Skip to main content Skip to search
23 Aug 2018
7 min 2 sec
Video Overview
Creators: 
Nelson Walker
Transcript search
No results found for this search
0 of 0
  • ཚེ་དབང་ Tshewang
    ཝང་འབྲུག་རྒྱལ་ཟེར་མི་འདི་ ཁོ་ ཨིན་ཡང་ཝང་གི་མི་ཨིན་མས་ ཏེ་ ཁོ་ མཁས་པ་རང་འབད་དེ་ ཏེ་ ཕྱི་ལྟ་བ་ཅིན་ ཝང་འབྲུག་རྒྱལ་ཟེར་ ང་བཅས་ར་མི་གནགཔ་བཟུམ་ཅིག་ ནང་འབད་བ་ཅིན་ ཁོ་ ནང་ན་གི་འདི་ ཏེ་ ཨ་ནཱི་སེམས་ཀྱི་ནང་ན་གི་རྟོགས་པ་འདི་ ལྟ་བ་ཅིན་ཏེ་ ད་རེས་འབད་པ་ཅིན་ ཁོ་ སངས་རྒྱས་བཟུམ་ཅིག་ཨིན་དོ་མས་བ་ གུ་རུ་རིན་པོ་ཆེ་བཟུམ་ཅིག་ ཏེ་ འ་ནཱི་ཨིན་དགོ་མི་འདི་ དང་ཕུ་ང་བཅས་ མར་ ཨ་མར།
  • ཚེ་དབང་ Tshewang
    གྱོམ་དོ་ལས་ལོག་སྟེ་ ད་ལྟོ་ ད་ཅི་ཞུ་དོ་བཟུམ་ གྱོམ་དོ་ལུ་ ཁོ་ མར་གྱོམ་དོ་འོངམ་ཨིན་མས་ལགས་ཁོ་གི་གཡུས་འདི་ ད་ལྟོ་ཡང་གྱང་ཤུལ་དེ་སྦེ་རང་འདུག་ ཏེ་ འ་མར་སྡོདཔ་ད་ ཁོ་གིས་ འ་ནཱི་ས་ཅིག་བཙོང་བཙོངམ་ཨིན་ཟེར་ཨིན་མས་བ་ ས་བཙོངམ་ད་ ཏེ་ ས་འདི་ བཙོང་དཔ་ཨིན་ ཏེ་ ཁོ་ ས་འདི་བཙོང་ ས་འདི་ལེན་འབད་སྦེ་ ཏེ་ ཁོ་ཞིང་གི་སྦུག་ལུ་རྡོ་ཡོདཔ་ཨིན་ཟེར་ཨིན་མས་བ་ལགས། འ་ནཱི་རྡོ་ཡོད་ཞིན་ན་ ཏེ་ རྡོ་འདི་གུ་ལུ་ ཏེ་ ས་ཨ་ཙི་རེ་ཡོད་དོཝ་མས།
  • ཚེ་དབང་ Tshewang
    ཏེ་ ཉིནམ་ད་རེས་ཡང་ ར་འདི་ཁྱིད་ ཁོ་རྡོ་འདི་གུ་བཏགས་བཞག་ རྡོ་འདི་སྒལ་གུ་རྐྱབ་རྐྱབ་པའི་ བྱཱ་འདི་པུ་ར་(ག་ར) ར་འདི་གིས་ཟ་ རྟག་བུ་ན་བུ་རང་ འ་ནཱི་སྦེ་བཏགས་སྡོད་ཞིནམ་ལས་ ཏེ་ ལོ་དུས་ཅི་འདི་ ཁོ་གིས་ ཏེ་ བཟོད་པ་བསྒོམས་སྡོད་ནུག་ ཏེ་ ཐོག་ག་ཅི་བཏབ་རུང་ ཨ་ནཱི་རྡོ་སྒལཔ་གུ་རྐྱབ་རྐྱབ་འདི་ འ་ནཱི་སྦེ་རང་ཟ་སྡོད་ཞིནམ་ལས་ ཏེ་ དེ་ལསནི་ འ་ ས་ཉོ་མི་འདི་གིས་ སླབ་སླབ་འདྲས་ ཝང་འབྲུག་རྒྱལ་ལུ་ དབའི་ ཁྱོད་ཀྱི་ཞིང་འདི་ང་ལུ་བཙོང་ད་ཡི།
