Skip to main content Skip to search
19 Jan 2016
15 min 32 sec
Video Overview
Creators: 
Sherig Dhentshog

Pema Rinzin narrates an account of ULFA and Bodo Liberation Tigers Force (BLTF), the Indian insurgent militants that were secretly residing in the jungles of southern Bhutan. His Majesty the Fourth King frequently visited the area and by giving oranges to them got some idea about the number of insurgents that have been sheltering in the Bhutan. In 2003, His Majesty led the army into battle against the Indian insurgents and ejected them from bases in the southern part of the country.

༉  པདྨ་དགའ་ཚལ་རྫོང་ཁག་ ཆོས་འཁོར་གླིང་རྒེད་འོག་ལས་ པདྨ་རིན་འཛིན་གྱིས་ རྒྱ་གར་གྱི་ངོ་རྒོལ་བ་ཚུ་ འབྲུག་གི་ལྷོ་ཕྱོགས་ལུ་གཞི་བཅགས་སྡོད་མི་ཚུའི་ལོ་རྒྱུས་སླབ་མི་ནང་ ག་གིས་ཡང་ཤེས་དོ་བཟུམ་སྦེ་ ངོ་རྒོལ་བ་ཚུ་ ནགས་ཚལ་སྟུག་དྲགས་ཚུ་ནང་སྒར་བཅགས་སྡོད་ནུག་ ཟེར་ཨིན་མས། ཏེ་དེ་བསྒང་ ང་བཅས་རའི་མ་འོངས་སྔོན་གཟིགས་ཅན་གྱི་རྒྱལཔོ་ མི་དབང་མངའ་བདག་རིན་པོ་ཆེ་འབྲུག་རྒྱལ་བཞི་པ་མཆོག་གིས་ འཕྲལ་འཕྲལ་ར་ས་གནས་དེ་ནང་ལས་ཕར་བྱོན་ཏེ་ ཁོང་དང་མཇལ་ཕྲད་མཛད་དེ་ གྱངས་ཁ་གནང་ནིའི་དོན་ལུ་ ཚལ་ལུ་དང་ཨེ་པཱལ་ཚུ་གནང་རྫུ་བཏབ་སྟེ་གྱངས་ཁ་གནང་བའི་ལོ་རྒྱུས་དང་ མི་དབང་མཆོག་གིས་ ངོ་རྒོལ་བ་ཚུ་ང་བཅས་ཀྱི་རྒྱལ་ཁབ་ནང་ལས་འཐོན་འགྱོ་དགོཔ་སྦེ་ཞི་བའི་ཐོག་ལས་ག་དེམ་ཅིག་གསུངས་རུང་ཉན་མ་བཏུབ་ལས་བརྟེན་ སྤྱི་ལོ་ ༢༠༠༣ ལུ་ དགྲ་ཁག་གསུམ་གྱི་དམག་མི་ཚུའི་འགོ་ཁྲིད་མཛད་དེ་ དམག་རྐྱབ་སྦེ་དམག་གི་རྒྱལ་ཁ་ཐོབ་མི་འདི་ སྤྱིར་འཛམ་གླིང་ནང་དང་ ང་བཅས་ར་འབྲུག་མི་ཡོངས་ཀྱིས་ མི་དབང་མཆོག་ལུ་ ནམ་ཡང་བརྗེད་མ་ཚུགས་པའི་བཀའ་དྲིན་དགའ་ཚོར་བསམ་དགོཔ་ཨིན་པས།

Transcript search
No results found for this search
0 of 0
  • པདྨ་རིན་འཛིན་/ Pema Rinzin
    ལགས་སོ། ད་ལྟོ་ ནཱ་སྐྱེས་རུང་ པདྨ་རིན་འཛིན་གྱིས་ ནཱ་ཨལ་ཕ་བོ་དོའི་སྐོར་ལས་ ཨ་ཙི་ཅིག་ཞུ་ནི་ཨིན།
  • པདྨ་རིན་འཛིན་/ Pema Rinzin
    ཞུ་སྟེ་འབད་རུང་ཡང་ ཏེ་གནམ་མེད་ས་མེད་མི་ཤེས་ མ་ཤེས་ཏེ་འབད་རུང་ ཨ་ཙི་ཅིག་ཞུ་ནི་ཨིན་ཟེར་ཞུ་ནི་ཨིན།
  • པདྨ་རིན་འཛིན་/ Pema Rinzin
    ག་ཅི་སྨོ་ཟེར་བ་ཅིན་ སྐྱེས་རུང་སྡོད་ས་ལུ་ ཨལ་ཕ་བོ་དོ་ ཕར་དང་ཚུར་ལས་འོང་སྟེ་ ནཱ་ལུ་ ལེ་ཤ་ཆགས་དྲགསཔ་ལས་ ཏེ་ནཱ་ལྷོདཔ་ད།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་འབྲུག་མངའ་བདག་རིན་པོ་ཆེ་བྱོན་ཞིནམ་ལས་ ཡར་སྒར་ནང་བྱོན་སྦེ་ ཏེ་ག་ཅི་སྨོ་ཟེར་བ་ཅིན་ གྱངས་ཁ་རྐྱབ་ནི་གི་དོན་ལས།
