་ཕུ་དུང་ཕུ་ཟེར་ ང་བཅས་རའི་དབང་ཕུ་ཟེར་ སྐྱེས་ལྷ་སྐྱེ་བཙན་ཚུ་ག་ར་ འ་ནཱི་ནང་ན་ ང་བཅས་ཆ་ཁྱབ་ཀྱི་ཡོད་ཟེར་ཞུ་ནི་ལགས། དེ་ལས་ནཱ་ མར་འབད་བ་ཅིན་ ཏེ་ཇོམོ་ཚེ་རིང་ལྷ་མོ་ཟེར་ ཕར་ཤར་ཁ་ཐུག་འབད་བ་ཅིན་ མེས་མེས་ར་གླང་ཟེར།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ཁོ་ ར་གླང་ཟེར་མི་འདི་ རང་བཞིན་གྱིས་ ཧེ་མ་ལས་རང་ ས་བཅགས་གནམ་བཅགས་སྐབས་ལས་རང་སྐྱེས་སྡོད་སྡོདཔ་འབདཝ་ལས་བརྟེན་ ར་གླང་ཟེར་ཞུ་ཞུཝ་འདྲས་ ཟེར་ཞུ་ནི་ལགས། དེ་ལས་འ་ནཱི་ ཡེམ་མཁར་རྒྱ་མཚོ་དང་ བྱང་མཁར་རྒྱལ་པོ་ཟེར་ འ་ནཱི་ རྡོ་རོང་ལས་ཕ་ཀི་ལོགས་ སྦིས་དུང་རྒེད་འོག་ཟེར་གཅིག་ཡོད་ལགས།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ད་རུང་ ཕར་རང་འབྱུང་ལས་ཡར་ད་ལྟོ་ རང་འབྱུང་ལུ་རིན་པོ་ཆེ་གིས་འབད་ ཁོ་ར་ཕར་ སྒྲུབ་གྲྭ་པ་དང་ འ་ནཱི་སྐུ་མཚམས་ལུ་བཞུགས་མི་ཚུ་ག་ར་ འ་ནཱི་ བྱང་མཁར་རྒྱལ་པོའི་ཕོ་བྲང་ལུ་བཞེངས་ནུག ཟེར་ཞུ་ནི་ལགས། ཏེ་དེ་ལས་འ་ནཱི་བྱང་མཁར་རྒྱལ་པོ་དང་ ནཱ་ཡེམ་མཁར་རྒྱ་མཚོ་ ཕོངས་མེད་ལུ་འབད་བ་ཅིན་ ཁམས་མཁར་མཁོ་ཆེ་ཟེར་ ཁོང་གཉའ་རྒོད་ཡང་གཉའ་རྒོད་ གནམ་མེད་ས་མེད་ཕྱུགཔོ་ དེ་ལས་ད་རུང་ ཕིམ་སོང་ལུ་ དུད་པའི་མཚོ་ཟེར་ས་ལུ་ ཕྱུགཔོ་སྤྱ་གདོང་ཟེར།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ཁོང་བཞི་ འ་ནཱི་བཟུམ་འགྲན་བསྡུར་འབདཝ་འབད་ས་རང་བཞུགསཔ་ཨིན་ ཟེར་ཨིན་མས་ལགས་དང་ཕུའི་གཏམ་འབད་བ་ཅིན་ ཏེ་ང་བཅས་རའི་ནཱ་ ཡེམ་མཁར་རྒྱ་མཚོ་གི་ ཁོ་རའི་རྟ་ནོར་སེམས་ཅན་ཚུ་བཏངམ་ད་ ནཱ་འགོ་འདི་ཕར་ ཕོངསཏ་མེད་ཀྱི་ཁམས་མཁར་མཁོ་ཆེ་གི་ གཟིམ་ཅུང་ལུ་ལྷོད་རུང་མཇུག་འདི་ ཁོ་རའི་ནཱ་ ཡེམ་མཁར་གྱི་རྒྱ་མཚོའི་ཕོ་བྲང་ལས་བཏང་མི་ཚར་ཟེར་ཨིན་མས་ལགས།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ད་ ཕར་ལས་ ཁམས་མཁར་མཁོ་ཆེ་གི་ འདི་བཟུམ་སྦེ་ ཁོའི་རྟ་ནོར་སེམས་ཅན་ ཚུར་བརྡ་འོངམ་ད་ ཁོ་རའི་ འགོ་འདི་ནཱ་ ཡེམ་མཁར་རྒྱ་མཚོའི་ཕོ་བྲང་ལུ་ལྷོདཔ་ད་ ཕར་ལས་མཇུག་འདི་ ཁོ་རའི་ ཕར་ ལྟག་ཀོ་ལས་ བ་གླང་སེམས་ཅན་ཚུ་བཏང་མ་ཚར་བར་ ད་ འདི་བཟུམ་མས་ལེ་ཤཱ་ཡོད་ཟེར་བའི་འདི་བཟུམ་ལོ་རྒྱུས་ཅིག་སླབ་མས་ལགས།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ད་ ནཱ་ལས་ཕར་ལྟ་ ཕྱུག་པོ་སྤྱ་གདོང་གི་ཡང་ འདི་བཟུམ་ བ་གླང་སེམས་ཅན་ དེ་ལས་ཕར་ བྱང་མཁར་རྒྱལ་པོ་ཟེར་མི་གི་ ཏེ་འ་ནཱི་བཟུམ་གནམ་མེད་ས་མེད་འགྲན་བསྡུར་འབདཝ་འབད་སར་ཁོང་ཚུ་ གཅིག་གིས་གཅིག་བཅོམ་ནི་གི་དཔའ་བཅམ་ད་ ཉིནམ་གཅིག་འབདཝ་ད་ བྱང་མཁར་རྒྱལ་པོ་དང་ ཕྱུག་པོ་སྤྱ་གདོང་ ཁམས་མཁར་མཁོ་ཆེ་ ཁོང་གསུམ་འབད་ ནཱ་ཡེམ་མཁར་རྒྱ་མཚོ་བཅོམ་ནི་སྦེ་འོང་ནུག་ ཟེར་ཨིན་མས་ལགས།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ཏེ་དེ་འབདཝ་ད་ལུ་ ཏེ་ཁྱིམ་ནང་ ཡེམ་མཁར་རྒྱ་མཚོའི་ཨམ་འདི་ ཀེབ་བཏང་སྒྲིལ་ཏེ་སྡོད་ནུག་ ཟེར་ཨིན་མས་ལགས། ཏེ་ཀེབ་བཏང་སྒྲིལཝ་ད་ ག་དེམ་ཅིག་སྒྲིལ་ནུག་ཟེར་བ་ཅིན་ ཧ་ལམ་ ཙེའུ་ ལྔ་དེམ་ཅིག་སྒྲིལ་ཏེ་འདུག་ ཟེར་ཨིན་མས་ལགས། ཙེའུ་ཟེརཝ་ད་ ད་ལྟོ་ ཚར་གྱིས་འཐག་འཐགཔ་གི་ ཙེའུ་ཟེར་འ་ནཱི་རེ་སྦོམ་འོང་ལགས། འ་ནཱི་བཟུམ་ལྔ་དེམ་ཅིག་སྒྲིལ་ཏེ་སྡོདཔ་ད།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ཏེ་ཁྱེད་འ་ནཱི་འདི་ ཏེ་ག་ལུ་རང་བྱིན་ནི་སྨོ་ མི་ག་དེམ་ཅིག་ཡོད་ཟ་མི་ཟེར་ ཁོང་གསུམ་གྱིས་དྲིས་དྲིཝ་མས་བྱང་མཁར་དང་ ཕྱུག་པོ་སྤྱ་གདོང་ ཁམས་མཁར་མཁོ་ཆེ་ཁོང་གསུམ་གྱིས་དྲིསཝ་ད་ལུ་ ཏེ་ངེའི་རྨགཔ་གཅིག་གིས་ཟཝ་ཨིན་ཟེར་ ཡེམ་མཁར་རྒྱ་མཚོ་གཅིག་གིས་ཟཝ་ཨིན་ཟེར་ དེ་སྦེ་སླབ་ད་ དབའེ་ ང་བཅས་གསུམ་གྱིས་གླགས་འཁེལ་མི་ཚུགས་ནི་མས། ཁོ་གནམ་མེད་ས་མེད་ཁེ་ཀོ་ཡོད་མི་ཅིག་ཨིན་མས་ཟེར།
  • ཚེ་དབང་རྒྱ་མཚོ་ Tshewang Jamtsho
    ཁོང་ཚུ་ལོག་སྟེ་ ཡར་སོ་ཡི་ཟེར་ཨིན་མས་ལགས། ཏེ་འ་ནཱི་བཟུམ་གྱི་ལོ་རྒྱུས་འདི་ ཡེམ་མཁར་རྒྱ་མཚོ་ཟེར་ མིང་གཏམ་ཡོད་མི་ཅིག་ ང་བཅས་ར་ནཱ་ འདི་བཟུམ་ཅིག་དང་ཕུ་ ཁོ་སྡོད་སྡོདཔ་ཨིན་མས། ཁོ་གིས་འབད་བང་སྟེ་ དེ་ལས་ ཡར་བང་ཟེར་ ཁོ་གིས་བང་བངམ་འབད་ནི་དེ་གིས་ ཡར་བང་ཟེར་ཐོབ་ནུག་ཟེར་ཞུ་ནི་ལགས། ལགས་སོ། བཀའ་དྲིན་ཆེ་ལགས། དེམ་ཅིག་ཨིན།། །།