  • ཚེ་དབང་ Tshewang
    ཏེ་ ཁྱོད་ར་འདི་ ཡར་རང་བཏགས་ཁོ་རེ་ ཏེ་ ག་ཅི་སྨོ་ ཁྱོད་ ཏེ་ ང་ལས་ས་རིན་ལེན་ཆི་ཡི་ཟེར་སླབ་ད་ ཏེ་ ཝང་འབྲུག་རྒྱལ་གྱིས་ ཏེ་ ཁོ་ལུ་སླབ་ནུག་མེན་ན་ལགས་ ང་ས་འདི་བཙོང་དཔ་མམ་ ང་རྡོ་འདི་ཁྱོད་ལུ་མ་བཙོང་ཟེར་ རྡོ་འདི་ང་རང་ར་སྡོད་ཡི་ཟེར་ ང་ཁྱོད་ལས་རྡོ་འདི་མ་ལེན་ས་འདི་ཨིན་ཟེར་ ཏེ་ རྡོ་ཉོ་དགོཔ་མེད་བུ་ཟེར་ ས་དང་རྡོ་སྦྲགས་དགོ་ཟེརཝ་ད་ ས་དང་རྡོ་འདི་མིང་སོ་སོ་ཨིན་ཟེར་ འ་ནཱི་འབད་ཞིནམ་ལས་ དབའི་ ཁོ་རེ་ཁྱོད་མི།
  • ཚེ་དབང་ Tshewang
    ག་མེན་གུ་མེན་གཅིག་ཨིན་མས་ཟེར་ ཏེ་ དེ་སྦེ་མེན་པས་ དེ་སྦེ་འབད་བ་ཅིན་ ད་ ཁྱོད་ར་རྡོ་འདི་ཡང་ལེན་ཤིག་ཟེར་ ཏེ་ རྡོ་འདི་ཡང་སྤྲོད་འབད་སྦེ་ ཏེ་ འབད་དགོ་མི་འདི་ ད་ ད་རེས་ནངས་པ་ ང་བཅས་རྡོ་བཙོང་ རྡོའི་གོང་ག་དེ་སྦེ་ཐོབ་སྟེ་ཡོད་ལགས་ དང་ཕུ་ ཏེ་ ང་བཅས་སྐབས་ལུ་ ང་བཅས་རྡོ་བཙོང་ནི་རང་མེད་ ཏེ་ ད་ཏེ་ རོགས་ལུང་བསྟན་གྱིས་སྦེ་འབབས་ རྡོ་ཡང་ ཏེ་ད་ བྱག་ཅིག་གཏོར་ཆི་རུང་ ཆོག་ཐམ་བཏོག་ རང་གིས་ གཞུང་གིས།
  • ཚེ་དབང་ Tshewang
    ཕར་དང་ཚུར་རྒྱལ་ཏེ་སྦེ་ བྱག་ཅིག་ཐོབ་ཆི་རུང་ཡང་ དནི་ཏེ་ ག་ཅི་ཟེར་བ་འདི་ ས་བ་བྱག་དགའ་བས་ ཏེ་ འ་ནཱི་བཟུམ་སྦེ་ ཏེ་ འ་ནཱི་ཚུ་ ཝང་འབྲུག་རྒྱལ་གྱིས་ སྟོན་སྟོནམ་མས་ལགས་མར་ལུ་ ཏེ་ འ་མར་ གྱོམ་དོ་འོགམ་ ད་ལྟོ་ཁོ་གི་ ཁྱིམ་འདི་གི་ མི་ནཱ་ལུ་ ང་བཅས་ནཱ་སྦྱི་མེད་རོང་ཆུ་ལས་ འགྱོ་སྟེ་གིས་སྦེ་ ཆུ་གཅིག་ཡོདཔ་ ཐོབ་དོ་མས་ལགས་ ཁོ་འབད་ས་ལུ་ མར་གྱི་ཁོ་གི་གཡུས་འདི་ནང་ལུ་ ཆུ་འདི་ནཱ་ལས་ཕར་ཡང་ ཆུ་འདི་མར་ཐོབ།