  • པདྨ་རིན་འཛིན་/ Pema Rinzin
    ཤིང་འབྲས་ ཨེ་པཱལ་ ཚལ་ལུ་ འདི་བཟུམ་ཁོང་ཚུ་ལུ་བྱིན་ དེ་ནང་ལྷོདཔ་ད་ ཁྱེད་ཆ་ཁྱབ་ཡང་སོང་ དེ་སྦེ་དེ་ནང་མ་སྡོད་ ང་བཅས་འབྲུགཔ་གི་ཨིན།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་སྟབས་མ་བདེཝ་ཁ་བཟུམ་ཅིག་ཡང་འཐོན་འོང་ འབྲུག་རྒྱལ་ དཔོན་གྱིས་ཡང་གསུངས་ཏེ་ དེ་ལས་ཨ་ནཱ་ལས་ཡང་ ཁོང་ཚུ་གིས་ དེ་སྦེ་གསུངས་ཡི་ གསུངས་རུང་ ཁོང་ཆ་ཁྱབ་ཀྱིས་ཉན་མ་བཏུབ་པར་།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་ཧེ་མ་ ངང་ལམ་ལས་ཡར་ འབྲུག་རྒྱལ་བཞི་པ་ མར་ལས་ཡར་ལྟ་ཡང་བྱོན་ཡི་ མར་ལས་བྱོན་ཞིནམ་ལས་ དང་པ་རང་ ཕར་ལས་བྱོན་ཞིནམ་ལས།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་ཨལ་ཕ་ཡང་འཕྱད་ དེ་ལས་ཁོང་གིས་ཡང་ དེ་ལས་མ་བཏུབ་པར་ ད་རུང་ ཡར་པདྨ་དགའ་ཚལ་མར་བྱོན་ཞིནམ་ལས་ སློབ་གྲྭ་ནང་གཟིམས་ཏེ་ དེ་ནང་ལྷོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ཡང་ ཨ་ཙི་ཅིག་ཉན་མ་བཏུབ་པར་ ག་ཅི་སྨོ་ཟེར་བ་ཅིན།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་ད་ལྟོ་ འབྲུག་རྒྱལ་བཞི་པ་ དཔོན་གྱིས་ཡང་ཏེ་ ཁོ་རའི་ཐུགས་རྗེ་གནང་སྟེ་ དེ་སྦེ་གནང་གནངམ་མས་ཟེར་ཞུཝ་ཨིན།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་སྟབས་མི་བདེ་ནི་མས་ཟེར་ མི་བཞག་ནི་མས་ཟེར་མནོ་སྟེ་ དཔོན་གྱིས་ཡང་གསུངས་ཏེ་ ཁྱེད་ཚུ་ཡང་ འདི་བཟུམ་འགྱོ་དགོཔ་ཡོད།
  • པདྨ་རིན་འཛིན་/ Pema Rinzin
    འདི་བཟུམ་ ཕར་ཚུར་འགྱོ་དགོཔ་ཡོད་ ས་གོ་ཡང་འ་ནཱ་ཨིན་ འ་ནཱི་བཟུམ་སྦེ་སྡོད་དགོ་ ཡར་གདན་ཆི་ལུ་ཡང་འགྱོ་དགོ་ཟེར་གསུངས་ཏེ་ ད་ལྟོ་ཏེ་ གཉིས་སྟོང་གསུམ་ལུ་ དབྱིན་ཟླ་༡༢པ་ཏ་རེ་༡༥ ལུ་ དེ་བསྒང་ཨ་ཙི་ཅིག་འབད་ནི་ཨིན་ཟེར་གསུངས་ཡི།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་ང་འགྱོ་བའི་འགྱོ་ཐངས་འདི་ ༢༠༠༣ ཏ་རེ་ ༡༤ གི་ཉིན་མར་ ཕར་གཡང་མ་ཤིང་ཟེར་ས་ལུ་འགྱོ་འགྱཝ་ཨིན། ཏེ་འགྱོཝ་ད་ལུ་ ག་ཅི་སྨོ་ཟེར་བ་ཅིན་ མ་རསི་ཟེར་ འཕྱད་ཅི་ལགས། འ་ནཱི་མ་རསི་ཟེར་ ཀྲོབ་མདའ་འབག་མི་ཅིག་འཕྱད་ཅི།
  • པདྨ་རིན་འཛིན་/ Pema Rinzin
    ཁྱོད་ག་ཏེ་འགྱོཝ་སྨོ་ཟེར་སླབ་དེས། ང་ཤིང་ ཚལ་ལུ་སྐྱེལ་ ཤིང་འབྲས་སྐྱེལ་ ངང་ལམ་ལུ་བཙུགས་ནི་ཨིན། དེ་ནཱ་ལས་འགྱོཝ་སྦེ་ འགྱོཝ་ད་ལུ།
  • པདྨ་རིན་འཛིན་/ Pema Rinzin
    ཚལ་ལུ་ཡོད་ མར་བཙུགས་པར་འགྱོ་དོ་ཟེར་འགྱོ་ཡི། འགྱོཝ་ད་ལུ་ ཁྱོད་གཞན་གནས་ཚུལ་ག་ཅི་ཡང་མིན་འདུག་ག་ཟེར་སླབ་དེས། མིན་འདུག་ལགས་ གནས་ཚུལ་ག་ཅི་ཡང་མིན་འདུག་ཟེར་སླབ་ཅི།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ ཁོང་གཉིས་འགྱོཝ་སྦེ་ ཏེ་དེ་ལས་མར་ ཁོ་འདི་སྐྱེས་རུང་ལྟ་ཡར་སོ་ཡི་ ང་འདི་ནཱ་གཡང་མ་ཤིང་ཟེར་ས་ལུ་འོང་ཡི་ འོང་ཞིནམ་ལས་འདི་ ནཱ་ལུ་ང་གིས་ དྲོ་པ་འགྱོ་སྟེ་ མར་ཀང་རི་སེ་ཟེར་སར་ ཚལ་ལུ་འབག་འགྱོ་སྦེ་ཀང་རི་སེ་ཟེར་ས་ ལྷོདཔ་ད་ལུ་ དྲོ་པ་ཆུ་ཚོད་༩ དང་ཕྱེད་ཀ་ལུ་ལྷོད་ཅི།