  • ཚེ་དབང་ Tshewang
    ཏེ་ ཆུ་འདི་ ཁོ་ལུ་ མི་ནཱ་ལུ་ དཀའ་སྡུག་ཆེ་སུ་ཅིག་ཡོདཔ་མས་ ཕར་ ཁ་རི་ཕུག་ཡོད་མི་ནང་ལས་ཚུར་འབད་ ཆུ་ཅིག་སྟེ་ ཝང་འབྲུག་རྒྱལ་རྐྱང་རྐྱང་ཡར་ལོངམ་ཟེར་ འ་མི་ནང་རྐྱང་རྐྱང་ཡར་ལོངམ་འབད་དགོ་མི་འདི་ མ་པ་ལས་རང་ཆུ་ ཁ་ཡར་བསྐྱེལལ་བསྐྱེལཝ་མེན་པ་འབད་ཞིན་ན་ ཕར་ལས་ཚུར་ཁ་རི་ཕུག་ཡོད་མི་ནང་ལས་ ཆུ་ཨ་ཡར་ གྱོམ་དོ་ལུ་བཏོན་ནུག་བ་ཏེ་ ཁོ་གིས་ ཆུ་འདི་འ་ནཱི་ཡར་སྟོན་ཞིནམ་ལས།
  • ཚེ་དབང་ Tshewang
    ཏེ་ ཁོ་གིས་ ཆུ་འདི་ཡར་བཏོན་དགོ་པས་ཟེར་འབདཝ་ད་ ཁོ་ཁྱུང་བདུད་བཏུལ་ཚུགས་པའི་ མི་ཨིན་མས་ མས་ལགས་ ཁྱུང་བདུད་ཟེར་མི་འདི་ འོ་སྦལ་ལ་གི་ཨིན་མས་བ་(?) ཏེ་ ཁྱུང་བདུད་ ཏེ་ ཁྱུང་བདུད་དང་ཁོ་ ལྟོ་ཚང་ཕྱེད་ ཏེ་ ཆུ་འདི་ཡར་བཏོནམ་ད་ ཁྱུང་བདུད་ལུ་ ཏེ་ ཁོ་གིས་ ཁོ་ གཡུར་བ་ལྟག་ལས་འགྱོ་ ཝང་འབྲུག་རྒྱལ་གྱིས་ ཆུ་འདི་གཡུར་བ་འོག་ལས་བཏང་འབད་སྦེ་ ཁྱོད་ར་ཆུ་མར་བཏང་མ་ད་ཤིག་ ང་ཡར་མི་བཏང་ཟེར་ ཏེ་ འ་ནཱི་ཁ་རི་ཕུག་ལུང་པའི་ནང་ལས།
  • ཚེ་དབང་ Tshewang
    ནམ་ནངས་ནངས་ ཚུར་ཁོ་ཞིང་ཁར་བཏོནམ་ཨིན་ལོ་ལགས་ ཏེ་ ཝང་འབྲུག་རྒྱལ་རྐྱང་རྐྱང་ཡར་ལོངམ་ཡར་ལོངམ་ཟེར་མི་འདི་ འ་མི་ནང་ཨིན་མས་བུ་ལགས་ དེ་འབདཝ་ད་ ང་གིས་ཤེས་ཏེ་རང་ འ་མི་ནང་ལུ་ འ་མི་ནང་གི་ས་འདི་མིང་དེ་ རྡོ་ཆལ་དཀར་མོ་ཟེར་སླབ་ཨིན་ལགས་ ད་ལྟོ་འ་མི་ནང་ལུ་ འ་ནཱི་སྦེ་ ནེམ་ མ་འདྲཝ་གཅིག་ཡང་ཡོད་ ཨམ་གླུན་པོ་བཟུམ་སྦེ་ འ་ནཱི་སྦེ་ མཆོད་རྟེན་མ་འདྲཝ་གཅིག་ཡང་།