  • པདྨ་རིན་འཛིན་/ Pema Rinzin
    དེ་ནང་ལྷོདཔ་ད་ལུ་ རོགས་ང་བཅས་ར་དམག་མི་ཚུ་ ཚུར་ལྟ་འོང་སྟེ་ དེ་ནང་ལྷོད་ དེ་ནང་ལྷོདཔ་ད་ལུ་ དབའེ་རྒྱ་གར་གྱི་སྒར་ནང་ ག་ཅི་ཡང་མིན་འདུག་ག་ཟེར་ ཁོང་ཚུ་གིས་ཡང་སླབ་དེས།
  • པདྨ་རིན་འཛིན་/ Pema Rinzin
    ད་ལྟོ་འདི་མིན་འདུག་ སྲུང་མི་མིན་འདུག་ སྒར་ལས་སྐད་འདི་གོཝ་མས་ཟེར་སླབ་དེས། ཡ་་་་ ཁྱོད་ཕར་སོང་ ཁྱོད་ཕར་སོང་ མགྱོགས་པར་མགྱོགས་པར་སོང་ཟེར་སླབ་དེས། དེ་ནང་ལྷོད་ཞིནམ་ལས་ ང་བཅས་ཆ་ཁྱབ་ མགྱོགས་པར་མགྱོགས་པར།
  • པདྨ་རིན་འཛིན་/ Pema Rinzin
    ཤིང་འབྲས་དོ་འབག་འགྱོཝ་སྦེ་ ཕར་རྒྱབ་ཁར་ལྷོདཔ་ད་ མར་ཨམ་ཤིང་འུང་ཟེར་སར་ དེ་ནང་འདི་ གེག་རྫས་བཏང་དེས་ ཨ་ནཱི་གེག་རྫས་བཏང་ཞིནམ་ལས་ ནཱ་ལུ་ཡང་གེག་རྫས་བཏངམ་ལས་ དེ་ལས་དང་དང་དུང་དུང་ ནཱ་ལས་ཡང་ དེ་སྦེ་ཁོང་གིས་ཡང་བཏང་དེས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་དེ་ནང་ལྷོདཔ་ད་ ང་བཅས་ཆ་ཁྱབ་ག་ཅི་ཡང་ཨིནམ་མེནམ་མ་ཤེས། ཚལ་ལུ་ ཚོང་འདི་ཕར་བཞག་ ག་ཅི་ཨིན་ན་ཡང་མ་ཤེས་པར་ དེ་ལས་འདི་ ང་གིས་བློ་གྲོས་ཅིག་བཏོན་ཡི་ཨ་ནཱི་ལུ་ ང་བཅས་ར་དམག་གསར་ཅིག་སྡོད་ཡི་ཚངས་ལ་ འ་ནཱ་ལྷོདཔ་ད་ དབའེ་ག་ཅི་སྨོ་ཟེར་བ་ཅིན།
  • པདྨ་རིན་འཛིན་/ Pema Rinzin
    ཀྲོབ་མདའ་གིས་འདི་ ཕྲང་ཕྲངམ་ཅིག་ཕོག་འོང་ གེག་རྫས་ཀྱིས་འདི་དེ་སྦེ་ཨིན། ཀྲོབ་མདའ་གིས་འདི་ མར་མི་ཕོག་ཟེར་ ཨ་རྒས་ཨང་རྒས་དག་པ་ཅིག་སྡོད་ཡི་ དེ་ནང་རྡོའི་ཟུར་ཁར་ ཨིབ་བཅུག་ཅི་ང་གིས།
  • པདྨ་རིན་འཛིན་/ Pema Rinzin
    རྡོའི་ཟུར་ཁར་ཨིབ་སྦེ་ མགུ་ཏོ་བཟུང་སྟེ་ གེག་རྫས་ཀྱིས་འབད་བ་ཅིན་ ཤི་ནི་ཐག་ཆད་ཨིན་ ཏེ་ཀྲོབ་མདའ་གིས་འདི་ ཨིན་ཅིག་མིན་ཅིག་མི་ཕོག་ཟེར་ བློ་བདེ་ ང་གིས་དེ་སྦེ་བཙུགས་སྡོད་ཅི་ལགས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ཨ་ནཱ་ལས་འདི་ ག་ཅི་སྨོ་ཟེར་བ་ཅིན་ གཞན་ང་གི་ཤུལ་ལས་འོང་མི་ཚུ་ག་ར་ ཏེ་ཁོང་ལོག་འགྱོཝ་སྦེ་ རྟ་ཚུ་འོང་སྟེ་ རྟ་གསུམ་བཞི་དེ་ཅིག་འོང་།
  • པདྨ་རིན་འཛིན་/ Pema Rinzin
    དེ་ཡང་ང་གིས་ ཁུར་ཆ་ཚུ་ཕབ་སྟེ་ རྟ་ཚུ་ཡང་བཏང་ཡི་ལགས་ལ་ལུ། ཏེ་དེ་ནང་ལྷོདཔ་ད་ལུ་ དེ་ལས་ད་རུང་ལྷོདཔ་ད་ལུ་ ང་གི་རྟ་གཅིག་འདི་ ནཱ་གཡང་མ་ཤིང་གི་རྟ་གཅིག་སྡོད་ཡི་ལགས།
  • པདྨ་རིན་འཛིན་/ Pema Rinzin
    འ་ནཱི་ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ངོ་ཤེས་ དེ་ལས་འདི་ང་གིས་ བཏགས་བཞག་ཅི་ ཏེ་གཞན་ཚུ་འདི་བཏང་ཡི་ ཁུར་ཆ་ཚུ་ཕབ་ཅི་ཕབ་ཅི་ དེ་ལས་ཨ་ནཱ་ལས་འདི་ ང་མར་ལོག་འོང་སྦེ།