  • ཚེ་དབང་ Tshewang
    འ་ནཱ་ལུ་ ཝང་འབྲུག་རྒྱལ་གྱིས་ རྐྱང་ཆུ་སྒོར་སུ་ཟེར་འདི་སྦེ་ རོགས་འ་ནཱ་ལུ་ ཝང་འབྲུག་རྒྱལ་གྱི་ཆུ་འདི་ ཁ་ཚུར་མར་གྱི་འདི་ ཁོའི་ཁྱིམ་ཚང་བཀལ་ཏེ་སྦེ་འདུག་ འ་ནཱ་ཁོ་རོ་ཁྱི་བལྟ་བཅུག་ རྡོའི་ལུང་འདུག་ཏེ་རོགས་ ཏེ་ ང་བཅས་མི་གིས་ ཏེ་ད་ འ་ནཱི་སྤོག་བཀོ་ད་ནུག་ ཏེ་ རྡོ་གི་བརྡུངས་ཏེ་ འ་ནཱི་སྦེ་ སྤོག་བཀོ་འབད་སྦེ་ ཏེ་ ཁོ་ཏེ་ དེམ་སྦེ་ ཏེ་ རོགས་ཁོ་ག་འབད་དགོ་མི་འདི་ ཏེ་ ཁྱུང་བདུད་ཀྱིས་ འབད་དོ་མས་བ་ལགས་ ཁྱུང་བདུད་ཀྱི་འབད་ འ་ནཱི་སྦེ་ ཏེ་ ཁོང་གཉིས་ལྟོ་ཚང་འབད་རང་སྡོད།
  • ཚེ་དབང་ Tshewang
    ཏེ་ ནམ་ཅིག་གི་ཚེ་ ཏེ་ད་ ཁོ་གིས་ ཝང་འབྲུག་རྒྱལ་གྱིས་སླབ་སླབ་འདྲས་ ཁྱུང་བདུད་ལུ་ དབའི་ ཏེ་ད་ ཞི་བ་སྦེ་འདི་མཇལ་ཡི་ ང་བཅས་གཉིས་ ཁྲོ་བོ་སྦེ་ཚར་གཅིག་མཇལ་གེ་མེན་ན་ཟེར་ སླབ་སླབ་མས་ལགས་ ཁྲོ་བོ་སྦེ་མཇལ་གེ་ཟེར་ སླབ་སོང་པ་གི་ དབའི་ མ་མཇལ་ ག་ཅི་འབད་ནི་ ད་ལྟོ་ཨ་ཙི་སྡོད་གེ་ཟེར་མས་ཨ་ ང་ཁྱོད་ཁྲོ་བོ་སྦེ་ཚར་གཅིག་མཇལ་རང་མཇལ་དགོ་པས་ ཁོ་རེ་ ཞིཝ་སྦེ་འདི་ མཇལ་ཡི་བ་ཏེ་ང་ ཁྲོ་བོ་སྦེ་ཚར་གཅིག་མཇལ་གེ་ཟེར།
  • ཚེ་དབང་ Tshewang
    ཁྲོ་བོ་སྦེ་མཇལཝ་ད་ ཏེ་ ད་ལྟོ་གླངམ་དྲུག་ཡོད་བུ་ལགས་ འ་ནཱ་གླངམ་དྲུག་གི་གུ་ལས་ཚུར་སྦེ་ ཏེ་ ཁོ་སླབ་ནུག་ ཏེ་ ནངས་པ་གནངས་ཚེ་ དུས་བཟང་གཅིག་ལུ་ ཏེ་ ཚེས་བརྒྱད་འབད་རུང་བཅོ་ལྔ་འབད་རུང་ འ་ནཱི་སླབ་ནུག་ ཏེ་ད་ ཐེ་རི་བ་རི་ འ་ནེམ་ཅིག་ཚུན་ཚོད་ དུས་བཟང་གཅིག་ལུ་ ཁྱོད་ར་ ང་འ་ནཱི་ཚེ་འཐོན་འོང་ ཕར་ལས་ཚུར་ལཱ་དང་སྦྲགས་འཐོན་འོང་ ཁྱོད་རང་ཁྱིམ་ཐོག་གུ་སྡོད་འབད་སྦེ ཏེ་ མེན་སྒྱེས་གཅིག་འབག