  • པདྨ་རིན་འཛིན་/ Pema Rinzin
    ཨིབ་ས་ལུ་ལོག་འོང་ཞིནམ་ལས་ དེ་ལས་ཡར་ལྟ་ ད་རུང་མི་གི་སྐད་གོཝ་ད་ ཨིབ་ཅི་ཨིབ་ཅི་རང་འོང་ཡི་ ཨིབ་ཅི་ཨིབ་ཅི་འོངམ་ད་ལུ།
  • པདྨ་རིན་འཛིན་/ Pema Rinzin
    དམག་མི་གི་ཕོག་ཕོགཔ་གི་གནས་ཚལ་སྦེ་ ཁོ་མི་ག་དེ་སྦེ་ཨིན་རུང་ དམག་མི་སྤེལ་དཔོན་གྱིས་ཁྱིད་སྦེ་ རོགས་གདོང་ཁར་གསུམ་ རྒྱབ་ཁར་གཅིག་ ཏེ་བར་ན་གཉིས་བཙུགས་ཏེ་འོང་དེས་ལགས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ག་ཅི་སྨོ་ཟེར་བ་ཅིན་ ང་གིས་ ཕོ་རྒནམོ་ཁྱོད་ནཱ་བྱོན་ཤོག་ཟེར་སླབ་དེས། ཡ་བླ་མ་མཁྱེན་ནོ་ ང་གིས་འདི་མིག་གིས་རང་བལྟ་མི་ཚུགས་ཟེར་སླབ་ཅི།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་ག་དེ་སྦེ་སྨོ་ཟེར་སླབ་དེས། ཁྱོད་ཀྱིས་གྲོགས་རམ་འབད་རང་འབད་དགོ་ཟེར་སླབ་དེས་ལགས་དེ་ལས་འདི། ཡ་་་་ ང་ཡང་ཐབས་རང་མེད་པར་འབད་འབདཝ་ཨིན།
  • པདྨ་རིན་འཛིན་/ Pema Rinzin
    ག་ཅི་སྨོ་ཟེར་བ་ཅིན་ དེ་ལས་འདི་ཨ་ནཱི་ དམག་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ མགུ་ཏོ་གུ་ཕོག་སྟེ་ མིག་ཏོ་བཏོན་བཏང་ནུག་ལགས་ མིག་ཏོ་བཏོན་འབག
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ ཨ་ནཱ་ལས་འདི་སླབ་ཅི་ བླ་མ་མཁྱེན་ནོ་ ང་གིས་འདི་འབད་མི་ཚུགས་ ཁྲག་ཁོག་ཁོ་ ཅོང་ཀེ་ཅོང་ཀེ་འབག་དེས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ ཨ་ནཱི་དམག་གོ་འདི་ མ་པ་ལས་ར་ཐབས་མིན་འདུག་ ཏེ་གྲོགས་རམ་འབད་དགོཔ་འོང་ཟེར་ ཨ་ནཱི་ང་གིས་ དམག་གོ་འདི་ བཏོགས་བཅུག་ཞིནམ་ལས་ མགུ་ཏོ་དཀྲིས་སྦེ་ དེ་ལས་འ་ནཱ་ལྷོདཔ་ད་ རྟ་གུ་བཀལ་ཚུགས་ག་ཟེར་སླབ་དེས་ལགས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་རྟ་གུ་བཀལ་ བཏགས་བཞག་མི་རྟ་གུ་བཀལ་ཏེ་ བལྟབ་སྟེ་ དེ་སྦེ་མགུ་ཏོ་མར་ བཀལ་ཏེ་ རྐངམ་ལས་ ཁ་ཐབ་སྦེ་བསྡམས་སྦེ་ དེ་ནང་ལྷོདཔ་ད་ལུ་ ཁྱོད་རྒྱབ་སྐྱོར་འབད་དགོ་ཟེར།
  • པདྨ་རིན་འཛིན་/ Pema Rinzin
    ལགས་སོ། ཞུ་དགོ་པས་ཟེར་སླབ་ཅི། དེ་སྦེ་འབག་ཅི་ དེ་སྦེ་འགྱོཝ་ད་ ཧེ་མ་འདི་ མི་གསུམ་ ཧེ་མ་གཅིག་གིས་ཀྲོབ་མདའ་རྐྱབ་ འབྲུག་པའི་དམག་མི་གིས་ ཧེ་མ་གཅིག་འགྱོ། གཅིག་གིས་མར་ལམ་འོག་ལུ་ གཅིག་གིས་ལམ་ལྟག་ལུ་ དེ་ལས་ གཞན་མི་གཉིས་ལས་གཅིག་འདི་ ལགཔ་གུ་ཕོག་ནུག་ལགས།
  • པདྨ་རིན་འཛིན་/ Pema Rinzin
    འ་ནཱ་ལུ་ འ་ནཱི་ཁ་ཐུག་ལུ་ འ་ནཱི་ལུ་འདི་ ཁོ་འདི་ དམར་ཁྲ་གོ་ཅིག་གྱོན་ཏེ་འདུག་ལགས། ཏེ་ལགཔ་འ་ནཱི་སྦེ་ ཁོ་ལུ་ཕོག་ དེ་ལས་འབག་ ང་འདི་མི་ཤི་ ཏེ་ཁོ་འདི་ཐབས་རང་མིན་འདུག་ཟེར་ གཞན་མི་གཉིས་ ཨེ་ཙེ་འོག་ལགཔ་རྐྱབ་འགྱོ་སྟེ་ འགྱོ་སྡོད་ནུག་ལགས།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་གཞན་མི་གཅིག་འདི་ རྟིང་བདའ་འདུག་ལགས་དམག་མི་གཅིག་ ཨ་ནཱི་འདི་ རྒྱབ་ཁར་ཀྲོབ་མདའ་དཔག་ལམ་འགྱོ། ང་འདི་སྦུག་ལུ་སྦེ་ ང་གིས་ཨ་ནཱི་རྟ་འཁྱིད་འབག་ ཀང་ཟེ་ལས་མར་ མར་ཚུན་ཚོད་འགྱོ་ཡི་ལགས་ ག་ཅི་ལོ་ཀུ་རུང་གྲང་ཚུན་ཚོད།
  • པདྨ་རིན་འཛིན་/ Pema Rinzin
    ཀུ་རུང་གྲང་ནང་ལྷོདཔ་ད་ ཕར་ཁ་ཐུག་ལུ་ སྣུམ་འཁོར་འདུག་ལགས་ སྣུམ་འཁོར་ལྷོདཔ་ད་ ནཱ་འབག་ཤོག་ མགྱོགས་པར་མགྱོགས་པར་འབག་ཤོག་ཟེར་སླབ་དེས་ལགས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་དེ་ནང་ལྷོདཔ་ད་ ང་གིས་ཕར་ཚུན་ཚོད་སྐྱེལ་ཡི་ སྐྱེལཝ་ད་ལུ་ཏེ་ ཕར་ལྷོདཔ་ད་ རྟ་ལས་ཕབ་སྟེ་ སྣུམ་འཁོར་ནང་འབག་སོང་ཡི། ཏེ་ཁོང་དམག་མི་ཚུ་འདི་ ག་སྟེ་འགྱོ་མ་འགྱོ་རང་མ་ཤེས།
  • པདྨ་རིན་འཛིན་/ Pema Rinzin
    ཡངན་ གནམ་ཁར་འཕུར་འཕུརཝ་ཨིན་ན་ཡང་མ་ཤེས་ ས་ནང་འཛུལ་འཛུལཝ་ཨིན་ན་ཡང་མ་ཤེས་ལགས་ དེ་ནང་ལྷོདཔ་ད་ ང་རྟ་གཅིག་འཁྱིད་འོང་ཡི་ལགས། རྟ་གཅིག་འཁྱིད་འོང་ཡི་ རྟ་འཁྱིད་འོངམ་ད་ལུ་ ཆུ་བརྒལ་མ་བཏུབ་ལགས་ཁོ་གིས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ནང་ལྷོདཔ་ད་ ཨའོ་་་་་དབའེ་ ང་ཤི་ནི་ཨིནམ་འདྲས་སྨོ་ད་རེས་ཟེར་ ཧ་ལམ་ཅིག་ལས་ རྟ་ཡང་བཀོ་བཞག་སྟེ་ ང་གིས་ ལམ་བདའ་སྟེ་རང་ བཛ་གུ་རུ་བགྲངས་སྟེ་ ཡར་ཨ་ནཱི་ཀང་རི་ཟེའི་རྒྱབ་ཁར་ གཤོང་ནང་ དེ་ནང་རོགས་ཨིབ་སར་ ང་འོང་ཞིནམ་ལས།
  • པདྨ་རིན་འཛིན་/ Pema Rinzin
    དབའེ་ ཁྱེད་ཆ་ཁྱབ་ ད་འབདན་ཏེ་ ཤི་རུང་ལོང་རུང་ ཁྱད་མིན་འདུག ད་ཁྱེད་ཆ་ཁྱབ་འཐོན་སྨ་རེད་ ཤོག་ཟེར་ དེ་ལས་ ང་བཅས་ཆ་ཁྱབ་ག་ར་ མར་ལས་ཡར་ ཨང་རྒས་ཨ་རྒས་ཚུ་ བུམོ་ཚུ་ ཨམ་སྲུ་ཚུ་ག་ར་ཐོན་འོང་།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ ཨ་ནཱ་ལས་ ཏེ་ཀང་རི་ཟེ་ལུ་རང་ལྷོད་དེ་ ཀང་རི་ཟེ་ལས་ཕར་ སྦི་དུང་རི་བསྐོར་ཏེ་ སྦི་དུང་རི་བསྐོར་ཏེ་ སྦི་དུང་རི་བསྐོརཝ་ད་ལུ་ ཁོང་ཨ་ནཱ་ལུ་ སྦི་དུང་རི་གི་མི་ཚུ་ ནཱ་ལས་བལྟཝ་ད་མཐོང་དེས་ལགས།
  • པདྨ་རིན་འཛིན་/ Pema Rinzin
    མཐོངམ་ད་ ང་བཅས་ལྷོདཔ་ད་ ག་ཏེ་འགྱོ་མ་འགྱོ་རང་མིན་འདུག དེ་ནང་ལྷོདཔ་ད་ ཁོང་ག་ཏེ་འགྱོ་ནུག་ག་བལྟ་སྟེ་འགྱོ་ ཡར་སྨན་ཆུ་ཐོན་ སྨན་ཆུ་ཐོན་སོང་ཡི་ལགས།
  • པདྨ་རིན་འཛིན་/ Pema Rinzin
    ལ་ཆ་དབང་འདུས་ཟེར་མི་གི་ཁྱིམ་ནང་ ག་དེམ་ཅིག་སྦེ་འོང་ཡི་ཟེར་སླབ་དེས། ཏེ་དེ་ནང་ལྷོདཔ་ད་ལུ་ ཨའེ་་་ ང་བཅས་ཆ་ཁྱབ་ཕར་ལས་ ཚལ་ལུ་འབག་འོངམ་ད་ ཨ་ཙི་ཅིག་སྟབས་མ་བདེཝ་ཐོན་འོང་ཡི་ ང་བཅས་ཆ་ཁྱབ་ཡར་ཚལ་མ་ནང་ལས་འོང་ཡི་སླབ་ད་ དེ་ལས་ ང་བཅས་ཆ་ཁྱབ།
  • པདྨ་རིན་འཛིན་/ Pema Rinzin