  • ཚེ་དབང་ Tshewang
    ལྟོ་དཀརཔོ་པའི་ མེན་སྒྱེས་གཅིག་བཟོ་ད་ནཱ་ ཨོ་བཤད་(?) གཅིག་བཟོ་འབད་སྦེ་ ཁྱིམ་ཐོག་གུ་འཛེག་སྡོད་སྨ་རེ་ ང་གླང་དྲུག་གི་གུ་ལས་ཚུར་ སྐེདཔ་འདི་བྱ་ མགུ་འདི་གླང་ མཇུག་འདི་སྦུལ་སྦེ་འཐོན་མྱོང་འོང་ཟེར་ ཁོ་ཁྱིམ་ཐོག་གུ་ ཁོ་ཡང་ཧ་དྲགཔ་འདྲས་ ཁྱིམ་ཐོག་གུ་འཛེག་བསྒུགས་ཏེ་རང་སྡོད་པ་འོང་ནི་རང་མིན་འདུག་ཟེར་མས་ལོ་ དབའི་ ད་རེས་ཁོ་ཤོབ་འདྲས་སྨ་རེ་ ང་ཁོ་ཁྲོ་བོ་སྦེ་མི་མཇལ་ནི་འདྲས་ཟེར་མནོཝ་ད།
  • ཚེ་དབང་ Tshewang
    ལྟ་མ་ཏེ་ ཉི་མའི་རྩེ་དང་སྦྲགས་ ཉིམ་ཐོན་རན་མ་ཅིག་ཁར་ལས་ ཉིནམ་དང་དྲག་འོང་དེས་ཟེར་མས་ལོ་ལགས་ མགུ་གླང་ སྐེདཔ་བྱ་ མཇུག་སྦུལ་སྦེ་ ཏེ་ བཞེས་ཤིག་ ཨཔ་ཁྱུང་བདུད་བཞེས་ཤིག་ཟེར་རང་གཏོར་ནུག་སྦ ཏེ་ བཞེས་ཤིག་ཟེར་རང་གཏོར་ཏེ་ བཞེས་ཤིག་ཟེར་རང་གཏོར་གཏོར་ཡི་གཏོར་ཡི་ ཁོ་ཡི་ཚུར་ཚུར་ཚུར་འོང་ཡི་ ཁོ་ཡང་འདྲོག་ཅི་འདྲོག་ཅི་ རྒྱབ་བཤུད་རྐྱབ་བརྐྱ་འདྲས་བུ་ལགས་ རྒྱབབཤུད་རྐྱབ་ཅི་རྐྱབ་ཅི་རྐྱབ་ཅི་འབད།
  • ཚེ་དབང་ Tshewang
    ཏེ་ ཁྱིམ་གྱི་རྒྱབ་ལས་མར་ཏེ་ ཁྱིམ་ཐོག་ཕར་ རྒྱབ་ལུ་ཏེ་ རྫོགསཔ་མ་ཤེས་པར་ རྦབ་ཏོ་སྒྲིལ ཝང་འབྲུག་རྒྱལ་ཏེ་ རོགས་ཁྱུང་བདུད་ཀྱིས་ བསད་ནུག་བ་ཏེ་ལགས་ འ་ནཱ་ལས་ ཏེ་ ཁོང་གཉིས་འ་ནཱ་ལས་ལྟོ་ཚང་ཁ་འབྱལཝ་མས་ལགས་ གཞན་ཁོ་ཁྱུང་བདུད་བཏུལ་ ཁྱུང་བདུད་ཀྱིས་ ཁོ་སྲོག་བཅད་འབད་སྦེ་ ཏེ་ འ་ནེམ་ཅིག་ཨིན་མས་ལགས་ ཝང་འབྲུག་རྒྱལ་གྱི་གཏམ་ལོ་རྒྱུས།