    ཨ་ར་ཅིག་ སྦང་ཆང་ཅིག་ ཨ་ར་ཅིག་ ཨ་ཙི་ཅིག ཁོང་གིས་ འུ་སྡུག་ནུག་ཟེར་བྱིན་ འདི་འཐུང་སྦེ་ དེ་ལས་ ཡ་ཁྱེད་ཆ་ཁྱབ་མར་འོང་དགོ་ཟེར་ མར་ངང་ལམ་ལུ་རང་ འོང་དགོ་ཟེར་ ང་བཅས་ཆ་ཁྱབ་ ངང་ལམ་ལུ་ དུས་འཕྲོ་ལས་རང་ ཨ་ཙི་ཅིག་ངལ་གསྲོ་སྦེ་ དུས་འཕྲོ་ལས་རང་ ངང་ལམ་ལུ་འགྱོ་ཡི་ལགས།
  • པདྨ་རིན་འཛིན་/ Pema Rinzin
    ངང་ལམ་འགྱོ་སྦེ་ དེ་ལས་མར་ལྷོདཔ་ད་ལུ་ དེ་ལས་མར་ལྷོདཔ་ད་ལུ་ ང་རའི་ཧེ་མ་ ཧེ་མ་རང་ བརྒྱུད་འཕྲིན་ནང་ འ་ནཱི་མི་ཤི་ཚར་ནུག་ ག་ར་མི་ཤི་ཚར་ནུག གནམ་མེད་ས་མེད་ཤི་ཚར་ནུག་ཟེར་ ཤི་ཚར་ནུག་ཟེར་ཁོང་གནས་ཚུལ་གོ་ནུག
  • པདྨ་རིན་འཛིན་/ Pema Rinzin
    དེ་ནང་ལྷོདཔ་ད་ ང་མར་ ངང་ལམ་ཁྲོམ་ཁར་ལྷོདཔ་ད་ལུ་ ཁོང་ཚུ་གིས་སླབ་དེས། ཁྱོད་ག་དེ་སྦེ་སྨོ་དབའེ་ ཕར་སྡོད་ཡི་ལོ མེན་ན་ འོང་ཡི་ལོ་མེན་ན་ དེ་སྦེ་འབད་ཡི་ལོ་མེན་ན་ འཕྱད་ཅི་ག་ ཤི་ཡི་ག་ མི་འཕྱད་ཅི་ལོ་མེན་ན་ཟེར་སླབ་དེས།
  • པདྨ་རིན་འཛིན་/ Pema Rinzin
    མེད་ འཕྱད་ནི་འདི་འཕྱད་ཅི་ དང་དང་དུང་དུང་འདི་འབད་དེས་ མི་མ་འཕྱད་ ག་ཅི་སྦེ་ཟེར་བ་ཅིན་ ང་བཅས་ཆ་ཁྱབ་འདི་ ཡར་ལས་བསྐོར་ཏེ་འོང་འོངམ་ཨིན་ཟེར་ ང་གིས་ ཕར་ཁྲོམ་ཁ་ལུ་ཡང་ཞུ་ཡི་ དེ་སྦེ་ཞུ་སྟེ་ དེ་སྦེ་ཁོང་ཆ་ཁྱབ་ལུ་ཡང་ཞུ་སྟེ་ འབད་ཡི་ལགས། དེ་ལས་དེ་ནང་ལྷོདཔ་ད་ལུ་ ང་བཅས་ ཞག་བཅོ་བརྒྱད་ མར་དྲུང་ཁག་ ངང་ལམ་ལུ་སྡོད་ཡི་ལགས།
  • པདྨ་རིན་འཛིན་/ Pema Rinzin
    ག་ཅི་སྦེ་ཟེར་བ་ཅིན་ མར་ཁུག་ཡང་གནང་ ཆུམ་རེ་སྲང་༡༢ དེ་རེ་གནང་ནུག་ལགས། དེ་ལས་ནང་ལྷོདཔ་ད་ ང་བཅས་ཆ་ཁྱབ་ནཱ་ གཡང་མ་ཤིང་གི་སྤྱི་འོག་ལས་ནཱ་ལས་ ང་བཅས་བསྡོམས་ཅི་ལགས།
  • པདྨ་རིན་འཛིན་/ Pema Rinzin
    ག་ཅི་སྨོ་ཟེར་བ་ཅིན་ ང་རའི་ཨ་ལོ་འདི་ ཧེ་མ་ཨང་རྒས་དང་ཨ་རྒས་གཅིག་ཁར་ ཡར་གདན་ཆི་ལུ་སོང་ཡི་ལགས། དེ་ལས་སོངམ་ད་ གདན་ཆི་སོང་ཡི་ དེ་ལས་ལྷོདཔ་ད་ ང་འདི་མར་ལྟ་ཚུད་སོང་ཡི།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ ཨ་ནཱ་ལས་འདི་ ཏེ་ང་བཅས་རའི་ཨ་ལོ་ལུ་ གཅེས་གཅེས་ཕངས་ཕངས་འབད་དགོཔ་ལས་བརྟེན་ ཨ་ཙི་ཅིག་མར་ང་བཅས་ཀྱིས་ དྲག་ཤོས་དྲུང་པ་ལུ་ཡང་ཞུ་ཡི།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་ག་ཅི་སྨོ་ཟེར་བ་ཅིན་ འདི་བཟུམ་ཡར་སོང་ནུག་ ག་དེ་སྦེ་སྨོ་ ཡར་འགྱོཝ་ད་ འགྱོ་ཚུགས་ག་ཟེར་གསུངས་དེས་ལགས། དེ་ལས་ ང་བཅས་ཆ་ཁྱབ་ འབད་ཚུགས་ ང་བཅས་ཆ་ཁྱབ་ཀྱིས་ ཐག་བཅད་ནི་ཟེར་ཞུ་ཡི་ དེ་ལུ་ཡང་ ང་བཅས་བདུན་འོང་ཡི་ལགས་ནཱ།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་ག་ཅི་སྨོ་ཟེར་བ་ཅིན་ མར་ལས་འོང་ མར་རུང་དུར་བུ་ལུ་ལོག་སྟེ་ ཀང་རི་ཟེ་ལས་འོང་ དེ་ལས་ ཏེ་གྱི་ཅུང་ དཔའ་རྟགས་ འདི་བཟུམ་ཀྲོབ་མདའ་ཡོད་པ་ཅིན་ མ་དཀྲོགས་ཤིག་ དཔའ་རྟགས་མེད་པ་ཅིན་ ཁྱེད་ཚུ་གིས་བཟུང་སྟེ་ དུས་འཕྲོ་ལས་འབག་ཤོག་ཟེར་ མར་ལས་གསུངས་དེས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་སླབ་ཅི་ ཡ་ཡ་ཨིན་ ང་བཅས་ཆ་ཁྱབ་ཀྱིས་འབད་ཚུགས་ཟེར་ ཁྱེད་ཆ་ཁྱབ་ཀྱིས་འབད་ཚུགས་ག་ཟེར་སླབ་དེས། ཐད་རི་བ་རི་འབད་ཚུགས་ལགས། ཏེ་ག་དེ་སྨོ་ཟེར་བ་ཅིན་ ཁྱེད་ཆ་ཁྱབ་ཚར་གཅིག་སོང་ཟེར་ ཡར་ལྟ་འོང་ཡི་ང་བཅས་ཆ་ཁྱབ་ ང་བཅས་གསུམ་འོང་ཡི་ལགས།
  • པདྨ་རིན་འཛིན་/ Pema Rinzin
    ང་བཅས་ཆ་ཁྱབ་འོང་ཞིནམ་ལས་ ནཱ་གཡང་མ་ཤིང་ཟེར་ས་ལུ་ ང་བཅས་ཆ་ཁྱབ་ནུབམོ་གཅིག་ཉལ་ཡི་ ནུབམོ་གཅིག་ཉལ་སྦེ་ དེ་ལས་ཨ་ནཱ་ལས་འདི་ཏེ་ ཕར་ལས་འབད་སྐྱེས་རུང་ཟེར་ས་ལས་བསྐོར་ཏེ་མར་ དྲག་ཤོས་འབད་སར་ཡང་བཅར་ཡི་ད་རུང་།
  • པདྨ་རིན་འཛིན་/ Pema Rinzin
    བཅར་ཏེ་ ཡ་ ཁྱེད་ཆ་ཁྱབ་ཀྱིས་ག་དེ་སྦེ་སྨོ་ཟེར་སླབ་དེས་ གནས་ཚུལ་ག་དེ་སྦེ་སྨོ་ཟེར་ དྲག་ཤོས་ མིན་འདུག་ལགས་ འ་ནཱི་ ཨལ་ཕ་ཚུ་གཅིག་ཡང་མ་འཕྱད་ཟེར་སླབ་དེས(སླབ་ཅི)། ཐད་རི་བ་རི་མ་འཕྱད་ག་ཟེར་སླབ་དེས།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་ནོར་སེམས་ཅན་ཚུ་ ཤིང་འབྲས་ཚུ་ག་དེ་སྦེ་འདུག་ཟེར་སླབ་ད་ ཤིང་འབྲས་ཤིང་ཚུ་འདི་ ག་ཅི་སྦོ་ཟེརཝ་ད་ ནོར་སེམས་ཅན་གྱིས་ཟ་ཚར་ནུག དེ་ལས་ག་དེ་སྦེ་སྨོ་ཟེརཝ་ད་ འ་ནཱི་ལུ་འདི་ གཞན་ལུ་འདི་མིན་འདུག་ཟེར་སླབ་དེས། ཐད་རི་བ་རི་འབད་ཚུགས་ག་ཟེར་གསུངས་དེས་དྲག་ཤོས་ཀྱིས། དེ་ལས་དེ་ནང་ལྷོདཔ་ད་ ཡ་ཡ།
  • པདྨ་རིན་འཛིན་/ Pema Rinzin
    ནངས་པར་གནངས་ཚེ་ ང་གིས་བལྟ་གེ་སྨེ་ ཏེ་ཁྱེ་ཆ་ཁྱབ་དེ་སྦེ་ཨིན་སྨེ་ དེ་ལས་ཡར་ གདན་ཆི་ལུ་ རྫོང་བདག་ལུ་ ང་བཅས་ཀྱི་མི་བདུན་འོང་དོ་ཡར་ ཏེ་འ་ནཱི་འདི་ཏེ་ ཁྱེད་ཀྱིས་ ཡར་རྒྱབ་སྐྱོར་འབད་ཟེར་ དྲག་ཤོས་ཀྱིས་གསུངས་ཏེ་འདུག་ལགས།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་ག་ཅི་སྨོ་ཟེར་བ་ཅིན་ དེའི་སྐབས་ ཡ་ཁྱེད་ཆ་ཁྱབ་འགྱོ་ཚུགས་པ་ཅིན་ ཁྱེད་ཆ་ཁྱབ་སོང་སྨ་རེད་ཟེར་ དེ་ལས་ད་རུང་ ཁ་ཙ་ཁ་ཉིནམ་བཟུམ་སྦེ་གཟུང་ཚུགས་པ་ཅིན་ བཟུང་སྟེ་རང་འབག་ཤོག་ བཟུང་མ་ཚུགས་པ་ཅིན་ མ་དཀྲོགས་སྨ་རེད་ ཙང་བཞག་ཟེར་དེ་སྦེ་གསུངས་དེས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ཨ་ནཱ་ལས་ང་བཅས་ཆ་ཁྱབ་ཀྱིས་དེ་ལས་ཡར་ གདན་ཆི་ལུ་སོང་ཡི་ལགས། གདན་ཆི་ལུ་སོངམ་ད་ ཡར་ལྷོདཔ་ད་ ཨ་ལོ་སྡོད་སར་ལྷོདཔ་ད་ ཨ་ལོ་ཚུ་གིས་ དེ་སྦེ་ཕ་མ་སྤུན་ཆ་ཨ་ཙི་ཅིག་ ཁ་འབྱལཝ་ལས་ ཨ་ཙི་ཅིག་སྟབས་མ་བདེ་བར་ ག་ཅི་སྨོ་ཟེར་བ་ཅིན།
  • པདྨ་རིན་འཛིན་/ Pema Rinzin
    མ་འགྲིགས་པར་སྔུཝ་འགྱོཝ་མས་བ། དེ་ནང་ལྷོདཔ་ད་ ཡར་ལྷོདཔ་ད་ང་བཅས་ཆ་ཁྱབ་འགྱོ་ཡི་ འགྱོ་སྦེ་རྫོང་བདག་གཅིག་ཁར་ཡང་ གསུང་གྲོས་གནང་སྟེ།
  • པདྨ་རིན་འཛིན་/ Pema Rinzin
    ཁོ་གིས་གསུངས་ཏེ་ འདི་བཟུམ་ཨིན་ མར་ལས་ག་དེ་སྦེ་འོང་ཡི་ འ་ནཱི་བཟུམ་ ག་དེ་སྦེ་འོང་ཡི། ཨིན་ ང་བཅས་ཆ་ཁྱབ་ ཚར་གཅིག་ནཱ་ལྷོདཔ་སྦེ་འོང་ཡི་ ཏེ་འོང་འོངམ་ཨིན་ལགས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ད་རུང་ལོག་འགྱོཝ་སྦེ་ མར་ག་བཟུམ་འདུག་ཟེར་སླབ་སྟེ་ ལོག་སྟེ་ཡར་འགྱོ་ཚུགས་ག་ཟེར་ དྲག་ཤོས་ཀྱིས་ཡང་གསུངས་དེས། ཏེ་རྫོང་བདག་ལུ་ཡང་ འ་ནཱི་སྦེ་ཞུ་ཡི་ ང་བཅས་ཆ་ཁྱབ་ ངོ་སྤྲོད་ཚར་གཅིག ཡར་ནུབམོ་གཉིས་ཀྱི་བཀའ་རྒྱ་རྐྱངམ་ཅིག་སྡོད་ཡི་ལགས་མར་ལས་ དྲག་ཤོས་ཀྱིས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ཨ་ནཱ་ལས་འདི་ ཡར་ལྷོདཔ་ད་ ང་བཅས་ཆ་ཁྱབ་ ནུབམོ་གསུམ་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ཙི་ཅིག་ལུས་སོང་ཡི་ལགས། དེ་ནང་ལྷོདཔ་ད་ འ་ནཱི་མི་ཚུ་ ཧེ་མ་ལས་རང་མ་འགྱོ་བས་ག་ཅི་ཨིན་ན།
  • པདྨ་རིན་འཛིན་/ Pema Rinzin
    ཏེ་བཀའ་རྒྱ་ཡང་ མར་ རྫོངས་བདག་གིས་ཡང་ དྲག་ཤོས་དྲུང་པ་ལུ་ལྷོད་ནུག་ལགས་ འ་ནཱི་བཀའ་རྒྱ་འདི། དེ་ལས་ཨ་ནཱི་ང་བཅས་ཆ་ཁྱབ་ལྷོདཔ་ད་ལུ་ ནངས་པར་གྱི་ཚེ་ ང་བཅས་ཆ་ཁྱབ་ཡར་ལས་ དྲོ་པ་ མར་ལྟ་ཕྲངམ་ཕྲང་སར་འོང་ཡི་ལགས་ཁྱིམ་ནང་ མར་ལྟ་སྟེ་ མར་ལུ་འགྱོ།
  • པདྨ་རིན་འཛིན་/ Pema Rinzin
    མར་ལས་ ཡར་ལས་ མར་ལྟ་ ངང་ལམ་དྲག་ཤོས་དྲུང་པ་འབད་སར་བཅར་ཡི་ལགས་ད་རུང་། བཅརཝ་ད་ ཡ་ག་དེ་སྦེ་སྨོ་ ག་དེ་སྦེ་འདུག་གནས་ཚལ་ཟེར་སླབ་དེས། མིན་འདུག་ལགས་ ད་ལྟོ་འདི་ག་ཅི་ཡང་མིན་འདུག་ཟེར་སླབ་ཅི།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ད་རུང་ ཡ་ཁྱེད་ཆ་ཁྱབ་ཀྱིས་འགྱོ་ཚུགས་པས་ག་ཟེར་ དེ་ཚེ་དམག་མི་བཅུ་གཅིག་་་་་་ བཅུ་ཐམ་ཨིན་ལགས། དེ་ནང་ལྷོདཔ་ད་ང་བཅས་ ཕོ་རྒྱ་བདུན་ ཨམ་སྲུ་ལྔ་ དེ་ནང་ལྷོདཔ་ད་ ཁྱེད་ཆ་ཁྱབ་འགྱོ་ཚུགས་ག་
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ཡར་ཏེ་ རོགས་ཡར་ལས་མར་འབག་འོང་དོ་ཟེར་ དེ་ཡང་ཞབས་བསྐྱལ་ང་བཅས་ཀྱིས་བསྐྱལ་ཡི་ལགས་ ཁྱིམ་ནང་ ག་ཅི་ལོ་ ཡར་འུང་བོ་རང་ཚུན་ཚོད།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ཡར་ལས་ རྩིས་ཡར་ལས་ལེན་ཏེ་ རྩིས་ག་ར་མར་ ནཱ་ལས་ ཏེ་དྲུང་ཁག་ལས་ མི་རྩིས་འགོ་དཔོན་ ཁོང་ཚུ་བྱོན་ཏེ་ རྩིས་ལེན་ མར་ལྟ་ ཡར་འུང་བོ་རང་ཚུན་ཚོད་ དེ་ཡང་ཞབས་བསྐྱལ་བསྐྱལ་ཏེ་ མར་ལུ་འོང་ཡི་ལགས།
  • པདྨ་རིན་འཛིན་/ Pema Rinzin
    དེ་ལས་ཨ་ནཱ་ལས་རྐྱངམ་ཅིག་ ཏེ་ང་གི་སྐྱེས་རུང་ལུ་ལྷོད་ སྐྱེས་རུང་ལུ་ ནུབམོ་ ཁོང་དམག་མི་དྲག་ཤོས་ཚུ་ཡང་ཕར་གཟིམས་ཏེ་ དེ་ལས་ སྡོད་ཡི་ལགས། དེ་ལས་རྫོགས་སོ་ཡི་ཟེར་ཞུ་ནི་ཨིན་ལགས།
  • པདྨ་རིན་འཛིན་/ Pema Rinzin
    ང་གིས་དེ་ཅིག་ཞུ་ནི་ཨིན་ལགས།། །།